སྙན་ངག་གསར་བའི་ལེགས་ཆ་ལེན་སྟངས་སྐོར་གྱི་གཏམ་གླེང་།

          ལོ་འདི་འགའི་སྙན་ངག་གསར་བ་ལ་ཕྱིར་ལྟ་བྱས་ཚེ།  སྙན་ངག་གི་གྲངས་འབོར་ཆ་ནས་མ་གཏོགས་རྒྱུ་སྤུས་ཀྱི་ཕྱོགས་ལ་འཕེལ་རྒྱས་ཀྱི་རྣམ་པ་
གསར་བ་ཞིག་བྱུང་མེད།  སྙན་ངག་གི་ཁོར་ཡུག་འདི་ཡང་དེང་གི་སྐྱེ་ཁམས་ཁོར་ཡུག་དང་བསམ་བློའི་ཁོར་ཡུག་དང་འདྲ་བར་གཙང་མི་གཙང་དང་མཁོ་
མི་མཁོ་བའི་མཁའ་དབུགས་མཐུག་པོ་ཞིག་གིས་གཡོགས་ནས་བསྡད་པས་ཡིན་ལ།   ལྷག་པར་དུ་སྙན་ངག་གསར་བའི་ཁྱད་ཆོས་དང་འཕེལ་རྒྱས་ཐད་གོ་
བ་ལེན་སྟངས་མི་འདྲ་བའི་གནད་དོན་ལ་ཐུག་ཡོད།  ང་རང་གི་ལྟ་ཚུལ་ལ།   སྙན་ངག་གསར་བ་ནི་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཁྲོད་གོ་གནས་འགངས་ཆེན་
བཟུང་བའི་རྡོ་རིང་ཞིག་དང་ད་ལྟའི་མི་རྣམས་ཀྱིས་དགའ་བོ་བྱེད་པའི་རྩོམ་ལུས་གསར་བ་ཞིག་ཏུ་འགྱུར་དགོས་ན།  མི་རིགས་རང་གི་དམ་པ་གོང་མའི་
སྙན་ངག་གི་མཚོན་ཐབས་ཁྱད་པར་བ་རྣམས་རྒྱུན་འཛིན་དང་མི་རིགས་གཞན་གྱི་སྙན་ངག་གསར་བའི་ལེགས་ཆ་སྡུད་ལེན།   སྙན་ངག་པ་རང་གི་རྣམ་
དཔྱོད་ཀྱི་ནུས་པས་གསར་གཏོད་བྱ་དགོས།  གལ་ཏེ་རྒྱུ་དེ་གསུམ་གྱི་གཅིག་མ་ཚང་ནའང༌།  རླངས་འཁོར་གྱི་འཁོར་ལོ་ཡ་གཅིག་བོར་པ་ནང་བཞིན་
མདུན་སྐྱོད་བྱེད་ཐབས་མེད་དོ། ། ད་ལྟ་ང་ཚོའི་སྙན་ངག་པ་མང་ཤོས་ཀྱིས་རྒྱུ་དེ་གསུམ་ལ་དོ་སྣང་བྱེད་བཞིན་ཡོད་ནའང༌།  རྩོམ་གཞུང་གསར་བའི་
མཛུབ་སྟོན་མེད་པའི་དབང་གིས་ཕྱོགས་གསུམ་པོའི་ཆ་ནས་དེ་འདྲ་འཐུས་ཚང་མིན་པར་མ་ཟད།  སྐབས་ལ་ལར་ཚད་ལས་བརྒལ་ནས་ཕྱི་རབས་སྙན་
ངག་པ་རྣམས་ལོག་ལམ་དུ་འཁྲིད་པའི་ཉེན་ཁ་ཡང་བསླངས་ཡོད། གལ་ཆེ་བ་ཞིག་ནི་མི་རིགས་གཞན་གྱི་སྙན་ངག་གསར་བའི་ལེགས་ཆ་ལེན་པའི་ཕྱོགས་
ལ་ཐམས་ཅད་བློ་འཁོར་ཡོད་མོད།   རིག་གནས་ཀྱི་ཁྱད་པར་དང་དུས་རབས་ཀྱི་འཕེལ་ཚད་མི་འདྲ་བའི་དབང་གིས།  ང་ཚོས་གསར་བར་བརྩིས་ནས་
ཚུར་བླངས་པའི་ལེགས་ཆ་དེ་ཉིད་ཀྱང་ར་མགོ་ལུག་སྦྱར་བྱས་པའི་དཔེར་སོང་ན་ཀློག་མཁན་གྱི་ཡིད་དབང་འཕྲོག་པའི་ནུས་པ་ཞིག་གཏན་ནས་ཐོན་
མེད།  དེར་བརྟེན་སྙན་ངག་གསར་བའི་ལེགས་ཆ་ལེན་སྟངས་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་འགའ་ཟུར་ཙམ་གླེངས་ན།  
  
                    དང་པོ།   རིག་གནས་ཀྱི་རྒྱབ་ལྗོངས་ལ་ལྟོས་ནས་གཞན་གྱི་ལེགས་ཆ་ལེན་དགོས
            ང་ཚོས་ནམ་ཡིན་ཀྱང་མི་རིགས་གཞན་གྱི་སྙན་ངག་གསར་བའི་ལེགས་ཆ་ཚུར་ལེན་སྐབས། ཚན་རྩལ་དང་སྨན་རྫས་ནང་འདྲེན་བྱེད་པ་ལྟར་
བསལ་གསེས་མེད་པར་བླངས་ཆོག་པ་ཞིག་མིན།  དཔེར་ན།  གཞན་གྱི་སྙན་ངག་འོ་མ་ཡིན་པའི་དབང་དུ་བཏང་ན། ང་ཚོས་འོ་མ་དེ་དཀྲོགས་ནས་མར་
ལེན་དགོས་པ་ལས།   དར་བ་དང་ཆུར་ཁུ་སོགས་ཀྱང་འབྲི་མར་དུ་བརྩིས་ནས་བླངས་ན་རིན་ཐང་གང་ཡང་མེད་པ་ལྟ་བུ་རེད། ད་ལྟའི་སྙན་ངག་པ་ལ་
ལས་གཞན་གྱི་སྐྱོན་ཡོན་ལ་དབྱེ་ཞིབ་གང་ཡང་མི་བྱེད་པར་ཐམས་ཅད་ཚུར་བླངས་ནས་རང་རེའི་ཀློག་མཁན་རྣམས་ལ་ངོ་མཚར་སྐྱེད་འདོད་མོད།  རིག་
གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་ཀློག་མཁན་རྣམས་ལ་བག་ཆགས་བཟང་བོ་ཞིག་འཇོག་རྒྱུ་ཕར་ཞོག“འདིས་ཅི་ཞིག་འཆད་བཞིན་ཡོད་
དམ། འདི་ལྟ་བུའི་བོད་སྐད་ཅིག་ཡོད་དམ”ཞེས་འཁང་རའི་སྐད་ཆ་མང་བོ་ཞིག་ནམ་རྒྱུན་རྣ་ལམ་ལ་འཁོར་ཡོང༌།   འདི་ནི་ང་ཚོས་གཞན་གྱི་སྙན་
ངག་གི་ལེགས་ཆ་ལེན་སྐབས་སུ་ཀློག་མཁན་གྱི་ཕྱོགས་ལ་བསམ་གཞིག་མ་བྱས་པས་ལན་པ་རེད།   མི་རིགས་ཤིག་ཡིན་ཙ་ན།  རང་ཉིད་ལ་ཐུན་མོང་མ་
ཡིན་པའི་བསམ་བློའི་རིག་གནས་གཏིང་ཟབ་མོ་ཞིག་ཡོད་ལ།   དེར་དཔལ་འབྱོར་དང་ཚན་རྩལ་དར་རྒྱས་བྱུང་བའི་བརྒྱུད་རིམ་ཁྲོད་ཕོག་ཐུག་གཏོང་
བཞིན་ཡོད་ན་ཡང༌། དེ་ལྗོན་པ་ཞིག་དང་འདྲ་བར་རྩ་བ་ནས་གཅོད་ཐུབ་པ་ཞིག་མིན།   ང་ཚོའི་སྙན་ངག་གསར་བ་དེ་ཉིད་རིག་གནས་ཀྱི་ས་གཤིན་དེ་
འདྲ་ཞིག་གི་ངོས་ནས་འཚར་ལོངས་འབྱུང་བཞིན་པའི་མྱུ་གུ་ཞིག་ཡིན་པས།   མི་རིགས་རང་གི་རིག་གནས་ཀྱི་རྒྱབ་ལྗོངས་ལ་མནོ་བསམ་མི་གཏོང་བ་ནི་
ནོར་འཆུག་ཅིག་ཡིན་པར་སྙམ།  ནམ་རྒྱུན་མཐོང་ཐོས་སུ་གྱུར་པའི་སྣང་ཚུལ་ཞིག་ནི། ང་ཚོས་བལྟས་ཚོད་དུ་ཕུན་སུམ་ཚོགས་པའི་སྙན་ངག་ཅིག་ཡིན་
མོད།  མི་རིགས་གཞན་ཞིག་གི་སྐད་དུ་བསྒྱུར་པ་ན།  ནང་དོན་དང་ཡིད་འགྱུར།   སྙན་ཆ་སོགས་འགྱུར་ནས་བྲོ་བ་ཅི་ཡང་མེད་པའི་ཚིག་དུམ་ཞིག་ཏུ་
གྱུར་འདུག་པའི་གནད་དོན་ཡང་འདི་ལ་ཐུག་ཡོད།  དཔེར་ན།  ཞུས་ཀྲི་མོ་ནི་ཀྲུང་གོའི་མཚན་གྲགས་འབར་བའི་ཉེ་རབས་ཀྱི་རྩོམ་པ་པོ་ཞིག་ཡིན་ལ།
<<རྒྱལ་ཁམས་ཕྱོགས་མེད་དུ་འགྲིམས་པ>>ཞེས་པའི་སྙན་ངག་ནི་ཁོའི་འཐུས་ཚབ་བརྩམས་ཆོས་འབའ་ཞིག་ཏུ་གྱུར་ཡོད།  དེ་ཡང་སྙན་ངག་དེའི་
ནང་དུ“ཁོས་དམ་པར་བསྡམས་པ་ཞིབ་ཚགས་ཀྱི་སྡུག་ཡུས་ཤིག”ཅེས་པའི་ཚིག་རྐང་ཞིག་བྲིས་ཡོད། སྡུག་ཡུས་ནི་ཞིབ་ཚགས་ཤིག་ཡིན་པའི་སྐོར་ནི་རྒྱའི་
གནའ་རབས་ཀྱི་སྙན་ཚིག་ཁྲོད་རྒྱུན་དུ་བཀོད་ཡོད་པས།   རྒྱའི་རིག་གནས་ཀྱི་བག་ཆགས་ཟབ་པའི་མི་ཞིག་གིས་ཀློག་པའི་ཚེ་ན།    གོ་བ་བདེ་བླག་ཏུ་
ལེན་ཐུབ་མོད། ད་ལྟ་ང་ཚོས་སྙན་ངག་ཅིག་འབྲི་སྐབས“ཞིབ་ཚགས་ཀྱི་སྡུག་ཡུས”ཞེས་ཐད་ཀར་བླངས་པ་ཡིན་ན།  སུས་བཀླགས་ཀྱང་འདི་བོད་
སྐད་ཅིག་ཡིན་མིན་མི་ཤེས།  སྤྱིར་ན་སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཐམས་ཅད་ཀྱི་ཡང་རྩེ་ཡིན་ལ།   སྙན་ངག་པས་སྒྱུ་རྩལ་གྱི་ཆུ་ཚད་མཐོ་བའི་སྐད་ཆ་
གསར་གཏོད་བྱས་ཆོག་མོད། དེ་ཡང་མི་རིགས་ཀྱི་སྐད་ཆའི་རྨང་གཞི་མེད་པའི་གསར་གཏོད་ཅིག་མིན་ཏེ།   སྐུ་ཞབས་ལུའུ་ཞུན་གྱིས“རྩོམ་རིག་སྒྱུ་
རྩལ་པའི་སྐད་ཆ་ནི་སྤྱི་ཚོགས་ཀྱི་སྐད་ཆ་ཡིན་ལ།    ཁོ་ཚོ་དྲན་རིག་དང་ཚོར་བ་རྣོ་བའི་དབང་གིས་ཐོག་མར་བརྗོད་པ་ཙམ་མོ”ཞེས་སྤྱི་ལ་ཁྱབ་པའི་
སྐད་ཆ་ལ་གཞི་འཛིན་དགོས་པར་བསྟན་པ་དང༌།   བོད་ཀྱི་མཁས་པ་དག་གི་ཞལ་ནས་ཀྱང“ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང༌། །དོན་གྱི་གོ་
བས་ཚིག་གི་དག་ཐོན་པ”ཞེས་གསུངས་པ་ལས་ཀྱང་ངེས་ཤེས་འདྲོང་ཐུབ་བོ། །
        དེ་ལྟར་རིག་གནས་གཞན་གྱི་རྒྱབ་ལྗོངས་མི་འདྲ་བའི་དབང་གིས་ཡག་བཙོག་དང་དགེ་སྡིག་བཟང་ངན་དང་འཛེམ་བྱ་སོགས་ཀྱི་ཐད་ལ་གོམས་
སྲོལ་ལྟ་སྤྱོད་ཐུན་མོང་མ་ཡིན་པ་རེ་ཡོད་པས།  སྙན་ངག་གསར་བའི་ལེགས་ཆ་ལེན་སྐབས་ཚན་རྩལ་གྱི་ཐོན་རྫས་ནང་འདྲེན་བྱེད་པ་བཞིན་དངོས་ཡོད་
འཚོ་བའི་ནང་གནས་སྐབས་ཀྱི་ཕན་ཁེ་ཡོད་པ་ཙམ་གྱིས་མི་ཆོག་པར།  མི་རིགས་རང་ཉིད་ཀྱི་བསམ་བློའི་ཁོར་ཡུག་ཏུ་བཞག་ནས་བལྟས་ན་གོ་དོན་ཟབ་
མོ་ལྡན་པ་དང་བཅོས་བསྒྱུར་གྱི་ནུས་པ་འཛོམས་པ་རྣམས་ཚུར་ལེན་དགོས། ད་ལྟ་ང་ཚོས་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་རིང་མོ་ལ་ཕྱིར་ལྟ་བྱས་
ཚེ།  མི་རིགས་གཞན་གྱི་ལེགས་ཆ་བླངས་ནས་རང་ཉིད་ཕུན་ཚོགས་སུ་བཏང་བའི་རྣམ་པ་ལྷང་ངེར་མཐོང་ཐུབ་མོད།   སྙན་ངག་གི་ལེགས་ཆ་ལེན་པའི་
བརྒྱུད་རིམ་ནང་མི་རིགས་རང་གི་འདུ་ཤེས་འཛིན་སྟངས་སོགས་སྣང་མེད་དུ་བཞག་པའི་གནད་དོན་ཡང་མི་ཉུང་བ་ཞིག་གནས་ཡོད།   དཔེར་ན།  སྔོན་
གྱི་སྙན་ངག་ཅིག་གི་ནང་དུ་བུད་མེད་ཀྱི་སྣང་བརྙན་འདི་ལྟར་ཞིབ་འབྲི་བྱས་ཡོད་དེ།  “འཛུམ་འོད་བདུད་རྩིར་འཛག་པ་ཟླ་བའི་གདོང༌།  །མཐོན་
མཐིང་མིག་ཟུང་གཡོ་བ་ཨུཏྤལ་འཛུམ།  ། འདོད་པའི་ཆུང་མ་གཞན་བཞིན་ཡིད་འཕྲོག་མ།  ། ནུ་རྒྱས་ཁུར་གྱིས་དུབ་པའི་དལ་འགྲོས་ཅན”ཞེས་ངོ་
གདོང་དཀར་བ་དང་མིག་ཟུང་སྔོ་བ།   ནུ་འབུར་ཆེ་བ་ལ་སོགས་པའི་ཁྱད་ཆོས་བྱེ་བྲག་པ་དེ་རྣམས་བྲིས་པ་བརྒྱུད་ནས་བུད་མེན་མཛེས་མའི་སྣང་བརྙན་
སློང་སྐྲུན་བྱས་ཡོད་ནའང༌།  བོད་མིའི་ཡག་བཙོག་གི་འདུ་ཤེས་སྤྱད་དེ་བལྟས་ན་དེ་འདྲའི་མཛེས་པ་ཨང་སྙམ་པའི་སྣང་བ་སྟེར་དཀའ། དེ་ནི་རྒྱ་གར་གྱི་
རྩོམ་རིག་བརྩམས་ཆོས་མང་བོ་ཞིག་བོད་དུ་འགྱུར་བ་དང་ལྷག་པར<<སྙན་ངག་མེ་ལོང>>མའི་འཕྲིན་ལས་རྒྱ་ཆེར་དར་བ་དང་འབྲེལ་བ་ཡོད།  དེར་
བརྟེན་ལོ་འགའི་སྔོན་དུ་བློ་གསར་རྩོམ་པ་པོ་ཁ་ཤས་ཀྱིས་"<<སྙན་ངག་མེ་ལོང>>མ་དེ་རྩོམ་རིག་གི་དབང་སྒྱུར་ཁྲི་ཐོག་ནས་འདེད་རྒྱུ་ཡིན"ཞེས་ང་རོ་
སྒྲོག་པ་དེ་ཡང་ནང་དོན་སྤུ་རྩེ་ཙམ་ཡང་མེད་པ་མིན་མོད། སྔོན་བྱོན་མཁས་པས་མཛད་པའི་སྙན་ངག་གི་བསྟན་བཅོས་རིན་ཐང་བྲལ་པ་རྣམས་དང་ད་
ལྟ་རུས་སྦལ་གྱི་འགྲོས་བཞིན་དལ་བའི་སྙན་ངག་གསར་བའི་རྣམ་པ་ལ་བལྟས་ན།  ཁོ་ཚོའི་སྐད་ཆ་དེ་དང་ལེན་བྱེད་ཐུབ་པ་ཞིག་མིན་ལ།  ལྷག་པར་དུ་
གོང་གི་གནད་དོན་དེ་དག་ཀྱང་སྙན་ངག་པ་རང་རང་གིས་གཞན་གྱི་ལེགས་ཆ་ལེན་སྟངས་ཐད་གོལ་འཛོལ་བྱུང་བ་ཡིན་པ་མ་གཏོགས།  སྙན་ངག་མེ་
ལོང鉅མས་བོད་ཀྱི་རྩོམ་རིག་ལ་བཞག་པའི་སྐྱོན་ཆར་བགྲང་མི་རུང༌།   ད་ལྟ་ང་ཚོས་སྙན་ངག་གསར་བའི་ལེགས་ཆ་ལེན་སྐབས་ཀྱང་དེ་ལྟ་བུའི་གནད་
དོན་ལ་དོ་སྣང་བྱས་པ་ངོ་མ་མི་འདང༌།   དཔེར་ན།  རྒྱའི་སྙན་ངག་གསར་བའི་ནང་ཉི་མ་དམར་པོ་ཞེས་པའི་ཐ་སྙད་དེ་བཀོལ་པ་མང་ལ། དེས་འགྲན་
ཟླ་བྲལ་པའི་གཟི་བྱིན་སོགས་མཚོན་བཞིན་ཡོད།  གལ་ཏེ་ང་ཚོས་བོད་ཀྱི་སྙན་ངག་གསར་བའི་ནང་བླངས་ནས་བལྟས་ན།  ཐ་སྙད་དེའི་བསྟན་བྱ་གཞན་
ཞིག་ཏུ་འགྱུར་འགྲོ་སྟེ་བོད་མི་རྣམས་ཀྱི་སྣང་ངོར་ཉི་ཟླ་གཟའ་འཛིན་གྱི་སྐབས་སུ་ད་གཟོད་ཉི་ཟླའི་ཁ་དོག་དམར་ཤོས་ཆེ་བས།   ཉི་མ་དམར་པོས་སྐྱི་
གཡའ་བ་དང༌།   ལྟས་ངན་པ།   བཀྲ་མི་ཤིས་པ་སོགས་མཚོན་པ་ལས།  གཟི་བྱིན་གྱི་ཆ་ཕྲ་མོ་ཙམ་ཡང་སྟོན་མི་ཐུབ།  དེ་བཞིན་དུ་རྒྱའི་སྲོལ་རྒྱུན་རི་མོའི་
ཁྲོད་དུ་སྨྱུག་མ་བྲིས་པ་ཁྱབ་ཆེ་ཞིང་དེས་མི་གཤིས་ཀྱི་མཛེས་པ་མཚོན་བཞིན་ཡོད་པར་བཤད།  བོད་མི་རྣམས་ལ་སྨྱུག་མས་མི་གཤིས་མཚོན་པའི་བསམ་
བློ་དེ་འདྲ་ཞིག་གཏན་ནས་མེད།  དེ་ལས་བོད་མི་རང་གི་ཁ་དཔེ་ལ"མི་དྲང་མོ་མདའ་འདྲ་འདྲ"ཞེས་མི་གཤིས་ལེགས་པའི་དཔེ་ལ་མདའ་མོ་བཀོད་སྲོལ་
ཡོད་པས།  འདི་དང་འདི་འདྲ་བའི་སྲོལ་རྒྱུན་གྱི་མཚོན་སྟངས་སྔོག་འདོན་བྱས་ནས་གསར་རྩོམ་བྱེད་དགོས་པ་ལས་ཞྭ་དཔེ་ལྷམ་འགེབས་བྱས་ན་དགེ་
མཚན་གང་ཡང་མེད་པར་སྙམ།
        སྤྱིར་ན་སྙན་ངག་ནི་བསམ་བློའི་རིག་གནས་ཀྱི་གཙོ་གྲས་ཤིག་ཡིན་པས།   མི་རིགས་རང་གི་རིག་གནས་ཀྱི་རྒྱབ་ལྗོངས་ལ་ལྟོས་ནས་གཞན་གྱི་
ལེགས་ཆ་ལེན་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པ་རྟོགས་དགོས།   གལ་ཏེ་མི་རིགས་རང་གི་ཡོད་ཚད་ལ་ཅི་མི་སྙམ་པར་གཞན་གྱི་ངོ་མཚར་མཚར་
ཐམས་ཅད་ཚུར་བླངས་ཀྱང༌།  མི་རོ་རྒྱན་གྱིས་གཡོགས་པ་བཞིན་སུས་བལྟས་ཀྱང་ཡིད་ཀྱི་དང་བ་འདྲེན་པ་ཞིག་གཏན་ནས་ཡོང་མི་ཐུབ་བོ།། 

                   གཉིས་པ།  དུས་ཀྱི་འཕེལ་རྒྱས་ལ་བསྟུན་ནས་ལེགས་ཆ་ལེན་དགོས།
      དུས་རབས་སྔོན་མའི་ནང་རྒྱུགས་ཆེ་བའི་དངོས་པོ་ཞིག་ཡིན་ཀྱང༌།  ད་ལྟའི་དུས་སུ་མཁོ་མེད་དུ་གྱུར་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་
ཡིན་པ་ལྟར།    སྔོན་ཆད་ཐམས་ཅད་ཀྱིས་དགའ་མོས་བྱེད་པའི་རྩོམ་རིག་གི་མཚོན་ཐབས་སོགས་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན་ནས་མི་རབས་
གསར་བའི་སྒྱུ་རྩལ་གྱི་འདོད་བློ་སྐོང་མ་ཐུབ་པར་བརྟེན།   རྣམ་དཔྱོད་ལྡན་པའི་རྩོམ་པ་པོ་དག་གིས་རྩོམ་རིག་གི་གྲུབ་མཐའ་འདྲ་མིན་གསར་གཏོད་
བྱས་ཤིང་གསར་བྱུང་གི་མཚོན་ཐབས་མང་བོ་འཚོལ་རྟོག་དང་བེད་སྤྱོད་བྱེད་བཞིན་ཡོད།   ང་ཚོས་སྙན་ངག་གསར་བའི་ལེགས་ཆ་ལེན་སྐབས་ཀྱང་རིག་
གནས་ཀྱི་རྒྱབ་ལྗོངས་དང་མཐུན་མི་མཐུན་ལྟ་དགོས་པ་ལས་གཞན་དུས་ལས་ཡོལ་ཟིན་པ་ཞིག་ཡིན་མིན་ལ་ཡང་ངེས་པར་དུ་དོ་སྣང་བྱེད་དགོས།  གཞན་
གྱི་ལེགས་ཆ་མང་བོ་ཞིག་ང་ཚོའི་རྩོམ་རིག་ལས་རིགས་ཁྲོད་དུ་དྲངས་ན་ཅུང་ཟད་འོས་ཤིང་འཚམ་པ་ལྟར་སྣང་མོད།   གཞན་གྱི་རྩོམ་རིག་བང་མཛོད་
ནང་དེ་ནི་གནའ་རྫས་ཤིག་དང་འདྲ་བར་རིན་ཐང་ཆེ་ཞིང་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་མ་གཏོགས།   དུས་རབས་གསར་བའི་རྩོམ་རིག་ནང་
བེད་སྤྱོད་གཏོང་བཞིན་མེད་ན།   ང་ཚོས་དེ་ནི་ནང་འདྲེན་བྱ་དགོས་པའི་ལེགས་ཆ་ཞིག་ཏུ་བརྩི་མི་རུང༌།  གལ་ཏེ་ང་ཚོས་དུས་ཀྱི་འཕེལ་རྒྱས་ལ་ཅི་མི་
སྙམ་པར་སྔོན་གྱི་ལེགས་ཆ་ཡོད་ཚད་ནང་འདྲེན་བྱས་པ་ཡིན་ན།    གཞན་གྱིས་སྙིགས་སྒམ་ནང་གཡུགས་པའི་གོས་ཧྲུལ་རྣམས་གྱོན་ནས་རང་གི་མཛེས་
མཆོར་ངོམ་པ་བཞིན་སྙིང་བོ་གང་ཡང་མེད།   ད་ལྟའི་སྙན་ངག་པ་ཁ་ཤས་ཀྱིས་རྩོམ་རིག་ཕྱོགས་ཀྱི་ལེགས་ཆ་ཞིག་ཡིན་པ་ཙམ་གྱིས་ནང་འདྲེན་བྱ་དགོས་
པའི་འདོད་ཚུལ་བཟུང་ཡོད་མོད།   དཔེར་ན།   འཛམ་གླིང་དམག་འཁྲུག་དང་པོའི་སྐབས་སུ།    ཨ་རིའི་ན་གཞོན་ཤེས་ཡོན་ཅན་ཁ་ཤས་ཀྱིས་མི་རིགས་
དང་རྒྱལ་ཁབ་ཀྱི་ལ་རྒྱ་བཟུང་ནས་དམག་འཁྲུག་ནང་ཞུགས།   ཡ་ང་བའི་གཡུལ་ས་རུ་དོན་མེད་རང་སྲོག་ཤོར་པའི་རྣམ་པ་དངོས་སུ་མཐོང་ཞིང་རང་གི་
ལུས་སེམས་ལ་ཡང་བཟོད་དཀའ་བའི་རྨ་ཁ་སྣ་ཚོགས་བཟོས་པར་བརྟེན།   དམག་འཁྲུག་ལ་ཞུགས་པ་དེ་ནི་གཞན་གྱི་བསླུ་བྲིད་འོག་ཚུད་པ་འབའ་ཞིག་
ཡིན་པ་ཤེས། དམག་འཁྲུག་མཇུག་བསྒྲིལ་རྗེས། ལུགས་མཐུན་གྱི་སྤྱི་ཚོགས་ཤིག་གི་ནང་རང་ཉིད་ཀྱི་འཇོན་ཐང་དང་བློ་གྲོས་ཕུལ་ནས་རྒྱལ་ཁབ་དང་མིའི་
རིགས་ལ་ཞབས་འདེགས་ཞུ་སྙམ་མོད། སྒེར་སྡོམ་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་ལ་སྔར་བཞིན་འགྱུར་བ་གང་ཡང་བྱུང་མེད་པས་སྔོན་གཡུལ་སར་
ཁྲག་དྲོན་བཞུར་པ་དོན་མེད་དུ་གྱུར་ཅིང་མ་མཐའ་ཡང་འཚོ་བའི་བརྟན་ལྷིང་ཙམ་ཡང་མ་རེག་པའི་གནས་ཚུལ་འོག  ན་གཞོན་ཤེས་ཡོན་ཅན་དེ་དག་
གིས་སྤྱི་ཚོགས་དེ་འདྲའི་གདུག་རྩུབ་དང་འབྱུང་འགྱུར་འཚོལ་སྙེག་ལ་རེ་ཐག་ཆད་པའི་བསམ་བློ་སྐྱོ་ངལ་བ་དེ་ཕྱིར་སྟོན་པའི་ཆེད་དུ། རྩོམ་རིག་གི་གྲུབ་
མཐའ་ཞིག་གསར་གཏོད་བྱས་པ་དེ་ལ་མགོ་བོ་འཐོམས་པའི་མི་རབས་ཤིག་ཅེས་ཟེར།   གྲུབ་མཐའ་དེའི་ནང་དུ<<ཉི་མ་སྔར་བཞིན་ཤར>> <<ནམ་
ཡང་མཚོན་ཆ་དང་བྲལ་པ>> <<རྒས་འཁོགས་དང་རྒྱ་མཚོ>>སོགས་བརྩམས་ཆོས་སྐད་གྲགས་ཅན་མང་བོ་ཐོན་ནས།   རེ་ཞིག་བསམ་བློའི་རང་བཞིན་
དང་སྒྱུ་རྩལ་གྱི་ཁྱད་ཆོས་སོགས་གང་གི་ཐད་ནས་དམག་འཁྲུག་རྗེས་ཀྱི་ཀློག་མཁན་ཁྲི་སྟོང་མང་བོའི་ཡིད་སེམས་གཡོ་བར་བྱས་མོད།   དུས་ཀྱི་འཕེལ་
རྒྱས་དང་བསྟུན་ནས་མིའི་རིགས་ཀྱི་སྒྱུ་རྩལ་གྱི་འདོད་བློ་ཡོངས་སུ་སྐོང་མ་ཐུབ།   དེ་ནི་བསམ་བློའི་ཆ་ནས་རེ་ཆད་སྐྱོ་སྡུག་གི་རྣམ་པ་ཙམ་ལས་མ་འོངས་
པར་ཕྱོགས་སྟོན་དང་འགྲན་རྩོད་ཀྱི་སྤོབས་པ་མེད་པ་དང༌།  མཚོན་ཐབས་ཀྱི་ཆ་ནས་ཀྱང་ཨ་རིའི་སྲོལ་རྒྱུན་རྩོམ་རིག་རང་སྣང་དུ་བཞག་ནས་ཧྥ་རན་སེའི་
དཔེ་གསར་ཅན་ལ་ལད་མོ་ཤ་སྟག་བྱས་པར་བརྟེན།  དངོས་ཡོད་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་གོ་སྐབས་རིམ་པར་ཤོར་པ་དང༌།   བློ་སྒོ་འབྱེད་
པའི་རྩོམ་པ་པོ་ཁག་ཅིག་གྲུབ་མཐའ་དེ་ལས་ཕྱིར་བུད་དེ་རྩོམ་རིག་གི་ལམ་བུ་གཞན་པ་འཚོལ་རྟོག་བྱ་དགོས་བྱུང་བ་རེད།  མགོ་བོ་འཐོམས་པའི་མི་
རབས་ཤིག་ཅེས་པ་ནི་གནས་སྐབས་དེའི་འཛམ་གླིང་རྩོམ་རིག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་མྱོང་བའི་རྩོམ་རིག་གི་གྲུབ་མཐའ་ཞིག་ཡིན་མོད།  ད་
ལྟ་དེ་ནི་བསམ་བློ་དང་སྒྱུ་རྩལ་གང་གི་ཆ་ནས་དུས་ལས་ཡོལ་ཟིན་པ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་ཐུབ།   ང་ཚོས་དེ་ཡང་གཞན་གྱི་ལེགས་ཆ་ཞིག་ཏུ་
བརྩིས་ནས་ནང་འདྲེན་བྱས་པ་ཡིན་ན། དངོས་ཡོད་སྤྱི་ཚོགས་དང་འདྲེ་མི་ཐུབ་པའི་བསམ་བློ་ཞིག་ལས་དགེ་མཚན་གྱི་ནུས་པ་གང་ཡང་ཐོན་མི་ཐུབ་བོ།།
དེ་བཞིན་དུས་ཀྱི་ཡོ་ལང་ཆེན་པོས་མིའི་རིགས་ཀྱི་འཚོ་བའི་ཕྱོགས་ཐམས་ཅད་ལེགས་ཚོགས་སུ་གཏོང་གི་ཡོད་པ་དང༌།   མིའི་བསམ་བློའི་ཁྱབ་ཁོངས་སུ་
ཡང་དཔུང་འཇུག་བྱེད་བཞིན་ཡོད་པར་བརྟེན།  བདེ་སྡུག་དང་ཡག་བཙོག་བཟང་ངན་ལ་སོགས་པའི་འདུ་ཤེས་ཀྱི་ཚད་གཞི་ལ་ཡང་འགྱུར་བ་སྣ་ཚོགས་
ཤིག་འབྱུང་བཞིན་ཡོད་དེ། སྔོན་ཆད་འཛེམ་བྱ་དང་ངོ་ཚར་རྩི་བ་ཁ་ཤས་ད་ལྟ་ཀུན་སྤྱོད་དུ་གྱུར་པ་དང༌།  སྔོན་ཆད་ལེགས་པར་རྩི་བ་ཁ་ཤས་ད་ལྟ་ཐ་
ཤལ་དུ་ངོས་འཛིན་བྱེད་པ་ལྟ་བུ་མང༌།  ང་ཚོས་གཞན་གྱི་ལེགས་ཆ་ལེན་སྐབས་ཀྱང་སྲོལ་རྒྱུན་གྱི་ལྟ་བ་དང་དེ་ཙམ་མཐུན་པོ་མེད་ན་ཡང༌།   དུས་ཀྱི་
དགོས་མཁོ་ལ་བལྟས་ནས་དང་ལེན་བྱེད་ཆོག་པ་རེད།  དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྙན་ངག་ཅིག་ཏུ"འབྲོག་པ་རྣམས་ལ་ཕག་ཤ་
ཟ་བ་དང"ཞེས་སྔོན་ཆད་ཀྱི་ཨ་མདོའི་འབྲོག་པ་རྣམས་ལ་ཕག་ཤ་ནི་ཁྱི་ཤ་དང་འདྲ་བར་གཏན་ནས་མི་ཟ་བའི་སྲོལ་ཡོད་པས། སྔོན་ཆད་ཀྱི་སྣང་ཚུལ་
དང་བསྡུར་ནས་བཀླགས་ན་ནང་དོན་གོ་སླ་ཞིང་དཔེ་དོན་སྦྱར་བ་དོན་ལ་གཞོལ་ཆེ་ཡང༌།  ད་ལྟའི་འཚོ་བའི་ཁ་ཕྱོགས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་
ནས་འབྲོག་པ་རྣམས་ཀྱི་ནང་ན་ཕག་ཤ་མི་ཟ་བ་ཧ་ཅང་ཉུང་བར་བརྟེན།   དེང་སྐབས་སུ་སྔོན་གྱི་གནས་ཚུལ་ཁོ་ན་ལ་བལྟས་ནས་དཔེ་དེ་ལྟ་བུ་ཞིག་སྦྱར་
ཀྱང་ཚིག་དོན་གཉིས་ཀའི་ཆ་ལ་བྲོ་བ་ཅི་ཡང་མེད། གཞན་གྱི་སྙན་ངག་གསར་བའི་ལེགས་ཆ་ལེན་སྐབས་ཀྱང་དེ་དང་འདྲ་བར་དུས་རབས་ཀྱི་འཕོ་འགྱུར་
ལ་བལྟས་ནས་ལེན་དགོས་པ་ལས།  ནུབ་ཟིན་པའམ་ནུབ་ལ་ཉེ་བའི་སྲོལ་རྒྱུན་གྱི་སྣང་ཚུལ་ལ་བསྟུན་དགོས་པ་ཞིག་མིན།  དེར་བརྟེན་གཏིང་ཟབ་པའི་
རིག་གནས་ཀྱི་རྒྱབ་ལྗོངས་དང་འགོག་ཐབས་བྲལ་པའི་དུས་ཀྱི་འཕོ་འགྱུར་ལ་བསྟུན་ནས་གཞན་གྱི་ལེགས་ཆ་ལེན་རྒྱུ་ནི་སྙན་ངག་གསར་བའི་འཕེལ་རྒྱས་
ཀྱི་བགྲོད་ལམ་ཉག་ཅིག་ཡིན་ནོ།།
 
                  གསུམ་པ། མཛེས་དཔྱོད་ཕུགས་འདུན་མཚོན་པའི་དགོས་མཁོ་ལ་ལྟོས་ནས་ལེགས་ཆ་ལེན་དགོས།
       སྙན་ངག་གསར་བ་དེ་ཡང་རྩོམ་རིག་སྤྱི་དང་འདྲ་བར་ཕྱིའི་སྤྱི་ཚོགས་འཚོ་བ་དང་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་ཕྱིར་འབོ་བ་ཁོ་ན་ཙམ་
གྱིས་མི་ཆོག་པར།   སྙན་ངག་པ་ཁོ་རང་གིས་དུས་རབས་ངེས་ཅན་ཞིག་གི་རྣམ་པ་དང་སྤྱི་ཚོགས་ངེས་ཅན་ཞིག་གི་བདེ་སྡུག་ཁོང་དུ་ཆུད་པ་ལ་བརྟེན་
ནས་བྱུང་བའི་མཛེས་དཔྱོད་ཕུགས་འདུན་དེ་ཉིད་མཚོན་དགོས། གནའ་དེང་གི་སྙན་ངག་པ་གྲགས་ཅན་མང་བོའི་ནང་ཕྱིའི་ཡུལ་ལྗོངས་ཀྱི་རྣམ་པའམ་
རང་གིས་བཀུར་བར་འོས་པའི་ལོ་རྒྱུས་ཀྱི་མི་སྣ་སོགས་བརྗོད་བྱར་བཟུང་བ་མང་ནའང༌།བསྔགས་བརྗོད་ཁོ་ན་ལ་མགོ་འཁོར་བ་མ་ཡིན་པར་མཛེས་
དཔྱོད་ཕུགས་འདུན་མཚོན་པའི་དགོས་མཁོ་ལྟར་བྲིས་པ་ཤ་སྟག་ཡིན་པས།  བུད་མེད་ཀྱི་མངལ་དུ་འཁོར་ནས་རིང་བོ་མ་སོང་བའི་རྣམ་ཤེས་བཞིན་ཅུང་
མི་མངོན་པའི་ཚུལ་དུ་གནས་ཡོད་པར་བརྟེན།  ཅན་ཀྲུང་ཧྲུས་ཀྱིས"ཆུའི་ནང་གི་ཚྭ་བཞིན་གཟུགས་མེད་ཀྱང་རང་བཞིན་གནས་ཡོད"(<སྒྱུ་རྩལ་གླེང་
བའི་ཟིན་བྲིས>ནང་གསལ)ཅེས་གསུངས། དེ་ལྟར་གཞན་གྱི་ལེགས་ཆ་བླངས་ནས་རང་གི་སྙན་ངག་ཕུན་ཚོགས་སུ་གཏོང་སྐབས་ཀྱང་རིག་གནས་དང་
དུས་རབས་ལ་མཐུན་པ་ཙམ་གྱིས་མི་ཆོག་པར།  ངེས་པར་དུ་རང་གི་མཛེས་དཔྱོད་ཕུགས་འདུན་མཚོན་པའི་དགོས་མཁོ་ལ་ལྟོས་ནས་ལེགས་ཆ་ལེན་
དགོས།  ཚིག་གི་སྙན་ཆ་ཙམ་དང་རིག་གནས་ཀྱི་འདུ་ཤེས་ཙམ་ལ་ཞེན་ནས་ཚུར་བླངས་ན། ཀློག་མཁན་གྱི་ཡིད་འགུགས་ནུས་པ་དང་སྙན་ངག་པའི་
མཛེས་དཔྱོད་ཕུགས་འདུན་མཚོན་པ་ལ་བར་ཆད་ཡོང་སྲིད།  གལ་ཏེ་སྙན་ངག་པའི་རང་གཤིས་དང་སྤྱི་ཚོགས་ལས་ཐོབ་པའི་མྱོང་གོམས།  རེ་ཞིང་སྙེག་
པའི་ཕུགས་འདུན་སོགས་སྙན་ངག་དང་ཁ་བྲལ་པ་ཡིན་ན།  སྙན་ངག་པ་ཡི་དམ་ཚེ་རིང་གིས"ཉམས་འུར་ཨེ་འབྱུང་གི་རེ་ཡུལ་མེད་པའི་སྙན་ངག་ནི་
བྱིས་པ་སྦྲུམ་མའི་མངལ་ནས་ཤི་བ་དང་མཚུངས"ཞེས་གསུངས་པ་དང༌།   ཚིག་གི་སྙན་ཆ་ཇི་ལྟར་འཛོམས་ན་ཡང་བྱིས་པས་བསྒྲིགས་པའི་ཚིག་དང་
འདྲ་བར་སྤྱི་ཚོགས་གསལ་བའི་མེ་ལོང་ཞིག་གཏན་ནས་མིན་ལ།  བོད་ཀྱི་སྔོན་བྱོན་དམ་པ་དག་གིས་ཀྱང"སྲོག་གི་དབང་བོས་མ་བཟུང་བའི། །མི་རོ་
བཟང་ཡང་སུ་ཞིག་ལེན"ཞེས་གསུངས་པའང་གནད་དོན་དེར་བབས་ཡོད།   དཔེར་ན།  ང་ཚོས་གོང་ནས་མིང་ཙམ་གླེངས་པའི་སྙན་ངག་སྐད་གྲགས་
ཅན<<རྒྱལ་ཁམས་ཕྱོགས་མེད་དུ་འགྲིམ་པ>>ཞེས་པ་བཀླགས་ཚེ།  སྙན་ངག་པ་ཞུས་ཀྲི་མོས་རང་གི་ཕུགས་འདུན་མཚོན་པའི་དགོས་མཁོ་ལྟར་རྒྱུན་
འཛིན་དང་སྡུད་ལེན།  གསར་གཏོད་བཅས་བྱས་པའི་དགེ་མཚན་དེ་ལྷང་ངེར་མཐོང་ཐུབ།  སྙན་ངག་པ་ཁོང་ནི་ཕྱི་རྒྱལ་དུ་ཕེབས་ནས་སློབ་སྦྱོང་མཛད་
པ་བརྒྱུད་དེ་དམངས་གཙོའི་བསམ་བློ་དང་རྩོམ་རིག་གི་རླབས་རྒྱུན་གསར་བའི་བག་ཆགས་ཟབ་མོ་ཐེབས་ཡོད།  སྐབས་དེའི་ཀྲུང་གོ་རྙིང་བ་ནི་ཆེས་རུལ་
སུངས་དང་ཆེས་རྨོངས་འཐོམས་ཀྱི་སྤྱི་ཚོགས་ཤིག་ཏུ་གནས་ཡོད་པར་བརྟེན།  ཁོས་དང་ལེན་བྱས་ཟིན་པའི་ལྟ་སྤྱོད་མང་བོ་ཞིག་སྐབས་དེ་གའི་སྤྱི་ཚོགས་
དང་འགལ་ཟླར་གྱུར་ནས།  འཚོ་བའི་ནང་དཀའ་ཁག་དང་སེམས་ཁམས་ལ་རྨ་ཁ་བཟོས་མཐར།   ཁོང་གི་བློ་ཕམ་ཡིད་ཆད་དང༌། འགལ་བ་ཉོག་འཛིང་
གིས་ཁེངས་པའི་བསམ་བློ་སྔར་ལས་ལྩི་རུ་སོང་བར་མ་ཟད། རང་དབང་གི་འཚོ་བ་དེ་ཡང་རྨི་ལམ་བཞིན་རིག་ཐུབ་མ་བྱུང༌།  <<རྒྱ་སྟག་ངར་མ>>ཞེས་
པའི་སྙན་དེབ་ཀྱི་གླེང་གཞིའི་ནང"ཁྱོད་ཀྱིས་ཁ་ཕྱོགས་ལ་གསལ་བོར་བལྟས་ནས།   ད་ནས་བཟུང་འགྲོ་ལམ་གཏན་ནས་འཆུག་མི་རུང"ཞེས་རང་ལ་བླང་
བྱ་ནན་མོ་བཏོན་ཡོད་པ་དེ་ལས་ཀྱང་ཁོང་གི་གནས་བབ་དེ་གསལ་བོར་རྟོགས་ཐུབ།   དེར་བརྟེན་ཁོང་གི་སྙན་ངག་ནང་སྡུག་ཡུས་དང་རེ་ཆད།  རྙོག་
འཛིང་དང་སོམ་ཉིས་ཁེངས་པའི་སྐད་ཆ་མང་བོ་ཞིག་བཤད་ཡོད་ན་ཡང༌།  འཆར་ཡན་གྱི་རེ་སྙེག་དེ་འཚོ་བའི་ནང་རྩ་བ་ནས་ཡལ་མེད་པ་ནི<<རྒྱལ་
ཁམས་ཕྱོགས་མེད་དུ་འགྲིམ་པ>>ཞེས་པའི་སྙན་ངག་ལས་མཐོང་ཐུབ་སྟེ། རང་དབང་དང་འདྲ་མཉམ།   བག་ཡངས་བཅས་ཀྱི་དུས་རབས་གསར་བ་ཞིག་
ལ་རེ་ཞིང་སྙེག་པའི་བསམ་བློའམ་མཛེས་དཔྱོད་ཕུགས་འདུན་མཚོན་པའི་དགོས་མཁོ་ལ་དམིགས་ནས།  སྙན་ངག་དེའི་ནང་དུ་ཁོང་གིས་རང་ཉིད་འཁྲིས་
སུ་ལང་བའི་མི་ཞིག་གི་ཚུལ་བཟུང་ནས།   བར་སྣང་ལ་ཐོགས་མེད་དུ་རྒྱུ་བའི་སྤྲིན་དཀར་བཞིན"བཀག་འགོག་བྲལ་པའི་བག་ཡངས་ནི་ཁྱོད་ཀྱི་བདེ་
སྐྱིད་ལགས"ཞེས་དངོས་སུ་སྨྲས་ཤིང༌།  སྤྲིན་དཀར་གཡོ་བ་ལྟ་བུའི་རྣམ་པ་དང་འགུལ་སྐྱོད་བྱེ་བྲག་པ་རྣམས་རང་གི་སེམས་ཁམས་ཀྱི་འགྱུར་བ་ངོ་མ་
དང་འོ་ཆུ་བཞིན་ངོ་བོ་དབྱེར་མེད་དུ་སྲེ་བའི་སླད་དུ།   དབྱིན་ཇིའི་འཆར་ཡན་རིང་ལུགས་པའི་ལེགས་ཆ་བླངས་ནས་སྙན་ངག་ཕུན་སུམ་ཚོགས་པ་ཞིག་
གྲུབ་པར་བྱས་ཡོད།  སྙན་ངག་འདིའི་ལུས་ཀྱི་རྣམ་པ་ལ་བལྟས་ནའང༌། དབྱིན་ཇིའི་སྙན་ཚིག་རྐང་བ་བཅུ་བཞི་མའི་ཁྱད་ཆོས་མངོན་ཡོད་པ་གསལ་བོ་
རེད།  ཞུས་ཀྲི་མོ་ཡང་རྒྱའི་སྙན་ངག་པ་གྲགས་ཅན་བུན་ཡེ་ཏའོ་དང་འདྲ་བར་སྙན་ངག་གི་མཛེས་པ་གསུམ་སྟེ།   རོལ་དབྱངས་ཀྱི་མཛེས་པ་དང༌།   རི་
མོའི་མཛེས་པ།    བཟོ་བཀོད་ཀྱི་མཛེས་པ་བཅས་ལ་ནན་ཏན་དུ་ལྟ་བ་ཞིག་གོ    ། དེང་གི་ང་ཚོ་བཞིན་ཕྱིའི་མཚར་མཚར་ཐམས་ཅད་ལེགས་ཆར་རྩི་བ་
ལྟ་བུ་མ་ཡིན་པར།  སྙན་ངག་གི་མཛེས་པ་གསུམ་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་པའི་ལེགས་ཆ་རྣམས་ཚུར་བླངས་ཡོད།   གོང་གི་སྙན་ངག་དེ་
ལེགས་གྲུབ་བྱུང་བའི་གནད་ཀྱང་དེ་ལ་ཐུག་འདུག་སྙམ།   རྒྱའི་རྩོམ་རིག་ཞིབ་འཇུག་པ་དག་གི་གསུང་རྒྱུན་དུའང"སྙན་ངག་འདིའི་བསམ་བློ་དང་སྒྱུ་
རྩལ་གཉིས་ཀའི་ཆ་ནས་དབྱིན་ཇིའི་སྙན་ངག་པ་ཞི་ལེ་སོགས་ཀྱི་རྗེས་ཤུལ་མཐོང་ཐུབ་ལ།    ཀྲུང་ཕྱིའི་ལེགས་ཆ་ཟུང་འབྲེལ་བྱས་པ་ཆེས་ལེགས་པའི་སྙན་
ངག་ཅིག་ཡིན"ཅེས་གླེང༌།
        མདོར་ན།  ཞུས་ཀྲི་མོའི་སྙན་ངག་འདི་གཅིག་པུའི་སྟེང་ནས་མཐོང་ཐུབ་པ་ནི།  རྒྱའི་གནའ་བོའི་སྙན་ཚིག་ཁྲོད་ཀྱི་རོལ་དབྱངས་དང་སྙན་ཚིག་
གཅིག་ཏུ་སྲེ་བའི་ཁྱད་ཆོས་དེ་རྒྱུན་འཛིན་བྱས་ཤིང༌།  ཁྱད་པར་དུ་ཕྱིའི་འཆར་ཡན་རིང་ལུགས་པའི་མཚོན་ཐབས་ཏེ་སེམས་ཀྱི་ཀུན་རྟོག་ཡངས་པོར་སྤྲོས་
ཤིང་མངོན་སུམ་སྣང་བའི་བྱ་དངོས་དང་འགལ་བའི་སྒྱུ་རྩལ་གྱི་སྣང་བརྙན་སློང་བའི་ཐབས་ལ་བརྟེན་ནས།   རང་དབང་དང་བག་ཡངས་ལ་རེ་བའི་
ཡིད་ཀྱི་འབོད་པ་ཤུགས་དྲག་པོ་དེ་སྙན་ངག་ངག་གི་ཚིག་འབྲུ་རེ་རེའི་ངོས་སུ་གོས་དང་སྣུམ་འཕྲད་པ་བཞིན་འཐིམ་དུ་བཅུག་ཡོད་པས།   "སྙན་ངག་ནི་
ཀུན་ཏུ་རྟོག་པའི་སེམས་ཀྱི་ཉམས་འགྱུར་སྟོན་པ་ཡིན"(ཞི་ལེའི་གསུང)ཅེས་པའི་ཚད་ལ་བསླེབས་ཡོད།    བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཆ་
གང་ནས་ཀྱང་ཡུལ་དུས་དང་འགལ་བའི་སྐྱོན་ཕྲ་མོ་ཙམ་ཡང་རྙེད་དཀའ།   ང་ཚོས་འདི་དང་འདི་ལྟ་བུའི་སྙན་ངག་མང་བོའི་ནང་མཐོང་ཐུབ་པའི་ཡིད་
ཀྱི་ཉམས་འགྱུར་དང་གཞན་གྱི་ལེགས་ཆ་གཉིས་གཅིག་ཕན་གཅིག་གྲོགས་སུ་གྱུར་པའི་རྣམ་པ་ལ་སློབ་སྦྱོང་བྱས་ན།  ད་གཟོད་སྙན་ངག་གསར་བ་འདི་
ཡང་ཨ་མའི་པང་དུ་སྐྱེས་མ་ཐག་པའི་བུས་པ་བཞིན་ལང་ཚོའི་སྟོབས་རྩལ་མྱུར་དུ་མ་རྫོགས་ཀྱང་བརྩེ་བའི་མིག་གིས་དོར་པའི་དུས་སྐབས་ནམ་ཡང་
འབྱུང་མི་སྲིད་དོ།།
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གསར་བའི་ལེགས་ཆ་ལེན་སྟངས་སྐོར་གྱི་གཏམ་གླེང་།

2008-10-30 གངས་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།