ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ།

《སྨོན་ལམ་ཚིག་མཛོད་ཆེན་མོ》རུ་གསལ་པ་ལྟར་ན། རབ་བྱུང་གཉིས་པའི་ལྕགས་སྟག་ཕྱི་ལོ་ ༡༡༡༠ ལོར་མདོ་ཁམས་ལྷོ་རྒྱུད་དུ་ཡབ་ཝེ་ན་ཨ་ཐར་དང་། ཡུམ་བཙུན་ནེ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དགུ་པར་བྱ་ཁྱི་ལྷ་ཁང་དུ་མཁན་པོ་ཚུལ་ཁྲིམས་དང་། སློབ་དཔོན་འོད་ཟེར་རྒྱ་མཚོ་ལས་རབ་ཏུ་བྱུང་། ཡི་གེ་དང་ལྷ་བྲིས་མ་བསླབ་ཀྱང་མཁྱེན། ཁམས་སུ་བཤེས་གཉེན་བཅུ་དྲུག་ཙམ་བསྟེན། ཐུན་མོང་རིག་གནས་དང་། ཐུན་མིན་གྱི་གཞུང་ལུགས་ཁག་སྦྱངས། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས། སྟོད་ལུང་རྒྱ་དམར་བ་དང་། ཕྱ་པ་ཆོས་ཀྱི་སེང་གེ་ལས་དབུ་ཚད་སོགས་གསན། ཉེར་ལྔ་པར་བྱ་འདུལ་གྱིས་མཁན་པོ་མཛད་ནས་བསྙེན་པར་རྫོགས། མཁན་པོ་དེ་བ་ལས་འདུལ་བ་དང་། ཨར་ལས་ཕར་ཕྱིན། མྱང་བྲན་ལས་སྤྱོད་འཇུག་མང་དུ་གསན། དམར་ཆོས་ཀྱི་རྒྱལ་མཚན་ལས་བདེ་མཆོག་ཞུས། དཔལ་ཆེན་རྒྭ་ལོ་དང་། ས་ཆེན་ཀུན་དགའ་སྙིང་པོ་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན། ཞེ་གཅིག་པར་སྒམ་པོར་དྭགས་པོ་རིན་པོ་ཆེ་ལས་གདམས་ངག་གསན། ཞེ་དགུ་པ་ཕྱི་ལོ་ ༡༡༥༨ ལོར་ཕག་མོ་གྲུ་པ་ཀུན་བཟང་ནགས་ཁྲོད་དུ་དགོན་པ་བཏབ། ལོ་བཅུ་གསུམ་ཙམ་དུ་གདན་ས་བསྐྱངས། དེའི་བརྒྱུད་པ་ལ་ཕག་གྲུ་བཀའ་བརྒྱུད་དུ་གྲགས། བཀའ་བརྒྱུད་ཆུང་བ་ཚང་མ་འདི་ལས་གྱེས། རབ་བྱུང་གསུམ་པའི་ལྕགས་སྟག་ཕྱི་ལོ་ ༡༡༧༠ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་སྟག་ལུང་ཐང་པ་བཀྲ་ཤིས་དཔལ། གླིང་རས་པདྨ་རྡོ་རྗེ། སྤར་ཕུ་བ་བློ་གྲོས་སེང་གེ མཆན་བུ་རྒྱ་རས་བཅས་ཡིན།

འབྲི་གུང་ཨ་ཕྱི་དྲ་ཚིགས་སུ་གསལ་པ་ལྟར་ན། མཉམ་མེད་སྒམ་པོ་པ་དེ་ཉིད་ཀྱི་སློབ་མའི་གཙོ་བོ་སངས་རྒྱས་འཁོར་བ་འཇིག་གི་རྣམ་འཕྲུལ་རྩོད་མེད་དུ་གྲགས་པ་འགྲོ་མགོན་ཕག་མོ་གྲུ་པ་ནི། མདོ་ཁམས་རྨེ་མདོར་ཞེས་བྱ་བའི་སའི་ཐིག་ལེ་འབྲི་ལུང་རྨེ་ཤོད་སྟག་ངོས་སབ་ཁང་བྱ་བ་དེར། གདུང་དབའས་ཀྱི་རིགས་བརྒྱུད་ལས་ཡབ་ཝེ་ན་ཨ་ཐར་དང༌། ཡུམ་རེ་འབྱེ་བཟའ་བཙུན་ནེ་བྱ་བའི་སྲས་སུ་འདས་རྗེས་ཆིག་སྟོང་དྲུག་བརྒྱ་དང་བཞི་པ་རྣམ་འགྱུར་ཞེས་པ་ལྕགས་སྟག་ལོར་སྐུ་བལྟམས་ཏེ། སྔོན་གྱི་དུས་སུ་ནགས་ཀྱི་ནང་དུ་སྤྲེའུར་འཁྲུངས་ནས། སྦྲུལ་གདུག་ཅན་བསད་པའི་རྣམ་སྨིན་གྱིས་ད་ལྟ་ཡང་སྐུ་སྟོད་ལ་གཟེར་ཟུག་འབྱུང་བ་དང༌། སྔོན་གྱི་གནས་དུ་མ་ཞིག་རྗེས་སུ་དྲན་ཏེ། དགུང་ལོ་གསུམ་གྱི་ཚེ་ཡབ་ཡུམ་གྱིས་རྨེ་ཤ་དྲངས་པས་འགྲིབ་པར་གྱུར་ཏོ། །དེ་ནས་འཕྲལ་དུ་ཡབ་ཡུམ་ཀྱང་འཆི་བདག་གི་བ་མོས་ནོངས་པར་གྱུར་པའི་འོག་ཏུ་དགུང་ལོ་དགུ་ལོན་པའི་ཚེ། མཁན་པོ་ཚུལ་ཁྲིམས་འབར་གྱི་དྲུང་དུ་རབ་ཏུ་བྱུང་བར་མཛད་དེ། མཚན་ཡང་རྡོ་རྗེ་རྒྱལ་པོར་གསོལ་བར་གྱུར་ནས། རིམ་གྱིས་ཡིག་ཀློག་དང་ལྷ་རིས་སོགས་ལ་བྱང་བར་མཛད་ནས། སྐུ་ལུས་ཀྱང་ཚན་པོ་ཆེ་དྲི་མ་མེད་པའི་སྟོབས་དང་ལྡན་པར་གྱུར་ཅིང༌། ཡོངས་འཛིན་བཅུ་དྲུག་གི་ཞབས་སྤྱི་བོར་བླངས་ཏེ་མདོ་རྒྱུད་ཀྱི་དོན་ལ་སྦྱངས་ཤིང༌། དགུང་ལོ་ཉེར་གཉིས་བཞེས་པའི་ཚེ། སྦས་རྡོ་རྗེ་དང་བསྡོངས་ནས་དབུས་སུ་བྱོན་པའི་ལམ་དུ། རྗེ་བཙུན་མི་གཡོ་བ་ལ་སོགས་པ་ཡི་དམ་དུ་མའི་ཞལ་གཟིགས་ཤིང༌། རིམ་གྱིས་གསང་ཕུའི་གཙུག་ལག་ཁང་དུ་བྱོན་ནས། དགེ་བའི་བཤེས་གཉེན་སྟོད་ལུང་རྒྱ་དམར་བའི་དྲུང་དུ་གཏན་ལ་ཕབ་ནས། ཕར་ཚད་དང་དབུ་མའི་ཚོགས་ལ་མཁས་པར་མཛད་དོ། །ཟུར་ཆོས་པ་རྣམས་ལ་ཡང་གསན་པར་མཛད་དོ། །རེ་ཞིག་གྲོགས་མཆེད་འགའི་རྐྱེན་ལ་བརྟེན་ནས་འབྲོག་པའི་གཡག་བརྐུས་ཏེ། བཤེས་གཉེན་ཆད་པའི་ར་མདའི་དོན་དུ་བྱོན་པ་ལ་སྡིག་པ་ཆེན་པོ་བསགས་ཏེ། ལོ་དུ་མའི་བར་དུ་བཤགས་པ་མཛད་ཅིང༌། ཕྱིས་དགུང་ལོ་ཉེར་ལྔ་པ་ལ་ཟུར་ཕུའི་གཙུག་ལག་ཁང་དུ། བྱ་འདུལ་བ་འཛིན་པ་ཆེན་པོས་མཁན་པོ་མཛད་ཅིང༌། སྟོད་ལུང་རྒྱ་དམར་བས་སློབ་དཔོན་དང༌། ཨར་གྱིས་གསང་སྡེ་མཛད། དགེ་འདུན་གྲངས་ཚང་གི་དབུས། བསྟན་པ་ལ་ཡོངས་སུ་རྫོགས་པར་མཛད་དོ། །དེའི་རྗེས་སུ་མཁན་སློབ་དེ་རྣམས་ཀྱི་མདུན་དུ་འདུལ་བའི་སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མཛད་དེ། །མཁས་པའི་གྲགས་པས་ནི་ས་སྟེང་ཐམས་ཅད་ཁྱབ་པར་གྱུར་ཏོ། །གསུང་རབ་ཀྱི་དོན་ལ་ངོམས་པ་མེད་པའི་བརྟུལ་ཞུགས་ཀྱིས། དགེ་བའི་བཤེས་གཉེན་བྱ་ཡུལ་བ་ལ་སོགས་པའི་མཁས་པ་རྣམས་ལ་བཀའ་གདམས་གཞུང་དྲུག །གདམས་ངག་དང་བཅས་པ་མ་ལུས་པ་མནོས། དེ་ནས་དམར་ཆོས་ཀྱི་རྒྱལ་པོ་ལ། ཇོ་བོ་ནཱ་རོ་པ་ནས་བརྒྱུད་པའི་བདེ་མཆོག་རྩ་རྒྱུད་མན་ངག་དང་བཅས་པའི་དོན་རྣམས་ཆུབ་པར་མཛད་དེ། དེ་འོག་ཏུ་དཔལ་ཆེན་པོ་རྒ་ལོའི་དྲུང་དུ། བདེ་མཆོག་ལྷ་ལྔ། དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒྲུབ་དཀྱིལ། མན་ངག་དང་བཅས་པ་མ་ལུས་པ་གསན་ཅིང༌། གཞན་ཡང་དགེ་བའི་བཤེས་གཉེན་ཀུན་དགའ་སྙིང་པོ། བུ་སྒོམ། ཇོ་མོ་ལྷ་རྗེ་ལ་སོགས་ལས་ལམ་འབྲས་ཀྱི་སྐོར་རྣམས་གསན། བྱང་སེམས་ཟླ་བ་རྒྱལ་མཚན། ཉང་སྒོམ་སངས་རྒྱས། དམྱལ་ཆུང་རྣམས་ལས་གསང་སྔགས་ཀྱི་གནད་དུ་མ་འདུས་པ། ཐབས་ལམ་གྱི་སྐོར་རྣམས་གསན་པའི་ཚེ། ངམ་ཤོད་རི་ནག་གི་དྲུང་དུ་འགྲོ་དོན་དུ་མ་ཡོང་བའི་ལུང་བསྟན་ཁྱད་པར་ཅན་ཡང་ཐོབ། དེ་ནས་རྒྱལ་བ་ཐམས་ཅད་གཅིག་འདུས་པའི་ངོ་བོ། ལྔ་བརྒྱ་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ། མཉམ་མེད་དྭགས་པོ་ལྷ་རྗེའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ། ཡན་ལག་མཆོག་གི་གཙུག་གི་ནོར་བུས་བཏུད་དེ། མཎྜལ་ཕུལ་ཞིང་དད་པའི་ཡིད་ཀྱིས་ཀླུ་དབང་མཆི་མའི་རྒྱུན་གྱིས་བརྣངས་བཞིན། ཐུན་མོང་མ་ཡིན་པའི་དད་པ་ལྷག་པར་སྐྱེས། སྔོན་གྱི་ལོ་རྒྱུས་རྣམས་དང་ལྷག་པར་ཞི་གནས་ཀྱི་ཏིང་ངེ་འཛིན་བཟང་པོ་ཡོད་ཚུལ་ཞུས་པས། དེ་ལ་ཡོན་ཏན་དུ་བརྩིའམ་གསུངས་ཅེས་ལན་གསུམ་མཐར། དེ་བས་ཟན་རྡོག་འདི་ཙམ་ཞིག་མི་དགའ་རེ་ཞེས་ཕྱག་བརྡའ་དང་བཅས་པ་མཛད་པས། ཞི་གནས་ཀྱི་ཉམས་འཐུག་པོ་དེ་ཧྲུལ་གྱིས་ཞིག །ད་ཁྱོད་རང་ཕ་གིའི་ཁར་སྡོད་ལ་སེམས་མ་བཅོས་པར་མཉམ་པར་ཞོག་གསུངས་པས། ཕྱག་རྒྱ་ཆེན་པོའི་དོན་གྱི་ཡེ་ཤེས་མངོན་དུ་གྱུར། གཟིམ་སྤྱིལ་གཉིས་འཇའ་འོད་ཀྱིས་འབྲེལ་ཞིང༌། ཆོས་ཐམས་ཅད་ཀྱི་ཡིན་ལུགས་མ་ནོར་བར་ཐུགས་སུ་ཆུད། སྒམ་པོ་ཉིད་དུ་བཞུགས་པས། ཉིད་དང༌། དུས་གསུམ་མཁྱེན་པ། སྒོམ་པ་ཤྭ་སྟོན་གསུམ་ལ་ཁམས་པ་མི་གསུམ་དུ་གྲགས་ཤིང༌། བསད་པ་གསོ་བ་སོགས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་བསྟན། མཉམ་མེད་དྭགས་པོ་ཞིང་གཞན་དུ་གཤེགས་ནས་ཀྱང༌། ལོ་གཅིག་བར་དུ་བཞུགས་ཤིང་དགོངས་རྫོགས་ཀྱི་ཞབས་ཏོག་མཛད། དེ་ནས་བླ་མས་ལུང་བསྟན་ནས་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བྱོན། བྲག་ཁ་བའི་བཙད་པོས་སྦྱིན་བདག་བགྱིས་ཏེ། གདན་ས་ཆེན་པོ་དཔལ་གྱི་ཕག་མོ་གྲུའི་དགོན་གནས་བཏབ་སྟེ། འཕྲིན་ལས་ཚད་མེད་པ་རྒྱས། སློབ་མ་གདུགས་ཐོགས་ལྔ་བརྒྱ་འདུས་པ་ལས་གཙོར་གྱུར་པ། ཐུགས་སྲས་བརྒྱུད་འཛིན་མཐར་ཕྱིན་གསུམ་ནི། རྟེན་འབྲེལ་མཐར་ཕྱིན་འབྲི་གུང་པ། ཆོས་གུས་མཐར་ཕྱིན་སྟག་ལུང་པ། རྟོགས་པ་མཐར་ཕྱིན་ཕུ་བའོ། །ཞེས་གྲགས། གཞན་ཡང་འབྲི་སྟག །འབྲུག་པ། ཚལ་པ། གཡའ་བཟངས། ཁྲོ་ཕུ། ཁམས་སུ་དམར་ཡེལ་སོགས་བཀའ་བརྒྱུད་ཐམས་ཅད་ཀྱི་ཆུ་མགོ་ལྟ་བུ་ཡིན་ཅིང་ཡོངས་ཀྱི་བཤེས་གཉེན་ཆེན་པོ་གཤེན་གྲོང་པ་དང་མཇལ་བའི་དུས་སུ་མཉམ་མེད་བླ་མ་རིན་པོ་ཆེ་དྭགས་པོ་ལྷ་རྗེ་དང༌། ས་ཆེན་ཞལ་སྤྲོད་མཛད་པའི་དབུས་སུ་དམ་པ་སངས་རྒྱས་ཀྱི་སྐུ་བྲིས་པའི་རས་བྲིས་གཅིག་ཡོད་པ་གཤེན་གྲོང་པས་གཟིགས་ནས་རྒྱུ་མཚན་ཞུས་པས། དམ་པས་ཚེ་རབ་དུ་མར་རྗེས་སུ་བཟུང༌། ཁྱད་པར་དུ། ཉང་སྟོད་རྩིབས་ཀྱི་ལྷ་ཁང་དུ་ཞི་བྱེད་རྨང་ལམ་ལ་སོགས་པའི་གདམས་པ་དུ་མ་གནང་ནས། རྗེ་སྒམ་པོ་པ་དང་ས་ཆེན་གཉིས་ཚེ་རབས་དུ་མའི་བླ་མ་ཡིན། ཞེས་གསུངས་ཤིང༌། གཞན་ཡང་འགྲོ་བའི་མགོན་པོ་འདིས་བྲམ་ཟེ་ཆེན་པོ་དང༌། འཕགས་པ་ཐོགས་མེད་དང༌། ཤནྟ་དེ་ཝ་དང༌། ཟླ་བའི་ཞབས་ལ་སོགས་པ་གྲུབ་ཆེན་དུ་མ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་སོགས་པའི་ཡི་དམ་དུ་མའི་ཞལ་གཟིགས་ཤིང་གསུང་བྱོན་ནས། སྐབས་དེར་དད་པ་དང་ལྡན་པའི་སྐྱེ་བོ་རྣམས་ལ་རང་རང་གི་སྣོད་དང་འཚམ་པར། ཐུབ་པའི་དབང་པོ་དང་སྤྱན་རས་གཟིགས་དབང་ཕྱུག །དཔལ་འཁོར་ལོ་སྡོམ་པ་ལ་སོགས་རྫུ་འཕྲུལ་གྱི་བཀོད་པ་དུ་མ་བསྟན་ཏེ། དགུང་ལོ་ཞེ་དགུ་ནས་སྤྲུལ་པའི་གནས་སུ་གཤེགས་ཀྱི་བར་དུ་ཡར་ངོ་ཐམས་ཅད་ཀྱི་སྔ་དྲོའི་དུས་སྐུ་མཚམས་དང༌། ཕྱི་དྲོའི་དུས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོས་གདུལ་བྱ་རྣམས་སྨིན་པར་མཛད་ཅིང༌། མར་ངོའི་དུས་ཐམས་ཅད་བསླབ་པ་གསུམ་གྱི་བཅས་པ་ཕྲ་མོ་ཚུན་ཆད་ལ་ནན་ཏན་དུ་མཛད། མཐོ་རིས་ཐར་པའི་ལམ་གྱིས་སྲོལ་འབྱེད་པར་མཛད་དོ། །དེ་ནས་དུས་རེ་ཞིག་ན་སྐུ་དེས་དངོས་སུ་འདུལ་བར་བྱ་བའི་གདུལ་བྱ་རྣམས་རྫོགས་པར་མཁྱེན་ནས། སྔོན་གྱི་རྣམ་པར་སྨིན་པ་མི་འདོར་བའི་ཚུལ་སྟོན་པར་བཞེད་དེ། ལུས་མེད་ཀྱི་གནས་ནས་འཕངས་པའི་མེ་ཏོག་གི་མདས་སྙིང་ལ་ཟིན་པའི་མི་ཞིག་གིས་ཞལ་ཟས་ལ་སྦྱར་དུག་བཏབ་ནས་དྲངས་པའི་མཐུས་སྐུ་ཚེའི་འདུ་བྱེད་གཏོང་བའི་དུས་ལ་བབས་པའི་ཚེ། སྐྱོ་བའི་ཤུགས་ཀྱིས་ཡིད་བསྐུལ་ཞིང་སྙིང་ཉེ་བའི་ཉེ་གནས་ཀྱིས་ཞུས་པ། དམྱལ་བའི་བུད་ཤིང་དུ་གྱུར་པའི་སྡིག་ཅན་འདི་ལྟ་བུའི་སྐྱབས་སུ་སུ་ཞིག་འགྱུར། ཞེས་པའི་ལན་དུ། འདི་ལྟ་བུའི་སེམས་ཅན་མ་རུངས་པའི་གཉེར་ཁ་ཁོ་བོ་ལ་བབས་པས། དགེ་སློང་གི་དགེ་འདུན་རྣམས་ལ་འདིའི་དོན་བསྙེན་བཀུར་ཞིང༌། ཀཾ་ཀ་ནི་ལ་སོགས་པའི་གཟུངས་སྔགས་ཁྱད་པར་ཅན་རྣམས་ཞུས་ཤིག །གསུངས་ནས་ལམ་སྟོང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང་ལམ་བགྲོད་དེ། རྣལ་འབྱོར་དང་རྗེས་སུ་མཐུན་པའི་རྟགས་རྣམས་རྫོགས་པར་གྱུར་ཏེ། དགུང་ལོ་དྲུག་ཅུ་རེ་གཅིག་ལྕགས་ཕོ་སྟག་གི་ལོར། རྒྱུ་སྐར་གྱི་རྒྱལ་པོ་གདུ་བུས་ཉ་བའི་ཚེས་བཅུ་དྲུག་གི་དགོང་མོ། དད་པ་དང་ལྡན་པའི་ཉེ་གནས་རྣམས་ལ་བཀའ་བསྩལ་པ། ཀྱེ་མ་འདུས་བྱས་ཐམས་ཅད་མི་རྟག་པའི་རང་གི་མཚན་ཉིད་སྟོན་པ་ཡིན་པས། ཁྱེད་རྣམས་ཀྱང་མར་དང་ཤུག་པའི་གྲབས་མཛོད་ལ། ཕུང་ཁྲོལ་གྱི་རྩ་བ་ནོར་ལ་མ་ཆགས་ཤིང༌། གྲོགས་ངན་འཇིག་རྟེན་པ་རྣམས་དང་བློ་མ་བསྟུན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བའི་སྒོ་ནས་གཞན་གྱི་སྐྱོན་ལ་མ་རྟོགས་པར་ལམ་སྦྱོངས། ཁོ་བོའི་རྣམ་ཤེས་ཀྱི་བྱི་ཆུང་འཕུར་བ་ལ་ཐུགས་ཁྲལ་མི་འཚལ་ཏེ། ཁྱེད་རང་དད་པ་དང་ལྡན་པ་རྣམས་ཤར་ཕྱོགས་རྡུལ་དང་བྲལ་བའི་ཞིང་ཁམས་སུ་ཁོ་བོ་ནི་སངས་རྒྱས་མི་བསྐྱོད་རྒྱལ་པོའི་ཞབས་དྲུང་དུ། བྱང་ཆུབ་སེམས་དཔའ་བློ་གྲོས་དྲི་མ་མེད་པ་ཞེས་བྱ་བ། འགྲོ་བ་ཐམས་ཅད་ཀྱི་ཉེར་འཚོའི་གཞི་ཆེན་པོར་གྱུར་པ་དེ་ལ་གསོལ་བ་ཐོབ་ཅིག །ཅེས་སོགས་གསུངས་རྣམས་རིམ་པ་ལྟར་དུ་བྱོན་ཞིང༌། ཉེར་ལྔའི་ནང་པར་ཚོགས་ཀྱི་དཀྱིལ་འཁོར་དུ་བྱོན་ནས། གཙུག་ལག་གཉིས་ཀྱི་སྒོ་ནས་དད་པ་དང་ལྡན་པ་རྣམས་ཞལ་བཀོད་གནང་ཞིང༌། སྔ་དྲོའི་ཆ་ལ་མཛད་པའི་ཐ་མ་བསྟན་པར་གྱུར་ཏོ། །དེའི་ཚེ་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་བྱུང་བ་ནི། ས་གཡོ་ཞིང་འཇའ་འོད་ཀྱི་གུར་དང༌། སྤོས་ཀྱི་ངད་ལྡང་བ་ལ་སོགས་པའི་ངོ་མཚར་བའི་ཆོ་འཕྲུལ་གྱིས་སྐྱེ་དགུ་རྣམས་ཀྱི་ཡིད་འཕྲོག་པར་མཛད་དོ། །གཞན་ཡང་རིང་བསྲེལ་དང་ཡིག་འབྲུའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།