རང་མོས་སྙན་ངག་དང་དེའི་གནས་བབས་ལ་ཅུང་ཙམ་དཔྱད་པ།

ལྷ་སྡེ་སྲིན་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

       གཅིག རང་མོས་སྙན་ངག་གི་ཐོག་མའི་འབྱུང་ཁུངས་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
       དེ་ཡང་རང་མོས་སྙན་ངག་ནི་དང་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་དར་ཁྱབ་བྱུང་ཞིང་ལྔ་བཞི་ལས་འགུལ་གྱི་དུས་སུ་
དེང་རབས་རྩོམ་རིག་གི་རྨང་གཏོང་མཁན་ལུའུ་ཞུན་སོགས་རྩོམ་རིག་མཁས་ཅན་དུ་མ་བྱུང་བ་ལ་བརྟེན་ནས་རང་རྒྱལ་ལ་
ཐོག་མར་དར་མགོ་ཚུགས་ཤིང་དེ་ནས་རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན།ང་ཚོ་བོད་ལ་མཚོན་ན་དུས་རབས་ཉི་ཤུ་བའི་
ལོ་རབས་བརྒྱད་ཅུའི་ལོ་མགོར་མཁས་དབང་དོན་འགྲུབ་རྒྱལ་མཆོག་གིས་སྲོལ་རྒྱུན་སྙན་ངག་དང་མི་འདྲ་བའི་རྩོམ་ལུས་
རྣམ་པ་གསར་བ་ཞིག་གསར་གཏོད་བྱས་ཏེ་(ལང་ཚོ་རྦབ་ཆུ)ཞེས་ཚིག་གི་གཅོད་མཚམས་ལེགས་ཤིང་ངག་ནས་གྱེར་
བདེ་ལ་ཚིག་གི་སྒྱུ་རྩལ་ཕུན་སུམ་ཚོགས་ཤིང་བརྗོད་བྱ་རྗོད་བྱེད་གང་གིས་ཐད་ནས་ཀྱང་སྔར་གྱི་སྙན་ངག་དག་ལས་ཆེ་ཆེར་
བརྒལ་ནས་ཤིན་ཏུ་སྙན་ཆ་དོད་པའི་སྙན་ངག་གི་རྩོམ་ལུས་གསར་བ་ཞིག་བརྩམས་ཏེ་ཀློག་མཁན་ཁྲི་ཁྲི་འབུམ་འབུམ་གྱི་
མཐོང་ལམ་དུ་བཏོན་ནས་བོད་ཀྱི་སྙན་ངག་གསར་བ་འམ་རང་མོས་སྙན་ངག་གི་དབུ་བརྩམས་པ་ཡིན།དེ་ཕྱིར་ད་ལྟའི་མཁས་
དབང་མང་པོ་ཞིག་གིས་མཁས་དབང་དོན་འགྲུབ་རྒྱལ་ནི་རང་རེའི་བོད་ཀྱི་སྙན་ངག་གསར་རྩོམ་མཁན་ལ་ངོས་འཛིན་གྱིས་
ཡོད་པ་མ་ཟད་བོད་ཀྱི་རྩོམ་ལུས་གསར་བ་གསར་གཏོད་ནང་མཁན་གྱི་མཁས་དབང་བླ་མེད་ཅིག་ལའང་བརྩི་བཞིན་ཡོད།
དེར་བརྟེན་ལང་ཚོ་རྦབ་ཆུ་ནི་རང་རེའི་བོད་ཀྱི་རང་མོས་སྙན་ངག་གི་ཐོག་མ་ཡིན་ལ།དེ་དུས་བཟུང་སྟེ་བོད་ཀྱི་སྙན་ངག་
གསར་བ་ཞིག་གི་སྒོ་མོ་ཕྱེ་ནས་བོད་ཀྱི་རྩོམ་རིགས་སྔར་ལས་ལྷག་པའི་འཕེལ་རྒྱས་དང་སྐུལ་འདེད་བཏང་སྟེ་ང་ཚོ་བོད་ཀྱི་
རྩོམ་རིགས་ར་བ་སྔར་ལས་ལྷག་པའི་ཇེ་ལེགས་དང་མཐུས་ཚང་དུ་བཏང་བ་རེད།
            གཉིས།རང་མོས་སྙན་ངག་གི་མཚན་ཉིད་དང་དེའི་འཕེལ་རྒྱས་བྱུང་ཚུལ།
            རང་མོས་སྙན་ངག་གི་མཚན་ཉིད་ཐད་ལ་སྙན་ངག་སྨྲ་བ་ཚོས་ལྟ་གཅིག་གྱུར་ཞིག་གཏན་ལ་འཁེལ་མེད་པས་སྙན་ངག་
པ་རེ་རེ་ལའང་རང་གི་བློ་དང་འཚམས་པའི་མཚན་ཉིད་རེ་འཇོག་སྲོལ་ཡོད་པར་འདོད་དེ་དེང་ཡང་འགའ་ཞིག་གིས་རང་མོས་
སྙན་ངག་ནི་ཚིག་གི་བརྗོད་བདེ་མིན་ལ་མ་བལྟོས་པར་བཙན་ཚུགས་ཀྱིས་ཚིག་གི་རྐང་བ་བཅགས་ཏེ་འབྲི་བས་རྐང་ཆག་མ་ཞེས་
དམའ་འབེབས་དང་ཟུར་ཟ་བྱེད་པ་དང་ཡང་འགའ་ཞིག་གི་ཚིག་གི་རང་དབང་ལ་བལྟོས་མི་དགོས་པར་བརྗོད་དོན་གང་ཞིག་
དམར་རྗེན་དུ་འདོན་པའི་སྙན་ངག་ཅིག་ལ་བཞེད་ཀྱིན་ཡོད་པ་ལ་སོགས་པའི་མཚན་ཉིད་འཇོག་སྲོལ་དུ་མ་ཡོད།རང་མོས་སྙན་
ངག་དར་ཚུལ་ལའང་བཞེད་པ་མི་མཐུན་པ་དུ་མ་ཡོད་དེ་ཁ་ཅིག་གིས་གནའ་ནས་བཟུང་བོད་ལ་རང་མོས་སྙན་ངག་རྩོམ་སྲོལ་
དར་ཡོད་དེ་ཏུང་ཧོང་གཏེར་ཡིག་དེ་མིན་གདོད་མའི་མགུར་གླུ་ལ་སོགས་པ་གདོད་མའི་རང་མོས་སྙན་ངག་རེད་ཟེར་བ་དང་
ཡང་ཁ་ཅིག་གིས་བོད་ལ་ལོ་རབས་བརྒྱད་ཅུའི་ཡར་སྔོན་ནས་རང་མོས་སྙན་ངག་རྩ་བ་ནས་བྱུང་མྱོང་མེད་ཟེར་བ་ལ་སོགས་
པའི་རྩོད་གླེང་འདྲ་མིན་སྣ་ཚོགས་ཤིག་བྱེད་ཀྱིན་ཡོད།དོན་དམ་དུ་རང་མོས་སྙན་ངག་ནི་གདོད་མ་ནས་བྱུང་བ་ཞིག་གཏན་ནས་
མ་ཡིན་པར་དེ་ནི་མིའི་རིགས་ཀྱི་བསམ་བློ་བླ་ལྷག་འཕེལ་རྒྱས་བྱུང་བ་དང་དེ་ཆབས་ཅིག་ཏུ་སྲོལ་རྒྱུན་སྙན་ངག་འཕེལ་རྒྱས་
སོང་བའི་རྨང་གཞིའི་སྟེང་ནས་གསར་དར་བྱུང་བ་ཞིག་ཡིན།ཡང་གཅིག་བཤད་ན་སྲོལ་རྒྱུན་སྙན་རང་རྐྱ་ཐུབ་པའི་སྒོ་ནས་
འཕེལ་རྒྱས་བླ་ལྷག་བྱུང་བ་དང་བསྟུན་ནས་སྙན་ངག་པ་དག་གིས་འདོད་བློ་དེ་སྲོལ་རྒྱུན་སྙན་ངག་གི་སྐོང་མ་ཐུབ་པ་དང་དུས་
རབས་ཀྱིས་བརྒུལ་ཤུགས་སྣ་ཚོགས་ཀྱིས་སྙན་ངག་གསར་བ་རྩོམ་པའི་ཐབས་ལམ་ཆེ་རུ་ཕྱིན་ནས་རིམ་བཞིན་སྙན་ངག་གསར་
བ་བྱུང་བ་རེད།དེ་ཕྱིར་སྲོལ་རྒྱུན་སྙན་ངག་འཕེལ་རྒྱས་སོང་བ་ནི་རང་མོས་སྙན་འབྱུང་པའི་རྩ་བའི་རྒྱུ་རྐྱེན་ཉག་གཅིག་ཡིན་
ཞེས་བརྗོད་ཆོག ཡང་ཕྱོགས་གཞན་ཞིག་ནས་བཤད་ན་རང་མོས་སྙན་ངག་ནི་སྲོལ་རྒྱུན་སྙན་ངག་གི་བུ་ཕྲུག་ལྟ་བུ་ཡིན་ཞིང།དེ་
ཉིད་གསར་དར་བྱུང་བ་ནི་ང་ཚོ་བོད་རྩོམ་རིག་སྒྱུ་རྩལ་སྔར་ལས་ལྷག་པའི་འཕེལ་རྒྱས་སོང་བ་མཚོན་ཡོད།དེ་ནི་གཞན་གྱིས་
ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་མི་དགོས་པར་ཚིག་གི་རང་དབང་ལྡན་ཞིང་ལྷུགས་པ་མ་ཡིན་ལ་སྔོན་གྱི་སྙན་ངག་དག་ལས་རིང་
དུ་བརྒལ་ཞིང་ཚིག་གི་གཅོད་མཚམས་ལ་ངེས་པ་མེད་ཅིང་བརྗོད་བྱ་དུ་མ་སྟོན་ལ་ཚིག་སྐྱོན་དང་བཟླས་ཚིག་བྲལ་ཞིང་གྱེར་བདེ་
བ་ལ་ཀློག་པ་ཡིད་ངོར་སྤྲོ་སྐྱེད་ཅིང་ཡིད་མགུ་བར་བྱེད་པ།ཚིག་རྐང་རེ་རེའི་གྱེར་འདོན་བྱས་ཚེ་གཏམ་རྒྱུད་ལྟ་བུ་སྣང་བརྙན་
རང་བཞིན་ཡོད་པ་སྟེ་བསྡུས་བརྗོད་རང་བཞིན་དང་གབ་ཚིག་རང་བཞིན་ལྟ་བུ་སོགས་ཡིན་པས་ན་རབ་རིབ་སྙན་ངག་ཅེས་ཐ་
སྙད་འདོག་ཚུལ་ཡང་ཡོད།དེའི་རྩོམ་སྟངས་ནི་སྲོལ་རྒྱུན་སྙན་ངག་དང་གཏན་ནས་མི་འདྲ་བ་ཞིང་གཞན་དབང་གིས་འཆིང་རྒྱ་
ལས་ཐར་ཞིང་ཚིག་གི་རང་དབང་ཅི་བདེར་བརྩམ་ཆོག་པའི་དེང་རབས་རྩོམ་རིག་གི་རྩོམ་ལུས་རྣམ་པ་ཞིག་ཏེ།དེང་རབས་རྩོམ་
རིག་ར་བར་མེད་ཐབས་མེད་པའི་རྩོམ་རིགས་ཀྱི་མ་ལག་གལ་ཆེན་ཞིག་ཀྱང་ཡིན།དེ་གསར་དར་འཕེལ་རྒྱས་སོང་བ་ནི་བོད་ཀྱི་
རྩོམ་རིག་སྒྱུ་རྩལ་བླ་ལྷག་འཕེལ་རྒྱས་སོང་བ་མཚོན་ཡོད་དོ།
          གསུམ་པ།སྙན་ངག་གི་དབྱེ་བ་དང་དེའི་དགོས་མཁོ་རང་བཞིན།
          སྤྱིར་དབྱེ་བ་ཞེས་པ་ནི་སོ་སོར་དགར་བ་འམ་ཕན་ཚུན་ཕྱེ་བའི་དོན་ཡིན་ཏེ་ཕོ་དང་མོ་དེ་བཞིན་དུ་དཔའ་བོ་དང་སྡར་མ།
སྟོད་དང་སྨད། ཕ་རོལ་དང་ཚུར་རོལ། ཁྱོད་དང་ང། བདག་དང་གཞན་ལ་སོགས་པའི་བྱ་དངོས་ཚང་མ་འགལ་ཟླའི་གནས་ཚུལ་
ཡོད་ལ་ཕན་ཚུན་མི་འདྲ་བའི་ཆ་ཡང་ལྡན་པས་སོ་སོར་དགར་རྒྱུ་ཡོད་པ་དང་གཞན་ཡང་ང་ཚོའི་བརྡ་སྤྲོད་པའི་བསྟན་བཅོས་
ལས་ཚིག་ཕྲད་ལའང་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་ཕྱེ་ཞིང་རང་དབང་ཅན་ནི་ཨི་ལྡན་དང་ལ་དོན་ལ་
སོགས་པ་རྗེས་འཇུག་ལ་བལྟོས་ནས་ཚིག་ཕྲད་སྦྱར་བ་དང་དེ་མིན་དེ་སྒྲ་དང་སྒྲ་ལ་སོགས་པ་རྗེས་འཇུག་ལ་བལྟོས་མི་དགོས་
པར་ཚིག་ཕྲད་སྦྱར་ཆོག་པས་ཚིག་ཕྲད་རང་དབང་ཅན་ཡིན།དེ་བཞིན་དུ་སྙན་ངག་ལའང་རང་མོས་སྙན་ངག་དང་སྲོལ་རྒྱུན་
སྙན་ངག་གཉིས་སུ་དབྱེ་ཞིང་སྲོལ་རྒྱུན་སྙན་ངག་ནི་ཚིག་གི་གཅོད་མཚམས་ལ་རང་དབང་མི་ལྡན་ཞིང་གཞན་གྱི་ཟེར་སྒྲོས་ཀྱི་
རྗེས་སུ་འབྲངས་དགོས་པ་སྟེ་སྙན་ངག་མེ་ལོང་མ་གཞིར་བཟུང་ནས་བྲིས་བའི་སྔོན་བྱོན་ཀྱི་སྙན་ངག་མཐའ་དག་དག་ལ་དང་
རང་མོས་སྙན་ངག་ནི་གཞན་གྱིས་ཟེར་སྒྲོས་ཀྱི་རྗེས་སུ་འབྲངས་མི་དགོས་པར་ཚིག་གི་གཅོད་མཚམས་ལ་རང་དབང་ལྡན་ཞིང་
ལྷུགས་པ་མ་ཡིན་ལ་བརྗོད་བྱ་དུ་མ་ཡོད་པ་ཞིག་ལ་ཟེར་བ་སྟེ།སྲོལ་རྒྱུན་སྙན་ངག་ཤུགས་ཆེན་འཕེལ་རྒྱས་བྱུང་པའི་རྨང་གཞི་
ཡིན་པ་མ་ཟད།སྲོལ་རྒྱུན་སྙན་ངག་གི་དྭངས་མའི་དྭངས་མ་ཞིག་ཡིན་ཞེས་ཀྱང་བརྗོད་ཆོག དེ་གཉིས་ཀྱི་ལོ་རྒྱུས་ཀྱི་བྱུང་རིམ་མི་
འདྲ་བ་དང་ཚིག་གི་གཅོད་མཚམས་མི་འདྲ་བ།རྩོམ་ཡིག་གི་རོ་མྱོང་མི་འདྲ་བ།སེམས་པའི་རྟོགས་འགྱུ་མི་འདྲ་བ། ཚིག་གི་སྒྱུ་རྩལ་
གྱི་ཐབས་ལམ་མི་འདྲ་བ།ཁྱད་གཞི་དང་ཁྱད་ཆོས་མི་འདྲ་བ། མཚན་ཉིད་དང་བརྗོད་དོན་མི་འདྲ་བ་བཅས་མདོར་ན་ཚིག་གི་
བགྲོལ་སྟངས་མི་འདྲ་ལ་རྩོམ་སྟངས་ཀྱང་མི་འདྲ་བ་ཡིན།ཡིན་ན་འང་རང་མོས་སྙན་ངག་གི་ཕྱོགས་ཙམ་ཡང་མི་རྟོགས་པའི་དེང་
དུས་སློབ་དཔོན་ཆེན་པོ་རེ་འགས་དེའི་དགོས་མཚན་རིན་ཐང་དང་གོ་གནས་རིན་ཐང༌།ལོ་རྒྱུས་རིན་ཐང་བཅས་ལ་བསམ་བློ་
མི་གཏོང་བར་ཅི་འདོད་གང་འདོད་ཀྱིས་དགག་པ་བརྒྱབ་ནས་དེ་ལ་སྐྱོན་རི་རབ་ལས་ཆེ་བ་དང་བཟང་ཏིལ་འབྲུ་ཙམ་ཡང་མེད་
ཚུལ་གྱིས་རྩོམ་ཡིག་སྤེལ་ཅི་ཐུབ་བྱས་ཏེ་དགོས་མེད་ཀྱི་གཏམ་ངན་སྣ་ཚོགས་ཀྱིས་དེའི་རིམ་བྱུང་རང་བཞིན་དང་འཕེལ་རྒྱས་
རང་བཞིན༌།མཚན་སྙན་རང་བཞིན་བཅས་ལ་མི་འདོད་པའི་འགོག་རྐྱེན་བཟོ་དང་བཟོ་བཞིན་ཡོད།དོན་ངོ་མར་བཤད་ན་ཁོ་
ཚོའི་སྙན་ངག་གི་རིན་ཐང་དང་དེའི་ལོ་རྒྱུས་ཀྱི་འཕེལ་རིམ་ཕྱོགས་ལ་བསམ་གཞིགས་ཅི་ཡང་མ་བཏང་བར་དགོས་མེད་ཀྱི་སྐད་
ཆ་གང་མང་བརྗོད་པ་ནི་རང་མོས་སྙན་ངག་གི་ཕྱོགས་ཙམ་ཡང་མ་རྟོགས་པའི་སྐྱོན་རེད་སྙམ་མོ།ངོ་མ་དེ་བྱུང་ནས་ད་བར་དུ་མི་
ལོ་ཉི་ཤུ་ལྷག་ཙམ་མ་གཏོགས་འགོར་མེད་རུང་འཕེལ་རྒྱས་ཆེན་པོ་སོང་ཡོད་པ་སྟེ།ལོ་རབས་བརྒྱད་ཅུ་ལོ་འགོར་མཁས་དབང་
རང་གྲོལ་སོགས་གཙོ་བྱས་པའི་མི་རེ་འགའ་ཙམ་མ་གཏོགས་མེད་ན་ཡང་ད་ལྟ་ལྗང་བུ་དང་སྨྲེང་བུ་འཇུ་སྐལ་བཟང་ལ་སོགས་
པ་གཙོ་བྱས་ཏེ་སྣེ་འཁྲིད་ཅིང་ཚབ་བྱེད་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་ཁྲི་ཁ་ཤས་འཚར་ལོངས་འབྱུང་དང་འབྱུང་བཞིན་ཡོད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན་རང་མོས་སྙན་ངག་ནི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་དང་མིའི་རིགས་ཀྱི་འཚོ་དངོས་མཚོན་
པའི་སྙན་ངག་པའི་སེམས་ཁམས་ཤིག་ཀྱང་ཡིན་ཞེས་བརྗོད་ཆོག་ལ།དེ་གསར་དར་དང་འཕེལ་རྒྱས་སོང་བ་ནི་རྒྱལ་ཁབ་དང་
དེའི་མངའ་ཁོང་གི་མི་རིགས་ཤིག་རྩ་བའི་ཆ་ནས་འཕེལ་རྒྱས་སོང་བ་མཚོན་ཡོད།གལ་སྲིད་རྒྱལ་ཁབ་ཞིག་གམ་ཡང་ན་མི་རིགས་
ཤིག་ལ་དུས་དང་མཐུན་པའི་སྙན་ངག་ཅིག་མེད་ན་རྒྱལ་ཁབ་དེ་དང་མི་རིགས་དེ་རྩ་བའི་ཆ་ནས་འཕེལ་རྒྱས་འགྲོ་མི་ཐུབ།དེ་
བས་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་དུས་རབས་དང་མཐུན་པའི་སྙན་ངག་ཅིག་ནི་ངེས་པར་དུ་མཁོ་བར་འདོད་དོ།
      བཞི།རང་མོས་སྙན་ངག་གི་རྒྱན་དང་དེའི་ཤན་ཤུགས་ངན་པ།
        རྒྱན་ཞེས་པ་ནི་རིགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད་དེ་མགོ་བོའི་རྒྱན་ཆ་ལ་དབུ་རྒྱན་དང་སྐེ་ཡི་རྒྱན་ཆ་ལ་སྐེ་རྒྱན་དང༌།
མདའ་གྲི་ལ་དཔའ་པོའི་རྒྱན་ཆ།ལྕགས་སྨྱུག་དང་འབྲི་དེབ་ལ་སློབ་མའི་རྒྱན་ཆ།འབངས་དང་དམག་མི་ལ་རྒྱལ་པོའི་རྒྱན་ཆ་
ཞེས་ཟེར་བ་ཡིན་ལ་དེའི་མཚན་ཉིད་ནི་ཡུལ་གང་ཞིག་མཛེས་བྱེད་པའི་དོན་ཡིན་ཏེ།དེ་ཡང་མིའི་རྒྱན་ཆ་ནི་གཡུ་བྱུ་རུ་དང་
གོས་ལྭ་དང་ཚར་ལྭ་ལ་སོགས་པ་ཡིན་ལ་དེས་མིས་ལུས་གཟུགས་མཛེས་པར་བྱེད་ཅིང་རང་ལུས་སྔར་ལས་ལྷག་པའི་ལྟ་ན་
སྡུག་ཅིང་གཞན་ཡིད་དབང་མེད་འཕྲོག་པར་བྱེད་པས་ན་རྒྱན་ཆ་ཞེས་བརྗོད་པ་ཡིན།འདིར་སྙན་ངག་གི་རྒྱན་ཞེས་པ་ནི་མེ་
ལོང་མའི་རྩ་བར་རྒྱན་ནི་སྙན་ངག་མཛེས་བར་བྱེད་པ་ཡིས།།ཆས་ལ་བརྗོད་དེ་དེ་ཡང་ནི།།ཐུན་མིན་གཉིས་སྟེ་དེ་དག་གིས།།ཆོས་
རྣམས་ཐམས་ཅད་མཛེས་པར་བྱེད།།ཅེས་གསུངས་བ་ལྟར་སྙན་ངག་གི་ཚིག་རྣམས་མཛེས་པར་བྱེད་པ་སྟེ་དེ་ཡང་ཐུན་མོང་མ་
ཡིན་པའི་རྒྱན་དང་གི་ཐུན་མོང་གི་རྒྱན་གཉིས་སུ་དབྱེ་ཞིང་དེ་དག་གིས་སྙན་ངག་གིས་ཚིག་རྣམས་མཛེས་པར་བྱེད་ཅིང་
གཞན་ཡིད་དབང་མེད་དུ་འགུགས་པར་བྱེད་པའི་ཁྱད་ཆོས་དང་ལྡན་པ་ཡིན།དེ་ཡང་རང་མོས་སྙན་ངག་གི་རྒྱན་ཡང་དེ་
དང་གཅིག་མཚུངས་ཀྱི་སྒོ་ནས་གོ་སླ་བ་དང་གོ་དཀའ་གཉིས་སུ་དབྱེ་ཞིང་གོ་སླ་བ་ནི་སྙན་ངག་མེ་ལོང་གི་བསྡུས་བརྗོད་ཀྱི་
རྒྱན་དང་གབ་ཚིག་གི་རྒྱན་དང་འདྲ་ཞིང༌།གོ་དཀའ་བ་ནི་དེ་ལ་སླར་ཡང་དཔེ་རྒྱན་གྱི་རྒྱན་དང་གཟུགས་རྒྱན་གྱི་རྒྱན་སོགས་
སྦྱར་ནས་སྟོན་པ་ཞིག་ལ་ཟེར་བ་ཡིན།དེ་ཡང་ཞིབ་ཏུ་བཤད་ན་རང་མོས་སྙན་ངག་ཡང་དཔེ་རྒྱན་དང་གཟུགས་རྒྱན་གྱི་རྒྱན་
སོགས་གང་ལ་གང་འཚམས་དང་དེ་ལ་དེ་འཚམས་ཀྱིས་བེད་སྤྱོད་བྱས་ཆོག་པ་མ་ཟད།ཟུར་ཟ་དང་ཟུང་འབྲེལ་བྱས་ཆོག།ཡིན་
ན་ཡང༌།དེང་དུས་ཀྱི་ན་གཞོན་མང་པོ་ཞིག་སྙན་ངག་མེ་ལོང་མར་མ་སྦྱང་པར་རང་མོས་སྙན་ངག་འབྲི་བསམ་པ་ནི་རང་ཉིད་
རྐང་རྡོ་ཡིས་གཅོག་པ་དང་འདྲ་བར་ནམ་ཡང་སྙན་ངག་གི་ཨ་ལན་ཡོད་མ་ཡིན།དེ་བས་མི་སུ་འདྲ་ཞིག་ཡིན་ཡང་ཐོག་མར་སྙན་
ངག་མེ་ལོང་མ་བྱང་ཆུབ་པ་ཞིག་སྦྱངས་རྗེས་ད་བཟོད་རང་མོས་སྙན་ངག་ལ་འཇུག་ན་ཡག་ཤོས་ཅིག་རེད་སྙམ།
        རང་མོས་སྙན་ངག་གི་འདས་པའི་ལོ་ངོ་ཉི་ཤུ་ལ་ཕྱིར་མིག་ཅིག་བལྟོས་ན་ངོ་མ་དགའ་འོས་བ་ཞིག་ཡིན་མོད།ཡིན་ན་ཡང་
ད་ལྟའི་ན་གཞོན་མང་པོ་ཞིག་གིས་རང་མོས་སྙན་ངག་གི་གོ་བ་མ་ལོན་པར་ཡ་འཚར་བའི་སྐད་ཆ་འདྲ་མིན་སྣ་ཚོགས་ཤིག་
བརྗོད་ཀྱི་ཡོད་དེ།འདིའི་ནང་དོན་འདི་སྟོན་གྱིས་ཡོད།གན་གི་བརྗོད་བྱ་དེ་བཤད་ཀྱིན་ཡོད་ཅེས་དང་སློབ་འབྲིང་གི་སློབ་མ་
ཚོས་ཀྱང་རང་མོས་སྙན་ངག་འབྲི་ཤེས་འདོག་གི་གཏམ་ངན་ག་ས་གང་དུ་ཁྱབ་བཞིན་ཡོད།འདི་ནི་རང་མོས་སྙན་ངག་གི་ངོས་
ནས་བརྗོད་ན་དུ་སྤྲིན་གྱིས་ཉི་འོད་སྒྲིབ་པ་དང་འདྲ།ནད་ཡམས་འདི་ད་ལྟ་ག་སར་གང་དུ་ཁྱབ་བཞིན་ཡོད་པས་འདི་བཀག་
འགོག་དང་བསྐྱོད་མཚམས་མ་བཞག་ན་རང་རེའི་རང་མོས་སྙན་ངག་གི་རྟིང་བ་རྡོ་ལ་ཐོགས་པ་བཞིན་ནོ།ཡང་ཕྱོགས་གཞན་
ཞིག་ནས་བལྟོས་བ་ཡིན་ན་འདི་ནི་རང་རེའི་རང་མོས་སྙན་ངག་འཕེལ་རྒྱས་སོང་བ་ལྡོག་མེད་ཅིག་ཀྱང་རེད།དེ་བས་རང་མོས་
རང་མོས་སྙན་ངག་ལ་མོས་མཁན་ཚོས་དེང་ཐོག་སྲོལ་རྒྱུན་སྙན་ངག་གི་རྟིང་བ་ལེགས་པོ་ཞིག་ཚུགས་རྗེས་གཞི་ནས་རང་མོས་
སྙན་ངག་ལ་འཇུག་ན་ཐབས་ལམ་ལེགས་ཤོས་ཅིག་རེད་སྙམ་མོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་མོས་སྙན་ངག་དང་དེའི་གནས་བབས་ལ་ཅུང་ཙམ་དཔྱད་པ།

2008-12-14 ལྷ་སྡེ་སྲིན་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།