ཡི་གེའི་འོད།

སེར་ལེགས་འཕྲིན།༼ཀན་ལྷོ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-09

                         —— གཟི་མིག་གསུམ་པའི་སྙན་ངག་ལ་བྲིས་པ།
      ༡. མི་སེམས་ལ་དྲོད་སྦྱིན་པ།
   ཡི་གེ་ཞེས་པའི་ཆགས་སྡང་གི་རི་མོ་འཁྱོག་པོ་ཞིག་གིས་དུས་ཚོད་ཀྱི་ལྷུ་ལག་རལ་ཞིང་འཚོ་གནས་ཀྱི་བྱང་ཐང་གཤགས་པའི་ཉམ་ཆུང་ནུས་ཞན་གྱི་འགྲོ་བ་མིའི་འཇིག་རྟེན་དུ། ལོ་ཟླ་ངེས་ཅན་ཞིག་གི་སྔ་རོལ་ཏུ་བྱོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གིས་གངྒའི་ཀློང་གི་བྱེ་མ་ཉིད་ཀྱི་རྡུལ་གྲངས་དང་མཉམ་པའི་རིགས་ཀྱི་བུ་དང་བུ་མོ་དག་གི་སླད་དུ་ཡི་གེའི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བསྐྲུན་ཏེ་བདེ་བར་གཟིམས་སོང་ལ།  དེ་ཡི་ཤུལ་དུ་བགྲོད་པའི་དུས་ཚོད་ཀྱི་ཆག་ཆག་དང་ཅག་ཅག་གི་སྒྲ་ཕལ་བ་དག་གིས་བདེན་པ་བཞི་དང་ཚད་མེད་ལྔ་སོགས་ཀྱི་ངོ་བོ་གཞན་དུ་བསྒྱུར་ཏེ། ལོག་ལྟ་ཅན་དང་སྡང་སེམས་ཅན། རྨོངས་མུན་རབ་རིབ་ཀྱི་རྨི་ལམ་ཞིག་ཚུར་བསུས་ཏེ་ཡོད་ཚད་ཐབས་རྡུགས་པ་དང་ཁོ་ཆད་པ། ཡི་མུག་པ་སོགས་ཀྱི་ཀློང་དུ་འཕྱན་ནས་ཀྱང་དུས་ཚོད་རིང་ཞིག་སོང་བའི་བར་ཤེད་འདིར་གཟི་མིག་གསུམ་པ་ཟེར་བའི་སྐྱེས་བུ་ཞིག་གིས་ཡི་གེའི་ཐབས་རྩལ་གཞན་ཞིག་བཀོལ་ཏེ་སྣང་བ་སྐྱ་ཐང་ཐང་གི་སྟོང་ཁམས་དེར་འོད་ཟེར་གྱི་སྡེར་མོ་ཐེངས་གཅིག་བགྲད་པས་སྟེང་གི་སྡིག་ལྡན་གྱི་ནམ་མཁའ་ནག་པོ་དེའི་ཕྱི་གོས་དབྱིངས་སུ་དག་པར་བྱེད་པ་དང་ཆབས་གཅིག་སེམས་པའི་དབུགས་ངལ་གསོ་སའི་དྲོད་ཐིག་ཅིག་ཀྱང་སྦྱིན་ཡོང་ཞེས་ནམ་ཡང་འུད་བརྗོད་ལ་དགའ་བ་བདག་གིས་དབུགས་ཐེངས་གཅིག་གིས་བྲིས་པ་ཡིན།
       ༢. རོལ་དབྱངས་ལ་སྲོག་ཞུགས་པ།
     སྙན་ངག་ལ་རོལ་དབྱངས་ཀྱིས་ཚད་གཞི་འདེབས་པའམ་རོལ་དབྱངས་ལ་སྙན་ངག་གི་མཚུངས་ཆོས་སྦྱོར་བའི་སྲོལ་ནི་ནུབ་ཕྱོགས་པའི་ལུགས་ཤིག་གམ་ཤར་ཕྱོགས་པའི་སྲོལ་ཞིག་རང་རེར་དར་བའམ། སྙན་ངག་གི་ཚོར་བ་རྣོ་བའི་རང་རེའི་སྐྱེས་བུ་གོང་མ་དག་གི་འདོད་ཚུལ་གང་ཞིག་ཡིན་པ་ཆ་མ་འཚལ་མོད། སྙན་ངག་དང་རོལ་དབྱངས་གཉིས་ངོ་བོ་གཅིག་ཏུ་འདོད་མཁན་ནི་ད་ལྟའི་ཕྱི་ནང་གཉིས་ན་མང་དུ་མཆིས་པ་རེད། ཡིན་ཡང་། འདེགས་འཕར་གྱི་ཆ་དང་སྐྱོ་གདུང་གི་ཆ། ཡིད་འགུག་གི་ཆ་ཅི་ཡང་མེད་པའི་རོལ་དབྱངས་ཤང་ཤང་བ་ཞིག་ལ་སྙན་ངག་ཅེས་བོས་ན་སོ་སྐྱེ་ཁོ་བོ་ཅག་གིས་ནམ་ཡང་གོ་བ་ལེན་དཀའ། དེ་བས་གཟི་མིག་གསུམ་པའི་སྙན་ངག་ནི་མི་སེམས་ལ་ལྷད་མེད་དྭངས་གཙང་གི་རང་བྱུང་ཁམས་ཤིག་ངོ་སྤྲོད་པའི་རོལ་དབྱངས་ཚན་པ་ཞིག་ཡིན་པའི་དབང་དུ་བཏང་ན། དེ་ལ་བདེན་པ་བདར་བའི་ཆུ་རིས་ཀྱི་རྣམ་ཤེས་ལྡན་ཞིང་།  མཛེས་རྟོག་གསར་བའི་འགྱུར་ཁུགས་ཀྱི་རྣོ་དབལ་འབར་བའི་རོལ་དབྱངས་དེ་ལ་ནི་འུ་ཅག་སྨྲ་བསམ་བརྗོད་མེད་ཀྱི་ཚོར་བའི་ཀློང་དབྱིངས་སུ་འདྲེན་པའི་མཐུ་དང་སྟོབས་མངའ་བར་སྙམ་མོ།།
       ༣. ཨུ་ཚུགས་ཀྱིས་སྐྱོན་བཙལ་བ།
     བརྩམས་ཆོས་གང་ཞིག་ལ་དཔྱད་བརྗོད་དམ་ལྟ་ཚུལ་འབྲི་བའི་ཚེ་ཐོག་མར་བརྩམས་ཆོས་དེའི་ལེགས་པའི་ཆ་གོང་དུ་བསྒྲིགས་ཤིང་དེའི་མཇུག་གམ་ཟུར་ཞིག་ཏུ་དེ་ལ་སྐྱོན་བརྗོད་དང་ཐེར་འདོན་གྱི་སྐད་ཆ་རེ་གཉིས་འབྲི་ཐུབ་ཚེ་དེ་ནི་ད་ལྟའི་སྤྱི་བའི་ལུགས་སྲོལ་ཞིག་ཏུ་ཆགས་ཡོད་པས་ན་བྱེད་པོ་རང་ཡང་ལམ་དེ་ལས་མི་གཡོལ་བའི་ཕྱིར་དུ་གྲོགས་པོའི་སྙན་ངག་ཁྲོད་ནས་མཇུག་གི་སྟོང་ཆ་སྐོང་བྱེད་ཅིག་ཨེ་རྙེད་ལ་ཡས་འཚོལ་མས་འཚོལ་གྱི་དཀའ་ལས་མང་ཙམ་བརྒྱབ་མོད། ཁོའི་ཐོག་མའི་སྙན་ངག་དག་དང་བསྡུར་ན་ད་ལྟའི་འབྲི་བཞིན་པ་དག་ནི་སྤྱི་འབངས་ཅན་ཞིག་ལ་ཕྱོགས་ཏེ་ཅུང་ཙམ་ཁ་གསལ་བའི་ལམ་ལ་འགྲོ་བཞིན་ཡོད་པ་འདིས་ཕམ་ཁ་ཞིག་ལ་མགོ་བསྒུར་བ་ཨེ་མཚོན་སྙམ་པ་དང་།  དེ་མིན་ཁོའི་སྙན་ངག་ལ་གཏན་ཚིགས་ཀྱི་ཆ་ཞིག་ཨུ་ཚུགས་ཀྱིས་བསྲེས་ཏེ་རང་གོ་ཆིག་ཆོད་ཀྱི་སྡོམ་ཚིག་ལྟ་བུ་ཞིག་ཏུ་སོང་ཡོད་པ་ནི་ཁོའི་སྙན་ངག་གི་ཞན་ཆ་རེད་ཟེར་རྒྱུ་མ་གཏོགས་ཅི་ཡང་འབྲི་རྒྱུ་མ་རྙེད་པ་ནི་ཕངས་པ་ལ།
                    ཞེས་སེར་ལེགས་འཕྲིན་གྱིས་རྒྱལ་མོ་ཚ་བ་རོང་ནས་བྲིས་ཏེ་ཕུལ།
                                    2011.7.28

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡི་གེའི་འོད།

2011-09-09 སེར་ལེགས་འཕྲིན།༼ཀན་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།