རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__བྲག་ལུང་ཞོལ་མ།

རྨོག་རུ་ཤེས་རབ་རྡོ་རྗེ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-01-03

  རྨ་ཆུ་རྫོང་མཁར་ནས་ནུབ་ཕྱོགས་ཏེ་རྨ་ལྷོ་སོག་རྫོང་གི་ཕྱོགས་སུ་འཐེན་པའི་ལམ་དུ་སྤྱི་ལེ་བཅུ་དགུའི་མཚམས་སུ་བྲག་ལུང་ཞོལ་མའི་མདོ་ཡོད། ལུང་བའི་ཁོག་ཏུ་ཡར་སྤྱི་ལེ་བཞི་ཡས་མས་སུ་ཆུ་གནམ་འབབ། རྗེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ལས་ལོ་རྒྱུས་དང་གནས་བཤད་སོགས་ཀྱི་སྐོར་ལས་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་ཀྱི་གཙོ་བོ་ཧ་བརྩེགས་གྭའི་སྒོམ་ཁང་བྲག་ལུང་གསུམ་ཞེས་གྲགས་པའི་ནང་དུ་ཕལ་ཆེར་འཐུས་ཚང་དུ་བཞུགས་པར་གསུངས་པ་ལྟར་ལགས་ཤིང་གྲུབ་ཆེན་བརྒྱད་ཅུ་ལས་ཛ་ལན་དྷ་རའི་སྒྲུབ་ཕུག ཀུ་མ་རི་བའི་སྒྲུབ་ཕུག་སོགས་གཡོན་གྱི་བྲག་ལུང་སྟེ་བྲག་ལུང་ཞོལ་མར་ཡོད་པར་གསུངས་ཡོད།

  ད་དུང་གནམ་འབབ་ཞེས་པ་ནི་ཆུ་མིག་པ་མང་བོ་ཕེབས་སའི་གནས་ཤིག་ཡིན་ལ་དེར་ཀུན་མཁྱེན་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག(1856_1916)ཚང་གི་རང་རྣམ་དུའང་ཉི་ཤུ་ཐམ་པ་ལ་སྒར་ཆུང་བྱས་ཏེ་བེ་ཤིང་དུ་སོང་སྐབས་བྲག་ལུང་ཞོལ་མར་ཞག་མལ་བྱས། དེ་ཀའི་ལུང་བའི་ཕུ་ན་རྩེ་དབུའི་གཅོད་རྒན་ཚང་ཡུན་རིང་བཞུགས་པའི་ཆུ་གནམ་འབབ་ཟེར་བ་དེར་ཕྱིན་ཏེ་ཙ་རི་ཟེར་བའི་གཞི་བདག་འདི་ལ་བསང་དང་དཀར་གཏོར་སོགས་བཏང་ན་བཟང་འགྲོ་སྙམ་ནས་དེ་བཞིན་བྱས་ཞེས་དགུང་ལོ་ཞེ་དྲུག་པར་ ཕེབས་ཚུལ་གསུངས་ཡོད།

  འཇིག་རྟེན་གསར་རྙིང་གཉིས་ལ་རྩེ་དབུས་གཅོད་རྒན་བློ་བཟང་དར་རྒྱས་པ་དང་རྩེ་དབུས་གཅོད་པ་ཡེ་ཤེས་ཚུལ་ཁྲིམས་སོགས་ཆུ་མིག་པ་མང་བོ་ཕེབས་མྱོང་བའི་གནས་བྱིན་རླབས་ཅན་ཞིག་ཡིན་ནོ།།

  རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__བྲག་ལུང་ཞོལ་མ།

2021-01-03 རྨོག་རུ་ཤེས་རབ་རྡོ་རྗེ།(རྨ་ཆུ) ཀློག་གྲངས། མཆན ཡོད།

  རྨ་ཆུ་རྫོང་མཁར་ནས་ནུབ་ཕྱོགས་ཏེ་རྨ་ལྷོ་སོག་རྫོང་གི་ཕྱོགས་སུ་འཐེན་པའི་ལམ་དུ་སྤྱི་ལེ་བཅུ་དགུའི་མཚམས་སུ་བྲག་ལུང་ཞོལ་མའི་མདོ་ཡོད། ལུང་བའི་ཁོག་ཏུ་ཡར་སྤྱི་ལེ་བཞི་ཡས་མས་སུ་ཆུ་གནམ་འབབ། རྗེ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་ལས་ལོ་རྒྱུས་དང་གནས་བཤད་སོགས་ཀྱི་སྐོར་ལས་གྲུབ་ཆེན་བརྒྱད་ཅུའི་བཞུགས་གནས་ཀྱི་གཙོ་བོ་ཧ་བརྩེགས་གྭའི་སྒོམ་ཁང་བྲག་ལུང་གསུམ་ཞེས་གྲགས་པའི་ནང་དུ་ཕལ་ཆེར་འཐུས་ཚང་དུ་བཞུགས་པར་གསུངས་པ་ལྟར་ལགས་ཤིང་གྲུབ་ཆེན་བརྒྱད་ཅུ་ལས་ཛ་ལན་དྷ་རའི་སྒྲུབ་ཕུག ཀུ་མ་རི་བའི་སྒྲུབ་ཕུག་སོགས་གཡོན་གྱི་བྲག་ལུང་སྟེ་བྲག་ལུང་ཞོལ་མར་ཡོད་པར་གསུངས་ཡོད།

  ད་དུང་གནམ་འབབ་ཞེས་པ་ནི་ཆུ་མིག་པ་མང་བོ་ཕེབས་སའི་གནས་ཤིག་ཡིན་ལ་དེར་ཀུན་མཁྱེན་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག(1856_1916)ཚང་གི་རང་རྣམ་དུའང་ཉི་ཤུ་ཐམ་པ་ལ་སྒར་ཆུང་བྱས་ཏེ་བེ་ཤིང་དུ་སོང་སྐབས་བྲག་ལུང་ཞོལ་མར་ཞག་མལ་བྱས། དེ་ཀའི་ལུང་བའི་ཕུ་ན་རྩེ་དབུའི་གཅོད་རྒན་ཚང་ཡུན་རིང་བཞུགས་པའི་ཆུ་གནམ་འབབ་ཟེར་བ་དེར་ཕྱིན་ཏེ་ཙ་རི་ཟེར་བའི་གཞི་བདག་འདི་ལ་བསང་དང་དཀར་གཏོར་སོགས་བཏང་ན་བཟང་འགྲོ་སྙམ་ནས་དེ་བཞིན་བྱས་ཞེས་དགུང་ལོ་ཞེ་དྲུག་པར་ ཕེབས་ཚུལ་གསུངས་ཡོད།

  འཇིག་རྟེན་གསར་རྙིང་གཉིས་ལ་རྩེ་དབུས་གཅོད་རྒན་བློ་བཟང་དར་རྒྱས་པ་དང་རྩེ་དབུས་གཅོད་པ་ཡེ་ཤེས་ཚུལ་ཁྲིམས་སོགས་ཆུ་མིག་པ་མང་བོ་ཕེབས་མྱོང་བའི་གནས་བྱིན་རླབས་ཅན་ཞིག་ཡིན་ནོ།།

  རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།