སྙན་ངག ཁྱོད་ནམ་ཞིག་ངུ་ཤུབ་ལས་ཐར་ཐུབ།

                                                                   ---དེང་གི་སྙན་ངག་འགའ་བཀླགས་པའི་འཆར་སྣང་།

            ད་ལྟའི་དུས་འདིར།བོད་ཀྱི་ཡུལ་གྲུ་ཀུན་ཏུ་སྙན་ངག་གི་ས་བོན་ཐོར་མེད་ས་ཉུང་ལ།སྙན་ངག་གི་མྱུ་གུ་འབྲས་མེད་སའང་ཉུང་།དུས་མཚུངས་སུ།སྙན་ངག་གི་ཡུལ་ཁོངས་ཀུན་ཏུ་མྱ་ངན་དང་སྨེ་ངག འོ་དོད་དང་ངུ་ཤུབ་ཀྱིས་བཀང་མེད་ས་དང་ཁྱབ་མེད་ས་ཞིག་ཀྱང་དཀོན།ད་ལྟ་སྙན་ངག་པ་ཡོངས་རྫོགས་ངུ་བཞིན་ཡོད་ལ།སྙན་ངག་ཡོངས་རྫོགས་བཤུམ་བཞིན་ཡོད།སྤྱིར་ངུ་བ་ནི་གདུང་བས་ཕྱིར་དང་།གདུང་བ་ནི་སེམས་ཀྱི་འགྱུར་པ་ཆེས་ལྕི་མོའི་ཚུལ་ཡིན་པས། ངུ་བ་ནི་སྙན་ངག་གི་གྲུབ་ཆ་གསོན་པོ་ཡིན་ངེས། དེ་ཡང་སྔར་ཡོད་ཀྱི་ལྟ་བའི་ཚད་ཅིག་ནས། གར་བསམ་འགོག་རྡོ་ཡིན་པའི་བར་བརྒལ་གྱི་དུས་འདིར། ང་ཚོར་ཡོད་པ་མྱ་ངན་དང་ཡི་མུག་གི་དངན་པ་སྟེ། འདི་ནི་སྤྱིར་ཉེན་ཚབ་ཀྱི་འདུ་ཤེས་སད་པ་ཡིན་པས་བཟང་རྟགས་ཤིག་ཀྱང་ཡིན་སེམས། “སེམས་ཀྱི་མྱོང་བ་དྲག་པོ་འདི་བཞག་ནས།འཛུམ་དཀར་འོ་མཚོའི་རླབས་ཕྲེང་གིས།བཞིན་གྱི་དཀྱིལ་འཁོར་བཀྲུ་དགོས།ཞེས་བཤད་ན་ལུགས་དང་འགལ་ལ་དོན་དང་མི་མཐུན།

དེའི་ཕྱིར།བསྟོད་གླུ་མཐའ་གཅིག་ཏུ་བླངས་རྗེས་ཀྱི་ཐོག་མའི་དུས་དང་།ངུ་སྐད་དང་པོར་ཐོས་སྐབས།ང་ཚོར་གསར་པ་དང་སོ་མའི་སྣང་བས།མཛེས་རྟོག་གི་ཉམས་ཚོར་དྲག་པོ་བྱུང་ནས་སྙན་ངག་ལ་ཚེ་སྲོག་གསར་པ་སྦྱིན་བྱུང་།ཡིན་ན་ཡང་ལོ་ངོ་མང་པོའི་རིང་ལ་འདི་ལྟར་སྨྲེ་ངག་མཐའ་གཅིག་ཏུ་བཏོན་པ་ཡུན་རིང་ཐལ་བས་ད་ལྟ་སྙན་ངག་ལ་བརླན་གཤེར་གྱི་མཆི་མ་མེད་ལ།སྙན་ངག་པ་ལ་གདུང་ཡུས་བརྗོད་པའི་ཚིག་འབྲུ་ལྷག་མ་གསར་པའང་ཅང་མེད་པ་འདྲ།

མི་ཞིག་ལ་ཆ་མཚོན་ནས་བཤད་ན།ལར་སྐྱོ་བའི་མཆི་མ་འདོན་པ་དང་།ཞོར་དུ་ད་དུང་ངུ་བཤད་བྱེད་པ་ལ་ཕན་ཁེ་མ་ཡིན་པའི་མཛེས་རྟོག་གི་ངོས་ནས་བལྟས་ན།མཛེས་སྡུག་ཡིན་ལ་རྒྱུན་ལྡན་གྱི་མི་ཡིན་པའི་རྟགས་མཚན་ང་ཡིན།འོན་ཀྱང་དུས་རྒྱུན་ནམ་ཡིན་ཡང་མཆི་མ་དཀུ་ཞིང་སྨྲེ་ངག་འདོན་ན་དེ་ནི་རྒྱུན་ལྡན་མ་ཡིན་པའི་རྟགས་དང་སུན་སྣང་སྐྱེ་བའི་རྒྱུ་ཡིན།ངས་བསམ་ན་སྙན་ངག་ཀྱང་དེ་འདྲ་རང་རེད།ད་ལྟའི་དུས་རབས་འདི་སྤྱིར་བསམ་གཞིག་གི་དུས་རབས་ཤིག་དང་།རིགས་རྟོག་གི་དུས་རབས་ཤིག ཐེ་ཚོམ་གྱི་དུས་རབས་ཤིགདྲི་རྟགས་ཀྱི་དུས་རབས་ཤིག་ཀྱང་ཡིན།ང་ཚོས་སྔར་སྲོལ་ཡོད་ཚད་ལ་ཚད་འཇལ་སླར་ཡང་བྱ་དགོས་ལ།འབྱུང་འགྱུར་ཡོད་ཚད་ལ་སྐྱ་ཐིག་གསར་དུ་འདེབས་དགོས།རང་ལས་ཀྱི་སྲབ་སྐྱོགས་རང་ལག་ཏུ་འཆང་ནས་རླབས་ཆེན་གྱི་ལས་དོན་ལ་དཔུང་འཇུག་བྱེད་པའི་དུས་འདིར།ང་ཚོ་ནི་གཡུ་རལ་མཁའ་ལ་གསིག་པའི་སེང་གེ་ལྟ་བུ་ཞིག་ཡིན་དགོས་པ་ལས།སྨུག་སྤྲིན་གྱི་ཀློང་ན་འཐོམ་པའི་འབའ་ལུ་གུ་ལྟ་བུ་ཞིག་ཡིན་ག་ལ་རུང་།དེས་ན་རྩོམ་རིག་གི་བླ་ན་འཁོད་པའི་སྙན་ངག་གིས་ཀྱང་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ་དཔུང་འཇུག་ལ་རམ་འདེགས་ཀྱིས།དུས་རབས་ཉེར་གཅིག་པ་བསུ་བའི་མི་རབས་གསར་པ་ལ་སྟོབས་ཀྱི་ངར་ལྡུད་ཅིང་སེམས་ཀྱི་དཔའ་བསྐྱེད་པ།བརྗིད་ཆགས་ཀྱི་དབྱངས་འགྲོས་ཀྱི་ངར་ཤེད་ལྡན་པ་བསྐྲུན་རིགས་པ་ཡིན།།དེས་ན་ང་ཚོ་ངུ་ཤུམ་དང་འཁུན་བུའི་བདག་ཉིད་དུ་གྱུར་པའི་མོ་གཤིས་ཀྱི་འདབ་རྫབ་ལས་འབུད་མི་ཐུབ་དོན་ཅི་ཡིན།ང་ཚོ་ནི་ཕོ་གཤིས་ཀྱི་བདག་ཉིད་ཅན་ཞིག་ཡིན་དགོས་པས།ལས་དབང་གིས་སྐབས་རེར་ང་ཚོས་མཆི་མ་འདོན་དགོས་བྱུང་ཡང་།གད་རྒྱངས་སྒྲོག་པ་ལ་ངཚོ་ལྷག་པར་དུ་དགའ།ང་ཚོ་གདུང་ཡུས་བརྗོད་པ་ལ་དགའ་ཡང་།ངར་སྐད་སྒྲོག་པ་ལ་ལྷག་པར་དུ་མོས།དེ་བས་ད་ལྟ་བདག་ནི་པའོ་ཏིས་ཨེ་ཡེ<<རྒྱལ་སྤྱིའི་གླུ>>པེ་ཏའོ་ཡི་<<དྲིས་ལན>>ལ་དགའ། ཞིས་ཅིན་ཡའི<<ངའི་སྨིན་མར་བཀྱོན་མ་འབེབས>>ལ་དགའ་ལ། དོན་གྲུབ་རྒྱལ་གྱི<<ལང་ཚོའི་རྦབ་ཆུ>>ལ་དགའ།ཡི་དམ་ཚེ་རིང་གི<<རྔ་ཆེན་རོལ་དབྱངས>>ལ་ལྷག་པར་དགའ་སྟེ།ཁྲང་པེ་རི་བོའི་རྒྱ་སྟག་ཁྲ་བོའི་ངར་སྐད་དྲན་ཚེ་བྱང་ཁོག་སྟོད་ཀྱི་ལ་རྒྱའི་མཚོ་མོ་དགུང་དུ་འཕྱོ།།བདུད་རྩིའི་སྨན་ལྔོངས་ཞི་ཧྲོང་པན་ནའི་གླང་ཆེན་མཐོང་དུས་ཞབས་འོག་ས་འཛིན་སྔངས་ཤིང་འདར་བཞིན་འགྲོ་བར་རྩོམ།།གློ་བུར་ནང་སོག་རྩྭ་ཐང་སྟེང་ནས་རྟ་རྒོད་ཁྲོས་པའི་བང་དང་བཅས་ཏེ་ལྷང་ལྷང་འཚེར་སྐད་ཐོས་པ་ན།།བདག་གི་སྙིང་དབུས་ཏི་སེ་ལྷུན་པོར་བག་ལ་ཉལ་བའི་གངས་སེང་དཀར་མོས་གནམ་ས་གཡོ་བའི་གཡུ་རལ་གསིག།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག ཁྱོད་ནམ་ཞིག་ངུ་ཤུབ་ལས་ཐར་ཐུབ།

2009-01-30 བདུད་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།