ཀུ་ཤུ་ལས་རྟགས་ཀྱི་འཕེལ་འགྱུར་རིམ་པ།

  སོ་ཁམ་ཅན་གྱི་ཀུ་ཤུ་ནི་འཛམ་གླིང་སྟེང་དུ་ངོས་འཛིན་ཡོད་པ་དང་སྐད་གྲགས་ཚ་བའི་ལས་རྟགས་ཤིག་རེད། ལས་རྟགས་དེ་ནི་ཡོངས་གྲགས་སུ་གློག་ཀླད་བཟོ་སྐྲུན་བྱེད་པའི་ཀུ་ཤུ་སྤྱི་གཉེར་ཁང་རེད། ལས་རྟགས་འདི་ནི་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་ལ་བེད་སྤྱད་ཅིང་འགྱུར་ལྡོག་གི་གོ་རིམ་ཡོད་པ་ཞིག་རེད། འདིར་ཀུ་ཤུའི་འཕེལ་རིམ་སྐོར་ནས་བསྡུས་ཙམ་བགྲོ།

  1 ནེའོ་ཀྲོན།(Newton) ཀུ་ཤུ་ཚང་གི་ཐོག་མའི་པར་རིས།

  ཀུ་ཤུའི་ལས་རྟགས་རྟག་ཏུ་གཅིག་མཚུངས་མིན་ཡང་ཤུགས་ཀྱིས་འདྲ་བའི་ཆ་ཡོད། ཀུ་ཤུའི་ཐོག་མའི་ལས་རྟགས་ནི་ཕྱི་ལོ་༡༩༧༠ལོར་ཀུ་ཤུ་གློག་ཀླད་སྤྱི་གཉེར་ཁང་རྩ་འཛུགས་བྱེད་མཁན་རོའོ་ནལ་ཌི་ཝ་ཡན(Ronald Wayne)གྱིས་འཆར་འགོད་བྱས་ཤིང་སྐབས་དེར་བཟོ་གྲྭ་ལག་སྡོང་ཡིན་པ་རེད། སྔར་གྱི་ལས་རྟགས་དེ་ད་ལྟའི་ལས་རྟགས་དང་ཡོངས་སུ་ཁྱད་པར་ཡོད་ཀྱང་། ད་དུང་ཡང་ཤིང་ཏོག་ཀུ་ཤུ་ཞིག་ལ་འབྲེལ་བ་ཡོད་དོ།།

  ཐོག་མའི་གློག་ཀླད་བཟོ་གྲྭའི་པར་རིས་དེ་ནི་ཨ་ཟིག་ཁིའི་ནེའོ་ཀྲོན་(Isaac Newton)ལགས་རེད། མི་དེས་ནི་གོ་ལའི་འཐེན་ཤུགས་ཚན་རིག་རང་བཞིན་གྱིས་གསར་གཏོང་བྱས་པ་རེད། ཁོང་གི་མགོ་ལ་ཤིང་ཏོག་ཅིག་སྡོང་མགོ་ནས་ཟགས་པ་དང་། ཁོང་གིས་གནད་དོན་དེ་ཇི་ལྟར་ཤེས་སམ།

  ལས་རྟགས་འདིའི་ཁོངས་སུ་དབྱིན་ཇིའི་དུངས་བརྗོད་སྙན་ངག་པ་ཝེ་ལམ་ཝར་ཌི་ཝར་ཐི་(William Wordsworth)ཡི་ལེགས་བཤད་ཅིང་ཀྱང་ཡོད་པ་རེད། དེ་ནི་”ནེའོ་ཀྲོན་གྱི་བསམ་པ་ནི་རྟག་པར་ཁྱད་མཚར་གྱི་རྒྱ་མཚོར་འགྲུལ་བཞུད་བྱེད་པའི་བསམ་བློ་ཞིག་གོ”ལེགས་བཤད་འདི་ནི་ལས་རྟགས་ཀྱི་ངོས་སུ་ཡང་བྲིས་ཡོད།

  2 ཀུ་ཤུའི་འགྱུར་ལྡོག

  ནེའོ་ཀྲོན་ལས་རྟགས་ཀྱི་ཚེ་སྲོག་ནི་དུས་ཡུན་ཐུང་ངུའི་ནང་དུ་ཟད། རྒྱུ་མཚན་སི་ཀྲི་ཧྥི་ཇོབ་བྷི་སིས་Steve jobs)ནེའོ་ཀྲོན་ལས་རྟགས་ནི་དཔེ་རྙིང་དང་ལྐོག་འགྱུར་ཞིག་ལ་ངོས་འཛིན་བྱས་པས་རེད།

  མི་འགྱང་བར་སྐད་གྲགས་ཆེ་བའི་སེ་ཨེ་ཨོ(CEO)སྤྱི་གཉེར་ཁང་གིས་པར་རིས་ཇུས་འགོད་པ་རོབ་བྷི་ཇིན་ཧྥི(Rob Janoff)ཆེད་དུ་གླས། ཇུས་འགོད་པ་ཁོང་གིས་འཛམ་གླིང་ཡོངས་གྲགས་དང་ཚད་ལྡན་གྱི་ཀུ་ཤུ་སོ་ཁམ་ཅན་དེ་ཇུས་འགོད་གྲུབ། དེ་མ་ཐག་སི་ཀྲི་ཧྥི་ཇོབ་བྷི་སིས་Steve jobs)་སྔར་གྱི་ནེའོ་ཀྲོན་ལས་རྟགས་རྙིང་པ་དོར་བ་དང་ཀུ་ཤུའི་ལས་རྟགས་དེ་བཟོ་གྲྭའི་ལོ་དང་པོའི་ལོ་མཇུག་ཏུ་གཏན་འབེབས་བྱས།

  ཨོབ་བྷི་ཇིན་ཧྥི(Rob Janoff)ཡི་ལས་རྟགས་མ་ཕྱི་དེ་མཇའ་མདངས་མ་ཞིག་ཡིན་ཞིང་། སྔར་གྱི་ཀུ་ཤུ་གློག་ཀླད་Apple II ནི་འཛམ་གླིང་གི་འཆར་ངོས་ཚོན་ཁྲ་ཅན་གྱི་གློག་ཀླད་ཐོག་མ་ཡིན། ཀུ་ཤུའི་ལས་རྟགས་ནི་གློག་ཀླད་དབུ་འབྱེད་མ་བྱས་པའི་སྔོན་ཏག་ཏག་ལ་བྱུང་བ་ཡིན། སྐབས་དེར་ཇུས་འགོད་པ་རོབ་བྷི་ཇིན་ཧྥི(Rob Janoff)ཡིས་བཤད་རྒྱུར། ཀུ་ཤུའི་ལས་རྟགས་སུ་མཇའ་མདངས་ཡོད་པ་ལ་རྒྱུ་མཚན་དང་མཚོན་དོན་ཅི་ཡང་མེད་ཅེས་བཤད། སི་ཀྲི་ཧྥི་ཇོབ་བྷི་སིས་Steve jobs)་ཚོན་མདངས་ལྗང་མདོག་ལས་རྟགས་ཀྱི་རྩེ་རུ་འཇོག་དགོས་ཡོད་ཅེས་བཤད། རྒྱུ་མཚན་ཀུ་ཤུའི་ལོ་འདབ་རྩེ་ན་ཡོད་པས་རེད།

  ལས་རྟགས་གསར་བའི་ཐད་ནས་འཆལ་གཏམ་དང་ཚོད་དཔག་གི་སྐད་ཆ་སྣ་ཚོགས་བྱུང་། མི་ལ་ལས་ཀུ་ཤུའི་ལས་རྟགས་བརྗེ་སྤོ་ནི་བཟོ་གྲྭའི་མིང་དང་བསྡུར་ན་འོས་འཚམ་དུ་འདོད་མཁན་ཡོད་ལ། ཡང་མི་ལ་ལས་ཀུ་ཤུ་སོ་ཁམ་མ་དེས་དེང་རབས་ཚན་རྩལ་གྱི་ཡབ་ཆེན་དུ་གྲགས་པའི་ཨ་ལན་ཏར་ནན་(Alan Turning)མཚོན་གྱི་ཡོད་པ་རེད་ཅེས་ཀྱང་འུར། རྒྱུ་མཚན་ནི་ཨ་ལན་ཏར་ནན་(Alan Turning)གྱིས་སྐྱུར་ཚྭ་སྔོན་པོ་(Cyanide)ཡི་དུག་འདྲེས་པའི་ཀུ་ཤུ་ཞིག་ལ་སོ་བཏབ་རྗེས་ཚེ་ཡི་འཕེན་པ་རྫོགས་པས་ན་དེ་ལྟར་ཤོད།

  དེ་ལྟར་འཆལ་གཏམ་དེ་དག་ཞི་བའི་ཆེད་ཇུས་འགོད་པས་སྐད་ཆ་འདི་འདྲ་ཞིག་ཀྱང་བཤད། “དེ་ནི་གྲོང་ཁྱེར་གྱི་གཏམ་རྒྱུད་ཡ་མཚན་ཞིག་རེད། མི་འགའ་རེས་དེ་འདྲ་གླེང་སློང་ཞིང་དེའི་རྗེས་སུ་མི་མང་ཞོགས། ཨཱ། དེ་ནི་ཆོས་ཉིད་ཅིག་གོ”

  ཕྱི་ལོ་༡༩༩༠ལོར་སི་ཀྲི་ཧྥི་ཇོབ་བྷི་སིས་(Steve jobs)་ལོ་གཅིག་མ་འགོར་བར་ཕྱིར་ཀུ་ཤུ་བཟོ་ཚོང་ཁང་དུ་ལོག་འདུན་ཞུས་པ་བཞིན་ལོག་པའི་བར་ཏེ། ཏག་ཏག་ལོ་༢༢རིང་མཇའ་མདངས་ཅན་གྱི་ཀུ་ཤུ་ལས་རྟགས་བཀོལ་སྤྱོད་བྱས། དེ་ནས་སྔར་གྱི་མཇའ་མདངས་ལས་རྟགས་ཚབ་ཏུ་དེང་རབས་རང་བཞིན་གྱི་ཤས་ཆེ་བའི་ལས་རྟགས་ཚོན་མདོག་གཅིག་ཅན་དུ་བསྒྱུར་ཅིང་། སྤྱི་ཡོངས་ནས་ལས་རྟགས་ཀྱི་དབྱིབས་ནི་སྔར་མི་ལོ་༣༣གོང་གི་ཇུས་འགོད་དང་ཆེས་ཆེར་ཁྱད་པར་མེད།

  ཀུ་ཤུ་སོ་ཁམ་ཅན་གྱི་ལས་རྟགས་ལ་ལོ་རྒྱུས་གང་འཚམ་ཞིག་ཡོད་ཀྱང་། ལོ་རྒྱུས་ཆ་ཤས་རེ་རེ་མི་དག་གིས་ད་དུང་རྒྱུས་ལོན་བྱུང་མེད། གང་ལྟར་ཡང་། ལས་རྟགས་འདི་འཛམ་གླིང་ལ་ཁ་ཕྱོགས་པར་མཚམས་འཇོག་བྱས་མེད། དོན་དངོས་སུ་སྤྱི་གཉེར་བཟོ་གྲྭས་ལས་རྟགས་ཀྱི་འགྲམ་དུ་དེའི་མིང་ཡིག་ད་དུང་དཔར་མེད་ཀྱང་། ལས་རྟགས་རང་ཉིད་ཀྱིས་དེ་དག་འགྲེལ་རྒྱག་ཐུབ་པ་དེའོ།།

  3 ནེའོ་ཀྲོན་གྱི་རྦ་རླབས། ༡༩༧༦-༡༩༧༦

  ཀུ་ཤུའི་ཐོག་མའི་ལས་རྟགས་ནི་ཕྱི་ལོ་༡༩༧༦ལོར་ཨོབ་བྷི་ཇིན་ཧྥི(Rob Janoff)་ཡིས་ཇུས་འགོད་བྱས་ཤིང་། ལས་རྟགས་ཀྱི་ངོས་སུ་ཨ་ཟིག་ཁིའི་ནེའོ་ཀྲོན་(Isaac Newton)ཤིང་སྡོང་ཞིག་གི་འོག་ཏུ་བཙོག་ཅིང་། ཤིང་ཏོག་ཀུ་ཤུ་ཞིག་དེའི་ཡལ་གའི་སྟེང་ནས་ཁོའི་མགོ་ལ་ཟགས། ཁོའི་པར་རིས་ཀྱི་མཐའ་རུ་”ནེའོ་ཀྲོན་གྱི་བསམ་པ་ནི་རྟག་པར་ཁྱད་མཚར་གྱི་རྒྱ་མཚོར་འགྲུལ་བཞུད་བྱེད་པའི་བསམ་བློ་ཞིག་གོ”ཞེས་བྲིས་ཡོད།

  4 མཇའ་མདངས་ལས་རྟགས། ༡༩༧༦-༡༩༩༨

  སི་ཀྲི་ཧྥི་ཇོབ་བྷི་སིས་(Steve jobs)་ཇུས་འགོད་པ་རོབ་བྷི་ཇིན་ཧྥི(Rob Janoff)ལགས་ལ་དེང་རབས་རང་བཞིན་གྱི་ལས་རྟགས་ཤིང་ཇུས་འགོད་བྱེད་པར་སྐུལ་མ་བྱས་པ་ན། གོང་གི་ནེའོ་ཀྲོན་ལས་རྟགས་ལོ་གཅིག་གི་རྗེས་སུ་འགྱུར་བ་བཏང་། རོབ་བྷི་ཇིན་ཧྥི(Rob Janoff)ཡིས་ཇུས་འགོད་བྱས་པའི་ལས་རྟགས་དེ་ཡོངས་གྲགས་ཀྱི་ཁེ་ལས་ལས་རྟགས་ཡག་ཤོས་ཤིག་གི་ལོ་རྒྱུས་སུ་གྱུར།

  ཇུས་འགོད་པ་རོབ་བྷི་ཇིན་ཧྥི(Rob Janoff)ཡིས་བཤད་རྒྱུར། ཀུ་ཤུ་སོ་ཁམ་ཅན་གྱི་ལས་རྟགས་ནི་མི་རྣམས་ཀྱིས་དེ་ནི་སེའུ་འབྲུ་དང་ཀྲོ་མ་ཀྲོ་མིན་པར། ཀུ་ཤུ་ཞིག་ཡིན་པའི་སྣང་བ་བསྐྲུན་ཐུབ་ཀྱི་རེད་ལ། ལས་རྟགས་རང་འགུལ་གྱིས་ཚན་རྩལ་རང་བཞིན་གྱི་བཟོ་གྲྭ་ཞིག་སྣང་ངོར་འདྲེན་ཐུབ་བོ་ཞེས་བཤད།

  ལོ་རབས་བདུན་ཅུའི་ནང་བྱུང་བའི་ལས་རྟགས་འདི་ཤིན་ཏུ་སྣང་ངོར་འཕྲོད་པོ་དང་གུ་ཡངས་ཤིག་ཡིན། དེང་སང་པིབ་སི(Pepsi) བཟོ་གྲྭས་ཨ་སྒོར་ས་ཡའི་འགྲོ་སོང་བཏང་ནས་ལས་རྟགས་འགྱུར་བཅོས་བཏང་བ་རེད།

  མཇའ་མདངས་ལས་རྟགས་ལ་མཚོན་ན། མི་མང་གི་ཁྲོད་སི་ཀྲི་ཧྥི་ཇོབ་བྷི་སིས་(Steve jobs)ལ་ཚོན་མདངས་མཉམ་སྡེབ་ལ་ཨུ་ཚུགས་ཀྱིས་སྤེལ་དུ་བཅུག་རབས་དང་། ཚོན་མདངས་མཉམ་འདུས་ནི་མི་རྣམས་ཀྱི་སྤྱོད་ཚུལ་སྣ་ཚོགས་མཚོན་གྱི་ཡོད་པའི་དཀྲོག་གཏམ་ཞིག་ཁྱབ། དེ་ཡང་ཡིན་སྲིད་དེ། ཀུ་ཤུ་ཚང་གི་ཐོག་མའི་གློག་ཀླད་ནི་འཛམ་གླིང་གི་འཆས་ངོས་ཚོན་ཁྲ་ཅན་གྱི་གློག་ཀླད་ཐོག་མ་ཡིན་པས་རེད།

  5 ཚོན་གཅིག་ལས་རྟགས། ༡༩༩༨-ད་ལྟའི་བར།

  ཀུན་གྱིས་ངོ་ཤེས་པའི་ད་ལྟའི་ལས་རྟགས་འདི་ནི་སླ་བོས་གྲུབ་པ་ཞིག་མིན་ཏེ། རྒྱུ་མཚན་སི་ཀྲི་ཧྥི་ཇོབ་བྷི་སིས་(Steve jobs)འཕེལ་འགྱུར་ལ་ངང་སྒུག་བྱས་ན་བསྡད་ཡོད། ཕྱི་ལོ་༡༩༩༧ལོར་སི་ཀྲི་ཧྥི་ཇོབ་བྷི་སི་(Steve jobs)ཕྱིར་བཟོ་གྲྭར་ལོག་དུས་ཁོང་དང་མཉམ་འབྲེལ་བྱེད་མཁན་ཁག་དང་ཀུ་ཤུ་བཟོ་གྲྭ་གྱོང་གུད་ཀྱི་ཁྲག་དམར་བརྡོལ་བཞིན་ཡོད། ཡིན་ཡང་། ལས་རྟགས་གསར་བ་འདིས་རྨ་ཤུལ་གོ་ཤུལ་གསབ་ཐུབ་པར་ཡིད་ཆེས་བརྟན་པོ་བྱས་ཡོད།

  ཀུ་ཤུ་ཚང་གིས་iMac,Bondi blue གློག་ཀླད་ཐོག་མར་ཁྲོམ་རར་འགྲེམ་སྐབས། སྔར་གྱི་མཇའ་མདངས་ལས་རྟགས་ལ་འགྱུར་བཅོས་བཏང་ཟིན། སྔར་གྱི་མཇའ་མདངས་ལས་རྟགས་ནི་བྱབ་ཆུང་དང་བྱིས་ཚུལ་འདྲེས་མ་ཞིག་རེད་པས་དེ་ནས་བཟུང་སྔོ་སིང་སིང་གི་གློག་ཀླད་འཆར་འོས་ཀྱི་ནམ་མཁར་གནས་ཐབས་མེད་པར་བྱས།

  དེ་ནས་ལྕགས་མདོག་ཡིན་ལ་འབུར་གཟུགས་དོད་པའི་ལས་རྟགས་དེ། ཀུ་ཤུ་ཚང་གི་ཐོན་རྫས་མང་པོའི་སྟེང་དུ་དཔར། གཞི་ཤེལ་སྒོ་ཡིན་པའི་ལས་རྟགས་དེ་ནི་སྔར་མཇའ་མདངས་ལས་རྟགས་ཀྱི་འཕེལ་འགྱུར་རྗེས་མ་ཡིན།

  དེ་རིང་ཀུ་ཤུ་བཟོ་གྲྭས་ཧ་ཅང་དེང་རབས་ཅན་གྱི་ངོས་འཇམ་རང་བཞིན་གྱི་ལས་རྟགས་བེད་སྤྱོད་གཏོང་གི་ཡོད། ལས་རྟགས་དེ་ནི་དངུལ་མདོག་དང་དཀར་མདངས། ནག་མདངས་ཏེ་གཙོ་བོ་ཚོན་མདངས་གསུམ་ལས་གྲུབ་ཡོད།

  ད་ལྟའི་ཀུ་ཤུའི་ལས་རྟགས་ནི་འཛམ་གླིང་ལ་ཆེས་གྲགས་ཆེ་བ་དང་འཇམ་གཉེན་ཆེ་བའི་ལས་རྟགས་ཤིག་ཡིན། ཤིན་ཏུ་གྲགས་ཆེ་བའི་སེར་མདངས་རབ་ཏུ་ཆེ་བའི་McDonaldལས་རྟགས་ལས་ཀྱང་སྐད་གྲགས་ཚ་བ་ཡོད། སི་ཀྲི་ཧྥི་ཇོབ་བྷི་སི་(Steve jobs)ཡིས་ཆེད་དུ་ཇུས་འགོད་པ་རོབ་བྷི་ཇིན་ཧྥི(Rob Janoff)གདན་འདྲེན་ཞུས་ཏེ་ཇུས་འགོད་བྱས་པའི་(ད་ལྟ་དཔེ་གསར་དང་ཀུན་གྱི་དབྱིངས་འདྲེན་པའི)ངོས་འཇམ་ལས་རྟགས་དེ་ནི་ཤེབ་རབ་གཞན་ཞིག་གི་གདམ་གསེས་དང་གབ་སྦེད་ལས་བྱུང་བ་ཡིན་ནོ།།

སྒྲེ་བོས་དབྱིན་ཡིག་ནས་བསྒྱུར།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀུ་ཤུ་ལས་རྟགས་ཀྱི་འཕེལ་འགྱུར་རིམ་པ།

2021-04-15 ཀུ་ཤུ་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།