རྩོམ་རིགས་གསར་བའི་གནད་དོན་འགའ་ཞིག་གླེང་བ།

དོར་ཞི་གདོང་དྲུག་སྙེམས་བློ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-30

    གངས་ཅན་བོད་མི་རིགས་ནི་ལོ་རྒྱུས་ཆེས་སྔ་ཞིང་རིག་གནས་སྒྱུ་རྩལ་སོགས་ཀྱང་འཛམ་གླིང་མི་རིགས་ཁྲོད་ཀྱི་དར་སྔ་ཤོས་གྲས་ཡིན་ལ།  རྩོམ་རིགས་ཀྱི་དབང་དུ་བཏང་ན་དམངས་ཁྲོད་ཀྱི་རྩོམ་གླུ་གཞས་སྒྲུང་གཏམ་སོགས་ཆེས་སྔ་མོ་ཞིག་ནས་ཡོད་པ་ལོ་རྒྱུས་ཀྱི་ཡིག་ཚང་རྙིང་བ་དང༌། སྒྲུང་དང་གཏམ་རྒྱུད་དམངས་གླུ་སོགས་ཀྱི་བརྡ་དང་ཐ་སྙད་འཚོ་བའི་ནང་དོན་སོགས་ལ་བརྟགས་ན་ཤེས་ཤིང༌།   ཡི་གེར་བཏབ་པའི་སྒྲུང་དང་གཏམ་རྒྱུད་རྟོགས་བརྗོད་རྣམ་ཐར་སྙན་ཚིག་སོགས་སྒྱུ་རྩལ་རྩོམ་རིགས་སྐོར་ད་ལྟའི་བར་མ་ཉམས་པར་ཡོད་པ་དག་ཀྱང་ལོ་སྟོང་ཕྲག་གི་སྔོན་ནས་བཟུང་རིམ་པར་བྱུང་བ་ཡིན་ལ།   ཚད་གྲངས་དང་སྤུས་ཚད་གང་གི་ཐད་ནས་ཀྱང༌། གནའ་དུས་རིག་གནས་སྒྱུ་རྩལ་དར་སོ་ཆེ་བའི་མི་རིགས་གཞན་དག་ལ་ལ་འགྲན་བཟོད་ཅིང་ཞན་སྐྱོན་ཅུང་ཟད་ཀྱང་མེད་ཅེས་སྨྲ་བར་སྤོབས།  འོན་ཀྱང་དུས་རབས་བཅོ་བརྒྱད་བཅུ་དགུ་པའི་མཚམས་ནས་དེང་དུས་ཀྱི་ཚན་རིག་བཟོ་ལས་དང་མཉམ་དུ་དར་བའི་མི་དམངས་ཀྱི་འཚོ་བའི་གནས་ཚུལ་རྗེན་སྟོན་བྱེད་པའི་དེང་དུས་རྩོམ་རིགས་ཕྱོགས་ལ་ངེད་ཅག་རྗེས་ལུས་ཡིན་པ་ཡང་ཁས་མི་ལེན་ཐབས་མེད་ཡིན།
   མི་དམངས་ཀྱི་འཚོ་བའི་གནས་སྟངས་དང་རེ་འདུན་མཚོན་པའི་སྒྱུ་རྩལ་རྩོམ་རིགས་ནི་མི་ལ་ལའི་ལྟ་ཚུལ་ལྟར་ཡོད་ཀྱང་རུང་མེད་ཀྱང་རུང་བའི་བྱ་བ་གལ་ཆུང་ཞིག་མིན་ལ།  སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་མི་མང་གི་བློ་རིག་དང་བསམ་པའི་དཔལ་ཡོན་ཡར་རྒྱས་སུ་འགྲོ་བའི་ཐབས་གལ་ཆེན་ཞིག་དང༌།   མི་རིགས་ཀྱི་བློ་རིག་སྒྱུ་རྩལ་གྱི་ཆུ་ཚད་མཚོན་པའི་རྟགས་མཚན་མངོན་གསལ་ཞིག་ཀྱང་ཡིན་པས་མིག་རྒྱང་ཡོད་པའི་མི་སྣ་དང་སྤྱི་ཚོགས་ཡོངས་རྫོགས་ཀྱིས་མཐོང་ཆེན་བྱ་བར་འོས།   ཉེ་ཆར་ལོ་འགའི་རིང་ལ་མདོ་དབུས་གཙང་གསུམ་གྱི་ན་གཞོན་དང་དར་མའི་ཁྲོད་དུ་སྤྱི་ཚོགས་ཀྱི་གནས་སྟངས་དང༌།   མི་མང་གི་རེ་འདུན་མཚོན་པའི་སྒྲུང་གཏམ་དང༌།   སྙན་ཚིག་རྩོམ་མཁན་མི་གྲངས་མི་ཉུང་བ་ཞིག་བྱུང་བས་བོད་རིགས་རང་གི་རྩོམ་པ་རུ་ཁག་གསར་བ་ཞིག་རིམ་གྱིས་གཞི་ཆགས་ཤིང་ཉིན་རེ་བཞིན་དུ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་པ་འདི་ནི་སྙིང་ནས་དགའ་བ་བསྐྱེད་འོས་པའི་དོན་ཆེན་ཞིག་རེད། འོན་ཀྱང་རྩོམ་པ་བ་མང་ཤོས་ཤིག་ནི་གསར་དུ་རྩོམ་རིག་གི་ལམ་ལ་གོམ་པ་སྤོས་པ་དང༌།     རྩོམ་རིག་གསར་བའི་རྩོམ་སྟངས་དང་ནང་དོན་གཉིས་འཆར་ཚོད་བརྟག་བྱེད་པ་ལས་རང་ལ་ངེས་སྲོལ་ཞིག་ཆགས་མེད་པ་དང༌།   བོད་རང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིགས་པའི་གཞུང་ལུགས་ཕྱོགས་ལ་ལྟ་རྒྱ་ཆུང་བ་དང༌།    བོད་སྤྱི་ཚོགས་ཀྱི་སྔོན་གྱི་ལོ་རྒྱུས་དང༌།   ད་ལྟའི་གནས་ཚུལ།  མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྲུབ་པའི་ལྟ་སྤྱོད་ཀྱི་ཁྱད་པར་དང༌།   ཡུལ་སྲོལ་གོམས་འདྲིས་འཚོ་བའི་གནས་སྟངས་སོགས་ལ་ཞིབ་འཇུག་མི་འདངས་པ་དང༌། གནའ་དུས་དང་དང་དུས་ཀྱི་རྩོམ་རིགས་སྒྱུ་རྩལ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་སོགས་ལ་གོ་ཐོས་ཉུང་བ། རྩོམ་རིགས་སྒྱུ་རྩལ་གྱི་རྒྱུ་ཆའི་གཙོ་བོ་སྐད་ཡིག་གི་ཕྱོགས་ལ་བརྡར་ཤ་བཅད་པ་མི་འདངས་པ་སོགས་ལས་ནང་དོན་གྱི་ཆ་ནས་ཆུ་འཁྱགས་པ་ལ་རྩམ་སྐྱ་བཞིན་དུ་ཟབ་ཁྱད་མི་འདངས་པ་དང༌། སྒྱུ་རྩལ་གྱི་ཉམས་ཀྱི་ཆ་ནས་ཀློག་མཁན་རྣམས་ཀྱི་བློ་ངོར་བག་ཆགས་ཟབ་མོ་ཞོག་ཅིང་ཡིད་འགུལ་ཐེབས་པའི་ནུས་པ་མེད་པ་དང༌།   ཚིག་སྦྱོར་ཆ་ནས་སྦྱོར་བདེ་ཞིང་དོན་ལ་འབྱོར་ཚབས་ཆེ་བ་སོགས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཐོན་མེད་པ་སོགས་ཀྱིས་མཚོན་པའི་མི་འདངས་སའམ་སྐྱོན་ཆ་ཡང་མི་ཉུང་བ་ཞིག་ཡོད། ལམ་གསར་བར་གོམ་པ་སྤོས་པ་དང་ཚོད་བརྟག་བྱེད་པའི་གནས་སྐབས་ན་ཞན་ཆ་དང་སྐྱོན་ཆ་བྱུང་བ་ལ་ཡ་མཚན་རྒྱུ་དང་ཡ་ང་རྒྱུ་མེད་མོད་ཞན་ཆ་དང་སྐྱོན་ཆ་ངོས་ཟིན་ནས་འདོར་ཅི་ཐུབ་བྱེད་དགོས་ཏེ། སྒྱུ་རྩལ་རྩོམ་རིགས་ནི་མི་མང་གི་བསམ་པའི་ཟས་དང་སེམས་ཀྱི་སྨན་ཞེས་རླུང་ལྟར་འཇིག་རྟེན་ན་
རླུང་ལྟར་གྲགས་ཤིང་དོན་ལ་ཡང་དེ་ལྟར་གནས་པས། ཟས་དང་སྨན་ནི་གྲངས་མང་པ་ཙམ་གྱིས་མི་ཆོག་པར་ཟས་བཅུད་དང་རོ་ནུས་བཟང་དགོས་ལ། དེ་ཡང་ཟས་གཡོ་མཁན་མཁས་པ་དང༌། སྨན་པ་མཁས་པས་བཟར་རུང་མི་རུང་དུག་ཡོད་མེད་ལུས་ལ་ཕན་མི་ཕན་སོགས་ཟས་དང་སྨན་གྱི་ངོ་བོའི་ནུས་པ་དང་བླང་དོར་ཤེས་པའི་ངོས་ནས་ཟས་སྨན་རོ་བཅུད་ནུས་པ་ཕུན་སུམ་ཚོགས་པར་སྦྱོར་ཞིང༌། དེ་ལས་ལུས་ཟུངས་གསོ་བ་དང་ནད་སེལ་བའི་དགོས་པ་འགྲུབ་པར་བྱས་པ་ཡིན་ལ། གལ་ཏེ་ཟས་སྨན་གྱི་ནུས་པ་མི་ཤེས་ཤིང་བླང་དོར་མི་བྱེད་པར་ཤ་རིགས་འབྲུ་རིགས་རྩྭ་ལྡུམ་སོགས་ལག་ལ་གང་རྙེད་རྙེད་ཐམས་ཅད་ཟས་དང་སྨན་དུ་བྱས་ནས་ཚོང་རར་བཤམས་པ་དང༌། གཞན་དག་ལ་བཟར་བཅུག་ན་ཕན་པ་ལས་གནོད་པ་ཆེ་བ་བཞིན་དུ་བསམ་པའི་ཟས་དང་སེམས་ཀྱི་སྨན་གཡོས་སྦྱོར་བྱེད་པའི་རྩོམ་པ་རྣམས་ཀྱང་རྩོམ་གྱི་སྐྱོན་ཡོན་བླང་དོར་ཤེས་ནས་ལེགས་ཆ་སྤེལ་ཞིང་སྐྱོན་ཆ་བསལ་བའི་སྒོ་ནས་རྩོམ་སྤུས་ཇེ་ལེགས་སུ་གཏོང་བ་ཤིན་ཏུ་གལ་ཆེ་བར་སྣང་ལ། འདིར་གསར་རྩོམ་སྐོར་ལས་བྱུང་བའི་གནད་དོན་འགའ་ཞིག་གི་ཐད་ལ་རང་གི་ལྟ་ཚུལ་ཅུང་ཟད་གླེང་བར་བྱ་བ་ནི།
    
               དང་པོ། སྐད་ཡིག་ཕྱོགས་ཀྱི་གནད་དོན།
    
  སྤྱིར་རྩོམ་རིགས་ལ། སྤྱིར་བཏང་གི་རྩོམ་རིགས་དང་སྒྱུ་རྩལ་རྩོམ་རིགས་ཏེ། ངོ་བོའི་སྟེང་ནས་མི་འདྲ་བའི་རྩོམ་རིགས་གཉིས་ཡོད་ལ། དེ་གཉིས་ཀྱི་ཁྱད་པར་རྟོག་རིགས་དང༌། བརྗོད་བྱའི་དོན་བདེན་རྫུན་དང༌། རྗོད་བྱེད་ཚིག་གི་ཉམས་འདོན་ཚུལ་སོགས་ཀྱི་སྟེང་ནས་ཕྱེ་བ་ཡིན་ལ། ཤེས་པས་དོན་སྤྱི་དང་སྒྲ་སྤྱི་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པའམ་དངོས་པོའི་སྤྱི་མཚན་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པ་དང༌། དངོས་པོའི་གནས་ལུགས་ལ་སྒྲོ་སྐུར་མི་བྱེད་པར་བདེན་པར་བརྗོད་པ་དང༌། ཚིག་གི་སྙན་ཆ་དང་མཛེས་ཆ་གཙོ་བོར་མི་བྱེད་པར་བརྗོད་བྱའི་དོན་གོ་བ་གཙོ་བོར་བྱེད་པའི་རྩོམ་རིགས་ལ་སྤྱིར་བཏང་གི་རྩོམ་རིགས་ཟེར་ཞིང༌། མཚན་ཉིད་རིག་པའི་གཞུང་ལུགས་དང་འགྲེལ་བཤད། ཚན་རིག་རིག་གནས་ཀྱི་གཞུང༌། ལོ་རྒྱུས། དེབ་ཐེར། ཆབ་སྲིད་ཀྱི་ཡིག་ཆ་ཟིན་བྲིས། སྐུར་ཡིག བྱས་རྗེས་དྲང་པོར་བརྗོད་པའི་རྣམ་ཐར་རྟོགས་བརྗོད་སོགས་སྤྱིར་བཏང་གི་རྩོམ་རིགས་ཁོངས་སུ་གཏོགས་ཤིང་ཤེས་པས་མངོན་སུམ་གྱི་མྱོང་སྣང་ངམ། དངོས་པོའི་རང་མཚན་གྱི་ཁྱད་པར་འཛིན་པའི་ཚུལ་གྱིས་རྟོགས་པར་བྱེད་པ་དང༌། བརྗོད་བྱ་དངོས་སུ་ཡོད་མི་དགོས་པར་སྤྱི་ཚོགས་ཀྱི་གནས་ཚུལ་ཞིག་མཚོན་ཕྱིར་རྟོག་བཏགས་ཅི་དགར་བརྗོད་པ་དང༌། ཚིག་སྦྱོར་ཡང་གོ་དོན་བརྡ་འཕྲོད་ཐབས་ཙམ་མིན་པར་སྙན་ཞིང་རྣོ་བ། མཛེས་ཤིང་བརྗིད་ཆགས་པ་སོགས་སྒྱུ་རྩལ་གྱི་ཉམས་ཐོན་པ་གཙོ་བོར་བྱེད་པའི་རིགས་ལ་སྒྱུ་རྩལ་རྩོམ་རིགས་ཟེར་ཞིང༌། སྙན་ཚིག ཟློས་གར། སྒྲུང་དང་གཏམ་རྒྱུད། གླུ་གཞས་སོགས་དེའི་ཁོངས་སུ་གཏོགས་པ་ཡིན།
  དེ་ཡང་སྤྱིར་སྒྱུ་རྩལ་ཞེས་པ་ནི། རིག་འཕྲུལ་ལམ་དེ་ལས་བྱུང་བའི་མཛེས་སྡུག་གི་ཁྱད་ཆོས་དང་ལྡན་པའི་བཟོ་བཀོད་ཕུལ་བྱུང་དང་ལུས་ངག་གི་ཉམས་འགྱུར་སོགས་ཀྱི་དོན་ཡིན་ལ། སྒྱུ་རྩལ་རྩོམ་རིགས་ཞེས་པ་ནི། ཚིག་སྦྱོར་སྟེང་དུ་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་རྩོམ་རིགས་ཏེ། རི་མོ་ནི་ཚོན་གྱི་སྒྱུ་རྩལ་དང༌། རོལ་མོ་ནི་སྒྲ་གདངས་ཀྱི་སྒྱུ་རྩལ་དང༌། སྒྱུ་རྩལ་རྩོམ་རིགས་ནི་ཚིག་གི་སྒྱུ་རྩལ་ཞེས་འཛམ་གླིང་ན་རླུང་ལྟར་གྲགས་པའི་ཕྱིར་རོ།། རྟགས་འཇུག་རྩ་བར། མིང་གི་ཁོངས་ནས་ཚིག་བྱུང་ནས།། ཚིག་གིས་དོན་རྣམས་སྟོན་པར་བྱེད།། ཅེས་པ་ལྟར། དངོས་པོའི་མིང་དང་མཚམས་སྦྱོར་གྱི་སྒྲ་འདུས་པ་ལས་ཚིག་ཏུ་གྲུབ་ཅིང༌། ཚིག་གིས་བརྗོད་བྱའི་དོན་སྟོན་པ་ཡིན་ལ། སྤྱི་སྐད་ཀྱི་ཚིག་སྦྱོར་ལ་བྱེད་ལས་བརྗོད་དོན་གསལ་ལ་མ་ནོར་བར་སྟོན་ཅིང༌། དགོས་པ་གོ་བརྡ་གཙོ་བོར་བྱེད་པའི་རིགས་ཤིག་དང༌། བྱེད་ལས་བརྗོད་བྱ་གསལ་ལ་མ་ནོར་བར་སྟོན་པ་ཙམ་མིན་པར་དགའ་སྡུག་ཆགས་སྡང་སོགས་ཀྱི་ཉམས་འགྱུར་དང༌། སྙན་བརྗིད་མཛེས་སྡུག་གི་རོ་ནུས་ཚིག་གི་དངོས་ཟུར་ཅི་རིགས་སུ་ཐོན་ཅིང༌། དགོས་པ་ཡིད་འགུལ་ཐེབས་ཤིང་སེམས་ཀྱི་འགྱུར་བ་བསྐྱེད་པ་གཙོ་བོར་བྱེད་པའི་རིགས་ཤིག་སྟེ། བྱེད་ལས་དང་དགོས་པ་མི་གཅིག་པའི་ཚིག་སྦྱོར་བྱེད་སྟངས་རིགས་གཉིས་ཡོད་པ་ཡིན། སྤྱིར་བཏང་གི་རྩོམ་རིགས་ལ་ཚིག་སྦྱོར་སྟེང་ནས་དོན་གྱི་གོ་བརྡ་འཕྲོད་པ་ཙམ་གྱིས་ཆོག་ཅིང༌། སྒྱུ་རྩལ་རྩོམ་རིགས་ལ་དེ་ཙམ་ཞིག་གིས་མི་ཆོག་པར་རྩོམ་ལྟ་མཁན་དང༌། ཉན་མཁན་གྱི་རྒྱུད་ལ་ཡིད་འགུལ་ཐེབས་ཤིང༌། བདེ་སྡུག་དགའ་སྐྱོའི་ཚོར་བ་སྐྱེད་པའི་ནུས་པ་ཞིག་ཐོན་དགོས་པ་ཡིན། གོ་བརྡ་འཕྲོད་པ་གཙོ་བོར་བྱེད་པའི་རྩོམ་རིགས་ལ་ཡང་མ་མཐའ་སྙན་ངག་མེ་ལོང་དུ་བྱུང་བའི་དགོངས་པ་ཅན་གྱི་ཁྱད་ཆོས་བཞི་པོ་ཚང་དགོས་ཏེ། དེ་མ་ཚང་ན་སྤྱིར་བཏང་གི་རྩོམ་སྐྱོན་དུ་མཐོང་བ་ཡིན། ཁྱད་ཆོས་བཞི་བོ་དེ་གོ་བདེ་བར་བཤད་ན། ཁྱད་ཆོས་དང་པོ་ནི། སྨྱོན་པའི་གཏམ་ལྟར་རང་ཚིག་སྔ་ཕྱི་འགལ་བ་དང་འབྲེལ་མེད་མ་ཡིན་པར་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་འགལ་བ་མེད་ཅིང་ཕན་ཚུན་བརྗོད་དོན་གསལ་བར་བྱེད་པའི་ནུས་པ་ཡོད་པ་སྟེ། སྙན་ངག་མེ་ལོང་ལས། དངོས་པོ་ཡི་ནི་ཚིག་རྣམས་ཀུན། ཕན་ཚུན་ཕན་པར་བྱེད་ཉིད་ཅན་ཞེས་བྱུང༌། ཁྱད་ཆོས་གཉིས་པ་ནི། གླང་རྒན་འདམ་ལ་ཟུག་པ་ལྟ་བུ་རྫབ་རྫོབ་མ་ཡིན་པར། མི་དགོས་པའི་ཚིག་ཉོག་སྤངས་ཤིང༌། དོན་འདུས་ངོས་གཙང་དགོས་པ་སྟེ། དོན་དང་བྲལ་བའི་ཁྱད་པར་རྣམས། མ་བྱས་ཞེས་བྱུང༌། ཁྱད་ཆོས་གསུམ་པ་ནི། ལུས་ཀྱི་ཚད་དང་བསྟུན་ནས་ལྭ་བ་བཟོས་པ་ལྟ་བུའམ་མདའ་མཁན་མཁས་པའི་མདའ་མོ། གཟས་སའི་གནད་ལ་ཕོགས་པ་བཞིན་དུ་དོན་ལ་བསྙེགས་པའམ། ངེས་པ་སྟེར་ཚབས་ཆེ་དགོས་པ་སྟེ་གནས་སུ་བསྔགས་པ་དང༌། ཞེས་བྱུང༌། ཁྱད་ཆོས་བཞི་བ་ནི་སེང་རས་ཀྱིས་གཡོགས་པའི་མཛེས་པའི་གདོང་དང༌། སྨུག་པའི་གསེབ་ཀྱི་ཡུལ་ལྗོངས་ལྟ་བུ་མིན་པར་རྫ་ཆུ་དྭངས་མོའི་ཞབས་ཀྱི་རྡེའུ་དཀར་ནག་གསལ་ལེར་མཐོང་བ་བཞིན་དུ་ཚིག་ཁ་གསལ་ཞིང་དོན་གོ་བདེ་བ་དགོས་ཏེ། བརྗོད་རིམ་སྟོབས་ལས་དངོས་པོ་ནི། ཟབ་མོ་དག་ཀྱང་གསལ་བ་སྟེ། ཞེས་བྱུང་ངོ༌།། སྒྱུ་རྩལ་རྩོམ་རིགས་ལ་ཁྱད་ཆོས་བཞི་བོ་འདི་ཚང་བ་གཞིར་བཞག་གི་སྟེང་ནས་ཡིད་འགུལ་ཐེབས་ཤིང་སེམས་ཀྱི་འགྱུར་བ་བསྐྱེད་པའི་སྙན་བརྗིད་མཛེས་སྡུག་གི་ཉམས་དང་ནུས་པ་ཐོན་པར་བྱེད་དགོས། ཚིག་ཉམས་དང་དོན་ཉམས་འདོན་ཚུལ་ལ་ཡང་དན་ཌའི་སྙན་རྩོམ་རིགས་པའི་གཞུང་ལས་བྱུང་བ་དང༌། དམངས་ཁྲོད་ཀྱི་སྒྲུང་གཏམ། གླུ་གཞས། ཤགས། ཁ་མཚར་སོགས་ཀྱིས་མཚོན་པའི་རང་སྐད་ཀྱི་སྟེང་དུ་ཆགས་པའི་ངོ་མཚར་ཡིད་དུ་འོང་བའི་ཚིག་གི་ཉམས་དང༌། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་དང་རྩོམ་རིགས་ལས་བྱུང་བའི་རོ་ནུས་ཕུལ་དུ་བྱུང་བའི་ཚིག་རྒྱན་སྦྱོར་ཚུལ་སོགས་མང་དུ་ཡོད་ལ། སྒྱུ་རྩལ་རྩོམ་པ་བ་བཟང་པོ་ཞིག་བྱེད་འདོད་ན་ཐོག་མར་ཚིག་གི་སྡེབ་སྦྱོར་རམ་སྨྲ་བརྗོད་ཚིག་གི་ཉམས་བཟང་པོ་བྱེད་ཤེས་པ་ཞིག་ངེས་པར་དགོས་ཏེ། ཚིག་གི་སྡེབ་སྦྱོར་འབྱོར་མོ་ཞིག་མ་འཁྱོངས་ན་ཚོན་གྱི་སྡེབ་སྦྱོར་མི་ཤེས་པས་ཐང་ཀ་བཞེངས་པ་དང༌། དབྱངས་ཀྱི་འགྱུར་ཁུག་འདེགས་འཇོག་མི་ཤེས་པས་གླུ་ལེན་པ་དང་ཁྱད་པར་མེད་དོ།། དེ་ཡང་རྩོམ་རིགས་ཀྱི་གཞུང་དང་ཚིག་རྒྱན་རིག་པའི་གཞུང་ཤེས་པ་ཙམ་གྱིས་མི་ཆོག་པར་རྩོམ་གྱི་ལག་ལེན་ལ་སྦྱོར་ཤེས་པ་དགོས། རྩོམ་འབྲི་བའི་སྐབས་སུ་ཡང་ཚིག་རྒྱན་གྱི་ཁྱད་ཆོས་ཐོན་པ་ཙམ་ལ་དམིགས་ནས་བརྗོད་བྱ་གང་འགབ་རེ་འཇོག་པའི་སྙན་ངག་གི་རྩོམ་རྒྱུག་འབུལ་བ་ལྟ་བུ་མིན་པར། བརྗོད་བྱ་གཙོ་བོར་བྱས་ནས་དེའི་དོན་སྟོན་པའི་དགོས་མཁོ་དང་བསྟུན་ནས་ཉམས་ཁྱད་མཚར་ཐོན་པའི་ཚིག་དང་ཚིག་རྒྱན་བཙལ་དགོས།དེ་ཡང་འཇིག་རྟེན་ན་ཕོ་མོ་དང༌། ལུས་བོངས་ཆེ་ཆུང་དང༌། ལོ་ན་རྒན་གཞོན། ཤ་མདོག་དཀར་སྨུག་སོགས་དང་བསྟུན་ནས་གང་ལ་གང་འཚམས་ཀྱི་གོས་རྒྱན་སྤྲས་པ་བཞིན་དུ་ཚིག་དང་ཚིག་རྒྱན་ཡང་བརྗོད་བྱའི་ནང་དོན་དང་འཚམ་པར་སྦྱོར་བ་གལ་ཆེ་ཞིང༌།   དེ་ལྟ་མིན་ན་སྤྲང་མོ་རྒྱལ་པོའི་བཙུན་མོར་གྱུར་ནས་གཟབ་སྤྲས་བྱེད་པ་བཞིན་གོས་རྒྱན་རིན་ཐང་གང་ཆེ་དང༌། གོས་ཀྱི་སྟེང་དུ་གོས་དང༌།  རྒྱན་གྱི་སྟེང་དུ་རྒྱན་བརྩེགས་ན་དར་ཟབ་དང་རིན་ཆེན་རྒྱན་ཆ་བཤམས་སྟོན་བྱས་པ་ལྟ་བུར་གྱུར་ནས་ལུས་ཀྱི་མཛེས་སྡུག་སྒྲིབ་པའི་ཚུལ་ལས་མ་འདས་སོ།།   སྔོན་དུས་རྒྱ་གར་གྱི་ཡུལ་ཆོས་དང་དེང་སང་ཕྱི་གླིང་ན་དར་ཆེ་ཞིང་རྒྱལ་ཁབ་ནང་ཁུལ་དུ་ཡང་རིམ་གྱིས་དར་གྱིན་ཡོད་པའི་བུད་མེད་ཀྱི་གོས་རྒྱན་སྤྲས་སྟངས། གོས་སྲབ་ཅིང་ལུས་དབྱིབས་ཀྱི་ཁྱད་པར་གསལ་བར་མངོན་པ་དང༌། རྒྱན་ཉུང་ཟད་ཅིག་ལས་མི་འདོགས་པས་ལུས་ཀྱི་ལྷན་སྐྱེས་ཀྱི་མཛེས་སྡུག་གི་ཁྱད་ཆོས་མངོན་གསལ་དུ་མཐོང་བའི་ཚུལ་འདིས་རྩོམ་ཉམས་འདོན་ཚུལ་དང་ཚིག་རྒྱན་སྦྱོར་ཚུལ་ཡང་རིག་སྒོ་མི་འདྲ་བ་ཞིག་བཏོད་ཡོད་དེ། འཇིག་རྟེན་ན་གྲགས་ཤིང་རབ་ཏུ་གསལ་བར་བརྗོད་པ་ནི་སངས་རྒྱས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་ཡ་གྱལ་གཅིག་ཏུ་བརྩིའོ།   རྩོམ་རིགས་གང་ཡིན་ཡང་སྨྲ་བརྗོད་ཀྱི་ཚིག་ལས་གྲུབ་པ་ཡིན་ལ་ཚིག་སྦྱོར་བྱེད་སྟངས་ཤེས་དགོས་ན། སྐད་ཡིག་གི་གཞི་རྩ་བཟང་ཙམ་ཞིག་ཆགས་དགོས། དེ་ཡང་སྐད་ཀྱི་དབང་དུ་བཏང་ན་མི་རིགས་ཐུན་མོང་གི་སྤྱི་སྐད་དང༌།  ཡུལ་བྱེ་བྲག་པའི་ཡུལ་སྐད་གཉིས་ཡོད་ལ་སྤྱི་སྐད་ནི་སྐད་རིགས་གང་ཡིན་ཀྱང་ཐོག་མར་ཁྱབ་ཆེ་བའི་ཡུལ་སྐད་ཅིག་གཞིར་བཟུང་ནས་ཡི་གེར་བཏབ་ཅིང༌།   སྲིད་དོན།  ཚོང་ལས་ཆོས་ལུགས་རིག་གནས་སོགས་ཀྱི་སྟེང་དུ་ཡུན་རིང་པོར་བེད་སྤྱད་ནས་ཁྱབ་ཆེ་བར་སོང་ཞིང་སྐད་ཡིག་དེའི་ས་ཁོངས་སུ་ཡུལ་གྱི་ཁྱད་པར་མེད་པར་ཕན་ཚུན་བརྡ་འཕྲོད་པའི་སྐད་ཆ་ཞིག་ཡིན་ལ།   ཡུལ་སྐད་ཅེས་པ་ནི་ས་ཆ་སོ་སོའི་རྒྱུན་སྤྱོད་ཀྱི་ཁ་སྐད་ཀྱི་མིང་ཡིན།  དེ་ཡང་ཡུལ་དུས་ཀྱི་དབང་གིས་མིང་ཚིག་གི་སྒྲ་གདངས་སྟེང་ནས་ཁྱད་ཤོར་བ་མ་གཏོགས།  བརྡའི་མིང་གཞི་དང༌། ཚིག་སྦྱོར་བྱེད་ཚུལ་གྱི་བརྡ་སྤྲོད་རྣམ་གཞག་སྟེང་ནས་སྐད་རིགས་གཅིག་གི་ཡུལ་སྐད་ཕན་ཚུན་ཁྱད་པར་ཡོད་པ་མིན་ནོ།།   རྩོམ་གྱི་ནང་དུ་ངེས་པར་ཐུན་མོང་དུ་བེད་སྤྱོད་པའི་སྤྱི་སྐད་དམ་ཡིག་སྐད་ཚད་ལྡན་དེ་བཀོལ་དགོས་ཤིང་གལ་ཏེ་ཡུལ་སྐད་ཀྱིས་བྲིས་པའམ།    ཡུལ་སྐད་བསྲེས་མང་ན་ཡུལ་དེའི་མི་ལས་ཡུལ་གཞན་གྱི་མི་རྣམས་ཀྱིས་མི་གོ་བས་སྤྱི་ཚོགས་ལ་ཕན་འདོགས་ཕུལ་ཆུང་ངོ༌།། དེང་སང་མི་ལ་ལས་ཡིག་སྐད་ནི་ཁ་སྐད་དང་བར་ཐག་རིང་ཞིང་མང་མང་གིས་མི་གོ་བས་ཁ་སྐད་ལྟར་འབྲི་དགོས་ཟེར།   དེ་ནི་ཡི་གེ་དང་ཁ་སྐད་གཉིས་ཀྱི་རང་རང་གི་ཁྱད་ཆོས་དང་འགལ་འབྲེལ་སོགས་ལ་དཔྱད་པ་མ་ཞུགས་པའི་གཏམ་ཡིན་ལ། ཡིག་སྐད་དང་ཁ་སྐད་ལ་ཁྱད་པར་ཡོད་པ་ཡང་ཤིན་ཏུ་བདེན། ཁྱད་པར་ཡོད་ས་ཡང་མདོར་བསྡུས་ན་གསུམ་སྟེ། དང་པོ། ཡིག་ངོའི་སྒྲ་དང་ཡུལ་སྐད་ཀྱི་སྒྲའི་ཁྱད་པར།   གཉིས་པ། ཐ་སྙད་མང་ཉུང་གི་ཁྱད་པར།   གསུམ་པ།  བཟོ་བཅོས་བྱས་མ་བྱས་ཀྱི་ཁྱད་པར་རོ། །  དང་པོ།  ཡིག་སྐད་དང་ཁ་སྐད་གཉིས་སྒྲ་མི་འདྲ་ས་ཡོད་པ་དེ་བོད་ཡིག་ཁོ་ནའི་སྐྱོན་མིན་ལ། དབྱིན་ཇི་དང་ཨུ་རུ་སུ་སོགས་ཀྱི་སྦྱོར་ཀློག་ཅན་གྱི་ཡིག་རིགས་ཕལ་ཆེར་ལ་གནས་ཚུལ་དེ་འདྲ་ཡོད། དེའི་རྒྱུ་མཚན་ཡང་ཁ་སྐད་ཀྱི་སྒྲ་གདངས་ནི་ཡུལ་དུས་ཀྱི་དབང་གིས་འགྱུར་སླ་ཞིང། ཡིག་གཟུགས་ཀྱི་སྡེབ་སྦྱོར་ནི་གོམས་གཤིས་ཀྱི་རྣམ་གཞག་གཏན་ཆགས་ཤིག་ལ་བརྟེན་དགོས་པས་ཡུལ་དུས་ཀྱི་སྒྲ་གདངས་ལྟར་འགྱུར་ཆེན་གོམས་གཤིས་ཀྱི་རྣམ་གཞག་ཞིག་ནས་བརྡ་སྤྲོད་པའི་ནུས་པ་ཉམས་འགྲོ་བ་ལས་འོས་མེད་དོ།   དེའི་གནད་ཀྱིས་ཁ་སྐད་ཀྱི་སྒྲ་ཇི་ལྟར་འགྱུར་ཡང་ཡི་གེའི་སྡེབ་སྦྱོར་ལ་གཏན་ཆགས་རང་བཞིན་ཞིག་དགོས་པ་ཡིན། དེང་སང་གི་དབྱིན་ཇིའི་སྐད་དང་དབྱིན་ཡིག་གི་སྡེབ་སྦྱོར་གྱིས་མཚོན་པའི་སྒྲ་གདངས་གཉིས་མི་འདྲ་ས་ཤིན་ཏུ་མང་བ་ཡང་ཡིག་གཟུགས་ཀྱི་སྡེབ་སྦྱོར་མ་བསྒྱུར་བར་གནའ་སྲོལ་ལྟར་བྱེད་པའི་རྒྱུ་མཚན་ཁྱད་པར་ཅན་དེ་འདྲ་ཞིག་ལ་ཐུག་ཡོད་པ་ཡིན།    གཉིས་པ་ནི།  ཁ་སྐད་ལ་འཚོ་བར་མཁོ་བའི་ཐ་སྙད་ཉུང་ཤས་ཤིག་ལས་མེད་ལ།    ཡིག་ངོར་རིག་གནས་ཇི་ལྟར་དར་ཆེ་ན་ཐ་སྙད་ཡང་དེའི་ཚོད་ཀྱིས་མང་བ་ཡིན།   རིག་གནས་ཀྱི་ཐ་སྙད་མང་བོར་སྦྱངས་པ་མ་བྱས་པའི་མི་དམངས་ཕལ་གྱིས་མི་ཤེས་པར་མ་ཟད།    མཁས་པ་རྣམས་ཀྱང་རང་ལ་རྒྱུས་མེད་པའི་རིག་གནས་ཕྱོགས་ཀྱི་ཐ་སྙད་དེ་དག་ག་ལ་ཤེས།   དེ་ཡང་ཡིག་སྐད་དང་ཁ་སྐད་མི་འདྲ་ས་ཞིག་ཡིན།   གསུམ་པ་ནི།   གདོད་མའི་རྣམ་པར་གནས་པའི་མང་མང་གི་ཁ་སྐད་དང་མཁས་པ་རྣམ་ཀྱིས་ཞིབ་ཚགས་བྱས་པའི་ཡིག་སྐད་ཀྱི་ཁྱད་པར་ཏེ།   སྔ་མ་ནི་བཞུ་བཏུལ་མ་བྱས་ཤིང༌། དྭངས་སྙིགས་མ་ཕྱེ་བའི་གསེར་བྱེ་ལྟ་བུ་དང༌། ཕྱི་མ་ནི། གསེར་མགར་གྱི་ལག་རྩལ་ལས་བྱུང་བའི་གསེར་གྱི་བཅའ་ལག་ལྟ་བུ་ཡིན།  དེ་གཉིས་ཁྱད་པར་ཡོད་ཀྱང་དམངས་ཁྲོད་དུ་ཡི་གེ་དང་རིག་གནས་ཁྱབ་གདལ་དུ་སྤེལ་ཏེ་མང་མང་གི་ཁ་སྐད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་ལས།  ཡིག་སྐད་ཀྱི་ཆུ་ཚད་མར་ཕབ་ནས་ཁ་སྐད་དང་བསྟུན་དགོས་པ་ཞིག་ག་ལ་ཡིན། དེ་འདྲ་མིན་པར་མ་ཟད་སྒྱུ་རྩལ་རྩོམ་རིགས་ཀྱི་སྐད་ཆ་ནི་སྤྱིར་བཏང་གི་རྩོམ་རིགས་ལས་ཀྱང་གྲིམས་ཤ་ཆེ་ཞིང། ངོས་གཙང་བ།  མཛེས་ཉམས་དང་རྣོ་དཔང་ཆེ་བ་སོགས་སྒྱུ་རྩལ་གྱི་ཁྱད་ཆོས་མང་པོ་ཞིག་ཚང་དགོས་པ་ཡིན།  དེ་ཡང་ཡི་གེ་ནི་གོམས་གཤིས་ཀྱི་རྣམ་གཞག་ལ་བརྟེན་དགོས་ཏེ་ཡིག་ངོས་མིང་ཚིག་གི་སྡེབ་སྦྱོར་བྱེད་སྟངས་གོམས་གཤིས་སུ་ཆགས་པ་དེ་དོར་ནས་ཡུལ་སྐད་རེ་ཟུང་དང་བསྟུན་ཁུལ་བྱས་ནས་ཁ་ལ་གང་ཡོང་ལག་ལ་ཅི་ཐེབས་བྲིས་ན། ཡིག་ལོང་ཕར་ཞོག་མཁས་པ་རྣམས་ཀྱིས་ཀྱང་མི་གོ་བས་རྩོམ་རིགས་དེ་ལ་རིན་ཐང་ཅི་ཡོད་གནམ་སྔོན་པོས་ཤེས། དེང་སང་གི་རྩོམ་རིགས་ནང་དུ་ཡི་གེ་ལ་དག་ཆ་མེད་པ་དང་ཚིག་གི་སྦྱོར་སྟངས་བོད་སྐད་དང་མི་མཐུན་པ་དང་ཡུལ་སྐད་ཉག་ཉོག་བསྲེས་པ་མང་དུ་ཡོད་པས་ནང་དོན་ཅུང་ཟད་ལེགས་པའི་རིགས་ཀྱི་རིན་ཐང་ཡང་ཆེ་ཆེར་བཅག་འདུག་གོ ། འོ་ན་རྩོམ་གྱི་ནང་དུ་ཡུལ་སྐད་གཏན་ནས་བཀོལ་མི་རུང་ངམ་ཞེ་ན། དེ་ཡང་མིན་ཏེ་ཡུལ་སྐད་ནང་ན་རིན་ཐང་ཡོད་པའི་བརྡ་གསར་རྙིང་མང་དུ་ཡོད། སྔོན་གྱི་གསུང་རྩོམ་དང་དག་ཡིག་ནང་ན་མེད་ཀྱང་དོན་སྟོན་པ་ལ་ཉེ་བར་མཁོ་བའི་མིང་ཚིག་ཡུལ་སྐད་ལ་ཡོད་ན་ཡུལ་སྐད་ལས་བླངས་ཏེ་ཁ་གསབ་བྱེད་པ་འཇིག་རྟེན་སྤྱིའི་འགྲོ་ལུགས་ཡིན། དེ་འདྲ་སྔོན་གྱི་ཚད་ལྡན་མཁས་པའི་གསུང་ན་ཡང་མང་དུ་ཡོད། དཔེར་ན་རྡོ་སྦིས་དགེ་བཤེས་རིན་པོ་ཆེའི་གསུང་རྩོམ་ནང་ན་ཡང་ང་ལ་ངི་དང་ངེ་ཞེས་བྲིས་ཡོད་པ་ཡང་ཡོད་དེ།   ལྕང་ལོ་ཅན་གུང་སྐུ་ཕྱོགས་ལ་གནང་བའི་ཡི་གེར།   ངི་གཉིས་ཚེ་འདིར་མཇལ་བར་མ་གྱུར་ན།། ངུ་བ་སྤངས་པའི་བདེ་ལྡན་ལྗོངས་ཤིག་ནས།། ངེ་ཁྱོད་མེད་པར་བརྩེ་བའི་མཛའ་གྲོགས་སུ།།   ངོ་ཤེས་བཞིན་དུ་འཕྲད་པའི་སྨོན་ལམ་འདེབས།། ངི་ངེ་བརྡ་དག་འདི་འདྲ་ཡོད་མོད་ཀྱང༌། །  ངུ་ངག་སྐྱོ་བའི་བྱིས་པས་ག་ལ་ཤེས།། ངེ་རང་ལྟ་བུར་གཞུང་མང་ལྟོས་ཤིག་དང༌། ། པོ་ཏི་བརྒྱ་སྟོང་སྙིང་ལ་ས་ལེར་འཆར།   །ངི་ནི་ཡུལ་གྱི་བྱེ་བྲག་འགའ་ན་ཡོད།   །ངུ་ནི་བོད་རིགས་ཀུན་གྱི་ཐུན་མོང་སྟེ།། ངེ་ཡང་སྒྲ་རྒྱན་མང་པོར་སྣང་ངོ་ཞེས།   །ངོ་ཤེས་ནང་མར་དངོས་མའི་གསང་གཏམ་བསྒྲགས། ། ཞེས་པ་ལྟ་བུ་དང་གཞན་ཡང༌། ཞང་སྟོན་བསྟན་པ་རྒྱ་མཚོའི་གསུང་རྩོམ་དང༌།  ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་གླུ་སོགས་ཀྱི་ནང་ན་ཡང་གོ་བདེ་ཞིང་དོན་ལ་འབྱོར་ཚབས་ཆེ་བའི་ཕལ་སྐད་ཡུལ་སྐད་མང་དུ་ཡོད། འོན་ཀྱང་ཕལ་སྐད་ཡུལ་སྐད་ཀྱི་ཐ་སྙད་ཡི་གེར་འདེབས་ཚེ་སྒྲ་གདངས་ལ་ཞིབ་ཏུ་བརྟགས་ནས་བརྡ་སྤྲོད་ཡི་གེའི་རྣམ་གཞག་དང་མི་འགལ་བ་ཞིག་བྱེད་དགོས་ཤིང༌།  ཡུལ་ལུང་ཁ་ཤས་ཀྱི་སྒྲ་འདོན་སྟངས་དང་བསྟུན་ནས་རང་འདོད་དུ་འབྲི་མི་རུང༌། ལྷག་པར་ཡོད་པ་རེད་དང༌།  ཡིན་སྟབས་ལྟ་བུ་ཡིག་སྐད་ལ་ཡོད་བཞིན་དུ་ཡུལ་སྐད་ལ་བསྟུན་ནས་ཡོག་རེད་དང༌།   ཡིན་ཙང་ལྟ་བུའི་བརྡ་ལོག་དེ་འདྲ་སྤེལ་བ་ལ་དགོས་པ་ཡོད་པར་མ་མཐོང་ངོ༌།།   གལ་ཏེ་ཡུལ་ལུང་སོ་སོའི་མི་རྣམས་ཀྱི་རང་མཚན་གྱི་ཁྱད་ཆོས་མཚོན་ཕྱིར་ཡུལ་ལུང་གི་ཐ་སྙད་ཚིག་སྐྱག་བཀོལ་ན་ཡང༌།   མཇུག་མཆན་འགོད་པའི་ཐབས་ལ་བརྟེན་ནས་མང་མང་ལ་གོ་བརྡ་འཕྲོད་པར་བྱེད་དགོས།   སྤྱི་ཚོགས་འཕེལ་རྒྱས་སུ་དངོས་རྫས་གསར་བ་མང་དུ་བྱུང་བ་དང༌།   ཚན་རིག་རིག་གནས་གསར་བ་སྔོན་ཆད་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པ་གྲངས་ལས་འདས་པ་ཞིག་བྱུང་བར་བརྟེན།   སྤྱི་ཚོགས་ཀྱི་འཚོ་བའི་ཁྱབ་ཁོངས་སུ་དངོས་དབང་གིས་ཐ་སྙད་གསར་བ་མང་པོ་ཞིག་བཀོལ་དགོས་པ་བྱུང༌།   ཉེ་ལམ་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བོད་སྐད་ཀྱི་ཐ་སྙད་གསར་བ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གསར་བཟོ་གསར་བསྒྱུར་མང་དུ་བྱུང་ཞིང༌། དེའི་ནང་ན་དོན་ལ་འབྱོར་ཚབས་ཆེ་ཞིང༌།  བོད་སྐད་ཀྱི་མིང་ཚིག་
གྲུབ་ཚུལ་གྱི་རྣམ་གཞག་དང་མཐུན་པའི་ཐ་སྙད་བཟང་པོ་མང་དུ་ཡོད་ལ།  ཐ་སྙད་སྦྱོར་ཚུལ་བོད་སྐད་ཀྱི་རྣམ་གཞག་དང་མི་མཐུན་ཞིང༌། བསྒྱུར་བྱའི་གོ་དོན་ཇི་ལྟ་བུ་བཞིན་དུ་ཐོན་མེད་པའམ་འགྱུར་ལོག་ཏུ་གྱུར་པ་དང༌། གཞན་སྐད་ཐད་འགྱུར་གྱི་ངན་ཤན་ཤོར་བ་དང༌། རང་སྐད་ཀྱི་སྟེང་དུ་མཚོན་ནུས་བཞིན་དུ་གཞན་སྐད་ཀྱི་སྒྲ་བསྲ་མ་བསྲེ་བྱས་པ་དང༌།  ས་མིང་མི་མིང་ཚན་རིག་འཕྲུལ་འཁོར་སོགས་ཀྱི་མིང་ཕྱི་རྒྱལ་གྱི་སྐད་ཇི་ལྟ་བ་བཞིན་དུ་བོད་ཡིག་གིས་མཚོན་ཐུབ་བཞིན་དུ།  ཕྱི་ཡིག་གི་བརྡ་ལོག་པའི་རྒྱ་སྐད་ལྟར་ཚིག་ལོག་བརྡ་ལོག་སྤེལ་བ་སོགས་ཉོག་རྫོབ་ཤིན་ཏུ་མང་བས། རྩོམ་པ་བ་རྣམས་ནས་མིང་ཚིག་གསར་བ་བེད་སྤྱོད་དུས་བརྟག་དཔྱད་འདོར་ལེན་མ་བྱས་པར་ཐ་སྙད་གསར་བའི་ཚིག་མཛོད་དང༌། བསྒྱུར་རྩོམ་ཉག་ཉོགགསར་ཐོས་ཚགས་དཔར་སོགས་ཀྱི་སྟེང་དུ་རིག་ཚད་རྩོམ་ཁྲོད་དུ་བཞག་ན།  རྩོམ་སྐད་ཚད་ལྡན་དུ་འགྱུར་བའི་ཕྱོགས་ལ་གནོད་པར་གོར་མ་ཆག  དེའི་སྟབས་ཀྱི་རྩོམ་འབྲི་བའི་སྔོན་ལ། སྐད་ཡིག་ཕྱོགས་ཀྱི་རྩ་བའི་ཤེས་བྱ་སུམ་རྟགས་དག་གསུམ།   སྙན་ངག་རྩོམ་གཞུང་སོགས་ལ་བརྡར་ཤ་བཅད་ཅིང༌།   ཡིག་སྐྱོན་ཚིག་སྐྱོན་མི་འབྱུང་བ་ཞིག་མ་མཐའ་བྱ་དགོས།  ཆ་རྐྱེན་དེ་མ་འཚགས་ན་རེ་ཞིག་ཕྱོགས་དེར་འབད་པ་ལས་ཆ་རྐྱེན་མེད་པར་རྣམ་རྒྱལ་ཁང་བཟང་འཕིབ་པའི་ལས་ལ་འཇུག་པར་མི་བྱའོ།   །

རྩོམ་ཁུངས། དོར་ཞིའི་གསུང་བཏུས

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྩོམ་རིགས་གསར་བའི་གནད་དོན་འགའ་ཞིག་གླེང་བ།

2008-10-30 དོར་ཞི་གདོང་དྲུག་སྙེམས་བློ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།