རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__བྲག་ལུང་གོང་མ།

རྨོག་རུ་ཤེས་རབ་རྡོ་རྗེ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-01-03

  རྨ་ཆུ་རྫོང་མཁར་ནས་ནུབ་ཕྱོགས་ཏེ་རྨ་ལྷོ་སོག་རྫོང་གི་ཕྱོགས་སུ་འཐེན་པའི་ལམ་དུ་སྤྱི་ལེ་བཅུ་གཉིས་ལྷག་ན་བྲག་ལུང་གོང་མའི་མདོ། བྲག་ལུང་གོང་མ་ནི་རྗེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ལས་ལོ་རྒྱུས་དང་གནས་བཤད་སོགས་ཀྱི་སྐོར་ལས་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་ཀྱི་གཙོ་བོ་ཧ་བརྩེགས་གྭའི་སྒོམ་ཁང་བྲག་ལུང་གསུམ་ཞེས་གྲགས་པའི་ནང་དུ་ཕལ་ཆེར་འཐུས་ཚང་དུ་བཞུགས་པར་གསུངས་པ་ལྟར་ལགས་ཤིང་གྲུབ་ཆེན་བརྒྱད་ཅུ་ལས་བྱ་རི་བའི་སྒྲུབ་ཕུག་དང་ར་ཧུ་ལའི་སྒྲུབ་ཕུག ལཱུ་ཨུ་བའི་སྒྲུབ་ཕུག་བཅས་བྲག་ལུང་གོང་མར་ཡོད་པར་གསུངས་ལ། ལུང་པ་དེ་ནི་ཀུན་མཁྱེན་འཇིགས་མེད་དབང་བོས་དགུང་ལོ་ང་གཉིས་པར་བྲག་ལུང་རི་ཁྲོད་དེ་བཱེ་ཤིང་དགོན་དགའ་ལྡན་རབ་རྒྱས་གླིང་གི་ཐོག་མའི་གཞི་འདིང་སའི་གནས་ཀྱང་ཡིན་པས་རང་མི་དག་གིས་ངེས་པར་ཤེས་དགོས་པའི་གནས་ཤིག་ཡིན། ས་མོ་ཕག་གི་ཧོར་ཟླ་ལྔ་བར་བྲག་ལུང་གོང་མར་དགོན་སར་གཟིགས་ཤིང་ས་བརྟག་བསླང་དང་བཀྲ་ཤིས་གསོ་སྦྱོང་འཛད་ཅེས་རྣམ་ཐར་དུ་བྱུང་ཡོད།

དགའ་ལྡན་རབ་རྒྱས་གླིང་གི་དགོན་ཤུལ།

བྱང་ཆུབ་སྒྲུབ་ཕུག

      ལུང་མདོ་ནས་ཡར་སྤྱི་ལེ་གཉིས་ཙམ་གྱི་ཆུའི་གཡོན་གྱི་ཁུག་ཅིག་ཏུ་དགོན་པའི་འདུ་ཁང་གི་ཀ་ཤུལ་དག་ཀྱང་མཐོང་དུ་ཡོད་པ་ད་ལྟ་ཟོག་ལྷས་སུ་གྱུར་བས་མི་གསལ་ཡང་། སྐབས་དེར་རྡོ་རམས་པ་བློ་བཟང་དཔལ་ལྡན་གྱིས་དགེ་བསྐོས་དང་རྐང་ཚའི་བསོད་ནམས་རྒྱ་མཚོས་དབུ་མཛད་གནངས་ཤིང་། དཀའ་བཅུ་དཔལ་ལྡན་རྒྱ་མཚོ་དང་ཚར་ཚའི་དགེ་ལེགས་རྒྱ་མཚོ་སོགས་གྲྭ་བ་འདུས་ཏེ་རྟེན་འབྲེལ་དུ་རྡོ་རམས་པ་ཚང་དང་ཚར་ཚའི་དགེ་ལེགས་རྒྱ་མཚོ་གཉིས་ནས་ཚོགས་གླེང་གནངས། གྲྭ་ཤག་ཀྱང་བཅོ་ལྔ་ཡས་མས་ཡོད་པར་གྲགས་ལ། སྤྱི་ལོ1779ལོར་ཧོར་ཚང་གསེར་ཁྲི་འཇིགས་མེད་རིག་པའི་སེང་གེ་བ་(1747_1816)དགུང་ལོ་སོ་གཉིས་པར་ཁྲི་བར་བསྐོས། དགོན་ཤུལ་ནས་ཡར་ཅུང་ཙམ་སོང་ན་བྱང་ཆུབ་མཆོད་རྟེན་ཞིག་ཡོད་ལ་མཆོད་རྟེན་གྱི་རྡོ་བརྩིགས་ཀྱི་དབྱིབས་ད་དུང་ཡང་མ་འགྱུར་བར་ཡོད། མཆོད་རྟེན་རྒྱབ་ངོས་ཀྱི་བྲག་ཏུ་བྱང་ཆུབ་སྒྲུབ་ཕུག་ཅེས་ པ་ཡོད་ལ་ཕུག་པའི་མདུན་དུ་རྡོ་བརྩིགས་བསྒྲིགས་པ་ད་དུང་ཡོད། དགའ་ལྡན་རབ་རྒྱས་གླིང་དུ་སྤྱི་ལོ1787ལོར་ཧོར་ཚང་འཇིགས་མེད་རིག་པའི་སེང་གེ་བས་ཞུས་པ་བཞིན་ཀུན་ མཁྱེན་འཇིགས་མེད་དབང་བོའི་སྡེ་དགུང་གྲངས་དྲུག་ཅུ་བར་ཕེབས་ཏེ་ཧོར་ཚང་ཁྲི་ཆེན་གཙོས་ཐོར་གོད་བླ་མ་ངག་དབང་དོན་གྲུབ་དང་བྲག་ལུང་གི་རི་ཁྲོད་པ་རྣམས་ལ་སྟ་གོན་གཅིག་འཐུས་བྱས་ཏེ་གྲུབ་ཆེན་དྲིལ་བུ་ལུགས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་གནང་ཞིང་རྩེ་རྨོག་གཉིས་དང་ཐུ་མེད་དང་མཛོད་དགེ་ཕྱོགས་ཀྱི་སེར་མོ་བ་དུ་མ་བཅས་དོན་གཉེར་ཅན་ཉིས་བརྒྱ་ལྷག་འདུས། སྤྱི་ལོ1789ལོ་སྟེ་ཧོར་ཚང་ཁྲི་ཆེན་ནས་སྐྱོང་ཁུར་གནངས་ཏེ་ལོ་དགུ་བའི་སྐབས་སུ་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཚོགས་ཆེན་ཁྲིར་བསྐོ་བཞག་གནངས་པས་ཕེབས་དགོས་བྱུང་།

བྱང་ཆུབ་མཆོད་རྟེན།

  དེ་ནས་ད་དུང་ཡར་ཆུ་རྒྱུན་དེད་དེ་འགག་དང་བོ་བརྒལ་ན་ལུང་བའི་ཕུ་ནི་ཅུང་ཡངས་པོར་ཡོད་ལ་བྲག་འགག་གཉིས་པ་དེའི་གཡོན་ངོས་ཀྱི་བྲག་ལ་ཧོར་ཚང་འཇིགས་མེད་རིག་པའི་སེང་གེ་བ་(1747_1816)ཐུགས་དམ་ཟབ་མོ་མཛད་ཅིང་ཉམས་རྟོགས་མངོན་དུ་གྱུར་བའི་གནས་སྒྲུབ་ཕུག་བྲག་དཀར་ཆོས་རྫོང་ངམ་ཏིང་འཛིན་ཕུག་པ་ཡོད། ཕུག་པའི་བྲག་ངོས་སུ་ཡི་གེ་ཨཱ་སོགས་རང་བྱོན་ཡང་མཇལ་དུ་ཡོད། དེ་ལ་ཁོང་གི་ཞལ་ནས་་་

  བྲག་དཀར་ཆོས་རྫོང་དཔལ་གྱི་ལྟེ་བའི་སྟེང་།།
      བྲག་དཀར་ལྷ་རི་སྙིང་བོའི་མགུལ་གྱི་གནས།།
      མ་བཅོས་ལྷུན་འགྲུབ་རང་བྱུང་ཕུག་འདི་ལ།།
      སྒྲུབ་ཁང་ཏིང་འཛིན་ཕུག་ཏུ་ཁོ་བོ་སྨྲ།།
      བསྔགས་པར་འོས་པའི་དབེན་གནས་དམ་པ་འདིར།།
      དམ་པ་རིམ་བྱོན་གསེར་རིའི་ཕྲེང་རྣམས་ཀྱིས།།
      ཡང་ཡང་ཞབས་ཀྱིས་བཅགས་ཤིང་རྗེས་བཟུང་བའི།།
      བྱིན་རླབས་རྟགས་མཚན་མང་བོ་མངོན་སུམ་སྣང་།། ཞེས་གསུངས་ཡོད།

ཧོར་གཙང་རིག་པའི་སེང་གེའི་སྒྲུབ་ཕུག

སྒྲུབ་ཕུག་བྲག་ངོས་ཀྱི་རང་བྱོན།

  སྤྱི་ལོ1790ལོར་ཟམ་ཚ་སྐུ་ཕྲེང་གཉིས་པ་བློ་བཟང་འཇིགས་མེད་ནམ་མཁའ་དཔལ་ བཟང་བ་(1768_1821)དགུང་ལོ་ཉེར་གསུམ་པར་བྲག་ལུང་རི་ཁྲོད་དགའ་ལྡན་རབ་རྒྱས་གླིང་གི་ཁྲིར་བསྐོས་ཤིང་ཀུན་མཁྱེན་འཇིགས་མེད་དབང་བོའི་སྡེ་གདན་དྲངས་པ་ལྟར་ བྲག་ལུང་རི་ཁྲོད་དུ་ཕེབས་ཏེ་ཆོས་བཀའ་འགའ་ཞིག་གནང་ཞིང་། མཚན་ཞིག་ལ་ཀུན་མཁྱེན་མཆོག་དང་སྤྲུལ་བའི་སྐུ་རྣམ་གཉིས་ཕེབས་ཏེ་ད་ལྟའི་བཱེ་ཤིང་དགོན་གྱི་གནས་འདིར་གཟིགས་ཤིང་ལྟོ་འཕྱེ་བརྟག་རྒྱབ་སྟེ་ཤིས་བརྗོད་སོགས་གནངས་ཤིང་ཟམ་ཚ་སྤྲུལ་བའི་སྐུར་བཀོད་ཁྱབ་ཅི་ཡོད་བསྩལ་བ་བཞིན་སྤྱི་ལོ1791ལོར་ཟམ་ཚ་ནམ་མཁའ་དཔལ་བཟང་བས་དགོན་ས་ཚ་གན་བྰེ་ཤིང་དུ་སྤོས་ཤིང་སྐྱོང་ཁུར་བླ་མེད་གནངས་པའི་ལོ་བརྒྱད་པར་རྒྱ་ནག་གོང་མས་དབུ་བླར་ཕེབས་དགོས་བྱུང་རྐྱེན་སྤྱི་ལོ1798ལོར་སྒོ་མང་མཁན་པོ་སངས་རྒྱས་རྡོ་རྗེའི་སྤྲུལ་སྐུ་རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་པ་(1762_1837)དགའ་ལྡན་རབ་རྒྱས་གླིང་གི་ཁྲིར་བསྐོས་ཤིང་ཁོང་གིས་གྲྭ་རྒྱུན་རྟིང་སྐུལ་མཛད་པ་སོགས་ཁྲིར་ལན་གསུམ་བཞུགས་པས་དགོན་བདག་ཏུ་གྱུར་ཏེ་སྐུ་ཕྲེང་རིམ་པས་བཀའ་དྲིན་བསྐྱངས་མུས་སུ་ཡོད།

སྒྲུབ་ཕུག་གི་སྒོ།

  བྲག་ལུང་གོང་མ་ནི་སྐྱེས་ཆེན་དམ་པ་མང་བོས་བྱིན་གྱིས་རླབས་པའི་སྒྲུབ་གནས་ཁྱད་པར་བ་ཡིན་རྐྱེན་ཀུན་མཁྱེན་བཞི་བ་དགུང་གྲངས་ཞེ་ལྔ་བ་སྟེ་སྤྱི་ལོ1901ལོར་ཕེབས་བཞུད་ཀྱི་སྐབས་སུ་རྨ་ཆུར་གྲུས་བརྒལ་ཏེ་བྲག་ལུང་ཕུར་སོང་ནས་ཁྲི་འཇིགས་མེད་རིག་པའི་སེང་གེའི་སྒྲུབ་ཕུག་ནས་བླ་མཆོད་དང་བསྔོ་སྨོན་བགྱིས་ཞེས་སྒྲུབ་ཕུག་བྲག་དཀར་ཆོས་རྫོང་དུ་ཕེབས་པའང་ཁོང་གི་རྣམ་ཐར་དུ་བྱུང་ཡོད་དོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__བྲག་ལུང་གོང་མ།

2021-01-03 རྨོག་རུ་ཤེས་རབ་རྡོ་རྗེ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།