བོད་ཀྱི་སྙན་ངག་གསར་བའི་ལོ་ངོ་སུམ་ཅུ་ལ་བལྟས་པ།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བའི་མགོར་རང་རེའི་སྙན་ངག་པ་དཔལ་དོན་གྲུབ་རྒྱལ་ལགས་ཀྱིས་ལང་ཚོའི་རྦབ་ཆུ་གསར་དུ་རྩོམ་གནངས་མཛད་པ་ལ་བརྟེན་ནས། བོད་དུ་སྙན་ངག་གསར་བ་སྟེ་རང་མོས་སྙན་ངག་འབྲི་བའི་སྲོལ་ཐོག་མར་དར་ཁྱབ་བྱུང་། དེའི་རྗེས་སུ་བོད་ཀྱི་སྙན་ངག་གསར་བ་འབྲི་བའི་སྙན་ངག་པ་མི་ཉུང་བ་ཞིག་གི་ཆར་རྗེས་ཀྱི་ཤ་མོ་བཞིན་འཚར་ལོངས་བྱུང་ཞིང་བོད་ཀྱི་རྩོམ་སྟེགས་སུ་སྙན་ངག་གསར་བའི་ལང་ཚོ་རབ་ཏུ་རྒྱས། 
   མིག་ལྡེབ་དབང་ཙམ་གྱིས་བོད་ཀྱི་སྙན་གསར་བ་འདིས་ལོ་ངོ་སུམ་ཅུའི་ལོ་རྒྱུས་ཀྱི་ཤོ་ལྷེ་ཟིན་འདུག  སྙན་ངག་པའི་ཆ་ནས་བཤད་ན། ལོ་རབས་བརྒྱད་ཅུ་བའི་སྟོད་དོན་གྲུབ་རྒྱལ་གྱི་དུས་སྐབས་དང་ལོ་རབས་བརྒྱད་ཅུ་བའི་སྨད་ནས་ལོ་རབས་དགུ་བཅུ་བའི་སྟོད་སྙན་ངག་པ་ལྗང་བུ། འཇུ་སྐལ་བཟང་། ཨོ་རྒྱན་རྡོ་རྗེ། འབར་རྡེའུ། གངས་ཞུན། གཅན་མེ་སྟག  འབྲོང་། དཔལ་མོ།  འཆི་མེད་། བདེ་སྐྱིད་སྒྲོལ་མ་སོགས་ཀྱི་དུས་སྐབས།  ལོ་རབས་དགུ་བཅུ་བའི་སྨད་ནས་དུས་རབས་འདིའི་མགོར་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་དང་ཁྲི་སེམས་དཔའ། མཚོ་བུ་དགའ་བདེ། འབྲོང་ཕྲུག་ལྷ་ཆེན་རྒྱལ། ཁུ་བྱུག་སྔོན་མོ། མདོ་སྨད་ཧེ་རུ་ཀ་སོགས་དང་ད་དུང་སྐྱེས་མའི་སྙན་ངག་པའང་འགའ་རེ་བྱུང་།
   སྙན་ངག་གི་ཆ་ནས་བཤད་ན།  ཐོག་མའི་སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་མའི་ལུགས་དང་ནུབ་ཕྱོགས་དཔེ་ཐིག་མན་གྱི་འབྲི་ལུགས་མཉམ་དུ་སྤྱད་པའི་སྙན་ངག་དང་།  དེའི་རྗེས་སུ་དཔེ་ཐིག་མན་གྱི་ལུགས་སུ་གྱུར་བའི་རྒྱ་ནག་པའི་སྙན་ངག་གི་ལུགས་ཤོས་ཆེ་བར་བྲིས་པའི་སྙན་ངག  དེའི་རྗེས་སུ་རྒྱ་ནག་པའི་རྩོམ་སྟེགས་དང་དྲ་བར་དར་བའི་ཁོག་སྨད་སྙན་ངག་གི་ལད་ཟློས་བྱས་པའི་སྙན་ངག་དང་ཁ་སྐད་སྙན་ངག་བཅས་འཕེལ་རིམ་གསུམ་དུ་བྱུང་བར་འདོད། འདི་ལས་ང་ཚོས་ཤེས་ཐུབ་པ་ནི་བོད་ཀྱི་སྙན་ངག་གསར་འཕེལ་རྒྱས་ཀྱི་ལམ་བུ་ནི་འདི་ལྟ་སྟེ།  ཐོག་མར་སྲོལ་རྒྱུན་གྱི་སྟེང་ལ་གཞན་གྱི་ཁྱད་ཆོས་བསྣན་པ།  བར་དུ་སྲོལ་རྒྱུན་དང་གཞན་གྱི་ཁྱད་ཆོས་མཉམ་པོར་སྤེལ་བ།  རྗེས་སུ་རང་གི་སྲོལ་རྒྱུན་བོར་གཞན་གྱི་སྙན་ངག་ལ་ལེགས་ཉེས་དང་བླང་དོར་མེད་པར་ལད་ཟློས་བྱས་པ་སྟེ་བོད་ཀྱི་སྙན་ངག་གསར་བའི་ལོ་ངོ་སུམ་ཅུ་དུས་སྐབས་གསུམ་དུ་བགོས་ཆོག་པར་འདོད།    འདི་ལས་ཟུར་དུ་གླེང་དགོས་པ་ཞིག་ལ་ཁོག་སྨད་སྙན་ངག་དང་ཁ་སྐད་སྙན་ངག་ནི་དུས་རབས་འདིའི་ནང་དུ་བོད་ཀྱི་ན་གཞོན་འགའ་རེས་དྲ་བ་སོགས་སུ་རྒྱ་ནག་པར་ཉེ་ཆར་དར་བའི་སྙིགས་མའི་རྩོམ་རིག་དང་སྙན་ངག་ལ་ལད་ཟློས་བྱས་པ་ཞིག་རེད་བསམ།  དེ་ལ་སྙིགས་མའི་རྩོམ་རིག་དང་སྙན་ངག་ཟེར་དོན་ཅི་ཡིན་ཟེར་ན།  རྒྱ་ནག་གི་ལྔ་བཞིའི་ལས་འགུལ་དང་བསྟུན་ནས་རྩོམ་རིག་གསར་བའི་དབུ་བརྙེས་ཤིང་རྩོམ་སྟེགས་སུ་ལོ་རབས་རེ་རེ་བཞིན་སྙན་ངག་པའི་དཔུང་སྡེ་དང་སྙན་ངག་གི་གྲུབ་མཐའ་གཅིག་རྗེས་གཉིས་མཐུད་དུ་བྱང་སྟེ་སྙན་ངག་འཕེལ་རྒྱས་ལ་མཐོ་རླབས་འཕྱུར་མྱོང་ལ་བརྩམས་ཆོས་གྲགས་ཆེན་ཀྱང་འབོར་ཆེན་བྱུང་།  ཡིན་ཡང་དུས་ཀྱི་འཕེལ་རིམ་ཁྲོད་ཁོ་ཚོས་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ལ་རྡོག་རྫིས་དང་རིག་གནས་ཀྱི་སྲོག་ཏུ་གྱུར་བའི་བསམ་བློ་དག་ཚོང་རའི་དཔལ་འབྱོར་སྐུལ་འདེད་དང་འགྲན་རྩོད་ཁྲོད་རྨེག་མེད་དུ་སོང་པས་དུས་རབས་གསར་བའི་སྒོ་གླེགས་ངང་གིས་ཕྱེས་བ་དང་བསྟུན་ནས་ན་གཞོན་མང་པོ་ཞིག་གི་རིན་ཐང་གི་ལྟ་བ་འགྱུར་ཅིང་།  གཞུང་ལུགས་ཀྱི་ལྟ་རྒྱ་མེད་པ་དང་བླང་དོར་གྱི་འདུ་ཤེས་ཉམས་ཏེ་སྙན་ངག་གི་རླབས་ཆེ་བའི་ཁྱད་ཆོས་དང་སྙན་ངག་པའི་རླབས་ཆེ་བའི་ཕུགས་རེ་སོགས་སྟོང་བའི་དབྱིངས་སུ་བོར་ནས་སྐྱིད་དགའ་ལོངས་སྤྱོད་དང་ཅི་བསམ་གང་དྲན་དུ་སྙན་ངག་འབྲི་བ་འདི་ལ་རྒྱའི་རྩོམ་རིག་དཔྱད་བརྗོད་པ་མང་པོས་དགག་བཞག་དང་མཐའ་དཔྱོད་མང་དུ་སྤྲོ་བཞིན་ཡོད།  ཁོང་ཚོས་འདི་ལ་ཁོག་སྨད་སྙན་ངག་དང་གད་སྙིགས་རྩོམ་རིག་ཅེས་འབོད་ལ་བདག་གིས་འདིར་སྙིགས་མའི་རྩོམ་རིག་ཅེས་བརྗོད་པ་ཡིན།  ད་ལྟ་རང་རེའི་དྲ་བ་སོགས་སུ་འདི་ལྟ་བུའི་སྙིགས་མའི་རྩོམ་རིག་ལ་ལད་ཟློས་བྱེད་མཁན་འགའ་རེ་ཡོད་པ་འདི་ནི་ཁོ་ཚོས་སྙན་ངག་གི་མཐར་ཐུག་དམིགས་ཡུལ་མི་ཤེས་པ་དང་རིག་གནས་དགག་བཞག་གི་བླང་དོར་ལ་རྨོངས་བ་ལས་ཅི་ཡང་མཚོན་མི་ཐུབ་བོ། །
     སྙན་ངག་པའི་དཔུང་སྡེ་དང་ཚོགས་པའི་ཆ་ནས་བཤད་ན་བདག་གི་ཤེས་ཚུལ་ལྟར་དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་སྟོད་དུ་གནའ་མཁར་འདྲེ་བཞི་ཞེས་སྙན་ངག་གི་ཚོགས་པའམ་དཔུང་སྡེ་བྱུང་བར་གྲགས་ལ་སྙན་ངག་པ་དེ་དག་ནི་བསམ་བློའི་དཔུང་རྡང་སྦྲེལ་བ་ཙམ་ལས་སྙན་ངག་གི་བྱེད་སྒོ་མཉམ་སྤེལ་སོགས་བྱས་པའི་གནས་ཚུལ་ཅི་ཡང་མི་འདུག་པས་ཁོང་ཚོའི་བརྩམས་ནི་མི་རང་ཉིད་ཀྱི་འབྲས་བུ་ཙམ་ལས་གནའ་མཁར་འདྲེ་བཞི་ཞེས་པའི་ཚོགས་པའི་འབྲས་བུ་ཐོན་མེད་པ་འདྲ།  དེ་བས་རྩོམ་སྟེགས་དང་སྙན་ངག་གསར་བའི་ལོ་རྒྱུས་སུ་ཚོགས་པའི་མིང་ཙམ་ལས་གླེང་ཐབས་མི་འདུག   ཡིན་ཡང་བོད་ཀྱི་སྙན་ངག་གསར་བའི་འཕེལ་རྒྱས་ལ་་དངོས་ཤུགས་གང་རུང་ནས་ནུས་བ་ཐོན་ཡོད་པ་ནི་གདོན་མི་ཟ།  སྙན་ངག་པ་འདི་ཚོའི་སྙན་ངག་གིས་ལོ་རབས་དགུ་བཅུ་བར་ཀུན་ལ་བགས་ཆགས་ཟབ་མོ་བཞག་ཡོད།   དེར་མ་ཟད་ད་དུང་མཚོ་སྔོན་མཚོ་ལྷོ་ཁུལ་དུ་གླག་གི་ཕ་གཞིས་ཞེས་སྙན་ངག་གི་ཚོགས་པའམ་སྙན་ངག་བགྲོ་གླེང་གི་བྱེད་སྒོ་ལོ་ངོ་འགའ་ལ་སྤེལ་བར་གྲགས་ལ་ད་དུང་བརྩམས་ཆོས་ཀྱང་འགའ་རེ་མཐོང་མྱོང་བ་འདི་དག་ནི་སྙན་ངག་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན་ཡོད་པར་བསམ།  གཞན་དུ་སྙན་ངག་གི་འདུ་ཚོགས་ལང་ཚོའི་རྦབ་ཆུ་ལ་སོགས་ཀྱི་བགྲོ་གླེང་གི་ཚོགས་འདུ་ལོ་རེ་བཞིན་འཚོགས་པ་འདི།  གཞན་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ།  མི་རབས་བཞི་བ།  མིག་གསུམ་པའི་རྩོམ་རིག་དཔྱད་བརྗོད་ཚོགས་པ་སོགས་འདི་དག་ཐམས་ཅད་ནི་བོད་ཀྱི་སྙན་ངག་གསར་བ་འཕེལ་རྒྱས་ཀྱི་སྐུལ་འདེད་ཅི་ལ་མིན།
    སྤྱིར་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་ལ་འདི་ལྟ་བུའི་སྙན་ངག་པའི་དཔུང་སྡེ་དང་སྙན་ངག་གི་གྲུབ་མཐའ་ནི་ངེས་པར་དུ་དགོས་ཏེ་བོད་ཀྱི་སྙན་ངག་ལ་སྙན་ངག་པའི་དཔུང་སྡེ་སྲ་བརྟན་ཅན་དང་དང་སྙན་ངག་གི་གྲུབ་མཐའ་ཚུགས་ཐུབ་ཅན་ཆགས་ཐུབ་ཀྱི་མེད་པ་ནི་རྩོམ་རིག་ལ་འཕེལ་རྒྱས་མེད་པའི་དན་རྟགས་ཡིན།
     ཉེ་བའི་ལོ་འགའི་ནང་དུ་བོད་ཀྱི་སྙན་ངག་གསར་བའི་སྡེ་རུ་སྙན་ངག་འབྲི་མཁན་ནི་སློབ་ཆུང་སློབ་མ་ནས་སློབ་ཆེན་པ།  ལས་བྱེད་པ་ནས་རབ་བྱུང་བ་སོགས་མང་མང་གིས་མྱུ་གུ་བཟུང་ནས་སྙན་ངག་གསར་བ་འབྲི་བཞིན་འདུག་ནའང་གྲུབ་འབྲས་ལ་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་བའི་ནང་གི་སྙན་ངག་པ་དང་དེ་དག་གི་བརྩམས་ཆོས་ལས་སྟོན་རྒྱུ་མེད་པ་ནི་དངོས་གནས་བསམ་བློ་གཏོང་འོས་པ་ཞིག་རེད།  སྙན་ངག་པའི་དར་ཆ་འཕྱར་མཁན་མང་དུ་མཆིས་ཀྱང་སྙན་ངག་ལ་གྲུབ་མཐའ་ཆགས་ཐུབ་ཀྱི་མེད་པ་འདི་ནི་ད་དུང་འཕེལ་རྒྱས་མེད་པའི་རྟགས་སུ་འདོད།  རྒྱ་ནག་ལ་མཚོན་ན་ལྔ་བཞིའི་ལས་འགུལ་གྱི་རྗེས་ནས་རྒྱའི་མཁས་པ་ཧོའུ་ཧྲི་སོགས་ཀྱིས་སྙན་ངག་གསར་བའི་སྒོ་མོ་ཕྱེ་པ་དང་ལྷན་དུ་ཀའོ་མའོ་རའོ་གཙོ་མཛད་པའི་སྙན་ངག་པའི་དཔུང་སྡེ་རུ་ཐོག་མའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་གི་གྲུབ་མཐའ་བྱུང་བ་དང་།  དེའི་རྗེས་སུ་ཀྲུའུ་ཙི་ཆིང་གིས་གཙོ་མཛད་པའི་མི་རྩ་བར་འཛིན་པའི་སྙན་ངག་གི་གྲུབ་མཐའ་དང་སྙན་གི་ཚོགས་པ་བྱུང་བ་སོགས་དུས་རབས་གོང་མ་འདིའི་ནང་དུ་སྙན་ངག་གི་གྲུབ་མཐའ་དང་ཚོགས་པ་མང་དུ་བྱུང་བ་ལྟ་བུ་འདིར་ཞིབ་ཏུ་བགྲང་བའི་ངལ་བ་སྤངས་སོ།།
    དེ་ཡང་ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་ལ་རང་རེའི་རྩོམ་སྟེགས་སུ་སྙན་ངག་གི་བརྩམས་ཆོས་ལེགས་པོ་འབྱུང་ཐུབ་ཀྱི་མེད་པ་འདི་ལ་རྒྱུ་རྐྱེན་ཡང་འདི་འདྲ་ཞིག་ཡོད་པར་སྙམ་སྟེ།  རང་རེའི་སྙན་ངག་གསར་བ་འབྲི་བའི་སྙན་ངག་པ་མང་ཤོས་ལ་གཞུང་ལུགས་ཀྱི་ཐོས་བསམ་ཉུང་བ་དང་བོད་སྐད་ཡིག་གི་ཆུ་ཚད་ཞན་པ།  གནའ་དེང་མཁས་པའི་ལེགས་རྩོམ་གྱི་ལྟ་རྒྱ་མེད་པ་སོགས་ཀྱི་དབང་གིས་དེབ་རབས་སྙན་ངག་གི་བརྩམས་ཆོས་ཕུལ་དུ་བྱུང་བ་འཁྲུངས་ཐུབ་ཀྱི་མེད་དོ།།
    དེ་བས་བདག་གིས་འདིར་བརྗོད་འདོད་པ་ནི་རང་རེའི་བོད་ཀྱི་སྙན་ངག་པ་རྣམས་ཀྱིས་དང་པོར་སྙན་ངག་གི་གཞུང་ལུགས་ལ་ཐོས་བསམ་མཐར་སོན་པ་བྱེད་དགོས་ལ། དེ་ནས་གནའ་དེང་གི་མཁས་པའི་བརྩམས་ཆོས་གྲགས་ཅན་མང་དུ་ཀློག་རྒྱུ།  བརྩམས་ཆོས་ཚད་ལྡན་ལ་མིག་དཔེ་ལྟ་རྒྱུ་བཅས་ནི་ཤིན་ཏུ་གལ་ཆེ་སྙམ།  གང་ལ་བརྟེན་ནས་སྦྱོང་བའི་སྙན་ངག་གི་གཞུང་ལ་མེ་ལོང་མ་ལས་ལྷག་པ་ཞིག་མེད་པར་འདོད་དེ་གནའ་ནས་ད་ལྟའི་བར་དུ་རྒྱ་བོད་མཁའ་གྲུབ་ཀུན་གྱིས་སྙན་ངག་གི་གཞུང་འདི་ལ་བརྟེན་ནས་སྦྱངས་བ་འབའ་ཞིག་ཡིན་པ་མ་ཟད་ད་ལྟའི་སྙན་ངག་གསར་བ་འདི་ལ་མཚོན་ནའང་ཚིག་གི་རྐང་བ་དང་ཚེག་བར་གྲོལ་མ་གྲོལ་གྱི་ཁྱད་པར་ཙམ་མ་གཏོགས་སྙན་ངག་གི་ཉམས་འདོན་སྟངས་དང་རྒྱན་གྱི་སྦྱོར་བ་སོགས་ནི་མེ་ལོང་མའི་ལུགས་དང་མི་མཚུངས་ས་ཅི་ཡང་མེད་དེ་ཐམས་ཅད་ཀུན་ཀྱང་སྙན་ངག་ཞེས་པའི་རླབས་ཆེ་བའི་ངག་གི་སྒྱུ་རྩལ་གྱི་རྣམ་པ་འདི་ལས་མ་འདས་པས་སོ།།

                          ༢༠༡༡ལོའི་ཟླ༥ཚེས༨ཉིན་པེ་ཅིང་དུ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྙན་ངག་གསར་བའི་ལོ་ངོ་སུམ་ཅུ་ལ་བལྟས་པ།

2011-05-10 སྨུག་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།