ཆེས་ཀློང་ཡངས་པའི་མཛེས་དཔྱོད་ཀྱི་འཇིངས་སུ་དཔུང་འཇུག་བྱ་བ།

                                                         _____<<ཨ་ཁུ་ཐོད་པར་བཅར་འདིར་ཕྱིན་པ>>ཞེས་པའི་བརྩམས་སྒྲུང་དང་དེ་འབྲེལ་གྱི་གཏམ།
           པདྨ་ཚེ་བརྟན་ནི་ལོ་རབས་དགུ་བཅུ་པའི་ནང་བོད་ཀྱི་རྩོམ་སྟེགས་སུ་བྱུང་བའི་གསར་སྐྱེས་རྩོམ་པ་པོ་ཞིག་ཡིན།ཁོ་ལོ་རབས་དགུ་བཅུ་པ་ནས་བཟུང་བརྩམས་སྒྲུང་གསར་རྩོམ་གྱི་ལས་སུ་ཞུགས་ཏེ།<<སྦྲངཆར>>དང་།<<གངས་རྒྱན་མེ་ཏོག>><<མང་ཚོགས་སྒྱུ་རྩལ>><<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>སོགས་བོད་ཡིག་གི་དུས་དེབ་དང་ཚགས་པར་སྣ་ཚོགས་སྟེང་ཁོའི་བརྩམས་ཆོས་མི་ཉུང་བ་ཞིག་སྤེལ།དེར་མ་ཟད་ད་དུང་<<མི་རིགས་རྩོམ་རིག>>དང་<<བོད་ལྗོངས་རྩོམ་རིག>>སོགས་རྒྱ་ཡིག་གི་དུས་དེབ་ཏུ་ཡང་བརྩམས་ཆོས་མི་ཉུང་བ་སྤེལ་པས་དོན་གྱིས་ཁོ་ནི་རྒྱ་བོད་ཡིག་རིགས་གཉིས་ཀའི་ལམ་ནས་གསར་རྩོམ་མཛད་མཁན་ཞིག་ཡིན།<<སྦྲང་ཆར>དུ་སྤེལ་པའི་<<གངས>>ལ་མཚོ་སྔོན་ཞིང་ཆེན་སྐབས་བཞི་པའི་རྩོམ་རིག་གསར་རྩོམ་གྱི་ཕུལ་བྱུང་བྱ་དགའ་འང་ཐོབ།དེ་བས་ཁོ་ནི་ང་ཚོ་བོད་རིགས་ཀློག་པ་པོ་རྣམས་ལ་མཚོན་ན་རྒྱུས་མེད་ཅིག་ཡིན་མི་སྲིད།

ཡིན་ནའང་རྒྱུས་མེད་མ་ཡིན་ཞེས་པ་དེ་བརྩམས་ཆོས་ཀྱི་གྲངས་ཚད་ཀྱི་ཆ་ནས་མིག་འདྲིས་སུ་སོང་བའི་རྒྱུས་ཡོད་ཅིག་ལས།བརྩམས་ཆོས་ལ་གོ་ལོན་བྱས་པའི་སྟེང་གི་བསམ་བློར་མཉམ་སྒྲོགབྱུང་བའི་ངེས་པ་དོན་གྱི་རྒྱུས་ཡོད་ཅིག་མ་ཡིན།བོད་ཀྱི་རྩོམ་རིག་གསར་པའི་ལོ་རྒྱུས་སྟེང་ནས་བལྟས་ན་ཁོའི་བརྩམས་ཆོས་དེ་དག་ནི་ཁྱད་མཚར་བློ་འདས་བཅས་ཀྱིས་གང་ལྟར་ཀྱང་ང་ཚོའི་ཀློག་འདོན་གྱི་གོམས་གཤིས་དང་རིང་དུ་བཀྱེད་དེ་མི་མཐུན་པ་རྐྱང་དུ་གནས།

<<ཨ་ཁུ་ཐོད་པར་བཅར་འདྲིར་ཕྱིན་པ>>ཞེས་པའི་རྩོམ་འདི་ཁོའི་སྔོན་གྱི<<བསླུབྲིད>>དང་།<<ཡུལ་གྱར་རྡུང་ལེན་པ་ཞིག་གི་རྨི་ལམ>><<ཁ་བ་མེད་པའི་དགུན་ཁ>><<གངས>>སོགས་ལྟར་ཁྱད་མཚར་སྒྱུ་འཕྲུལ་གྱི་ཆ་ཆེན་པོར་ཡོད་པ་ཅན་ཞིག་མ་ཡིན་པས།སྤྱིར་ན་ཨ་ཁུ་ཐོད་པའི་དམངས་ཁྲོད་རྩོམ་རིག་ལ་དགའ་བའི་གཤིས་ཀ་དང་།དམངས་ཁྲོད་རྩོམ་རིག་གི་དོན་དུ་སྡུག་སྡིག་གཏམ་ངན་སྣ་ཚོགས་ཁུར་བཟོད་པའི་གཤིས་ཀའི་ཆ་ནས་རྩོམ་ལ་གོ་བ་བླངས་ཆོག་པ་ཞིག་ཡིན་ཀྱང་།བརྩམས་ཆོས་ཀྱི་ནང་སྙིང་དོད་པོ་དེ་སྔར་བཞིན་གཏམ་རྒྱུད་ཀྱི་ཤུགས་ན་སྦས་ཏེ་ཡོད་པ་ཅན་ཞིག་ཡིན།རྩོམ་གྱི་དངོས་ཡོད་ཀྱི་ཆ་དེ་དོན་གྱིས་བརྡ་རྟགས་ཤིག་དང་མཚམས་སྦྱོར་གྱི་ཆོས་ཤིག་གི་ཚུལ་གྱིས་ཕལ་བའི་གནས་སུ་གྱུར་ཡོད།

<<དམངས་ཁྲོད་རྩོམ་རིག>>དུས་དེབ་ཁང་གི“ང”ཡིས་ཨ་ཁུ་ཐོད་པའི་གནས་ཚུལ་རྒྱུས་ལོན་བྱེད་ཆེད།རྣ་ལུང་སྡེ་བར་སོང་ནས་གནས་ཚུལ་ལ་འདྲི་རྟོག་བྱས།རྒྱུས་ལོན་གྱི་རྒྱུ་ཆའི་ཡོང་ཁུངས་ལ་གསུམ་སྟེ་ལུག་རྫི་རྒད་པོ་དར་རྒྱས་དང་།བཀྲ་ཤིས་དོན་གྲུབ་ཀྱི་ཨ་ཕ་ཨ་ཁུ་ནམ་མཁའ་དང་།ཨ་ཁུ་ཐོད་པའི་བུ་མོ་ཆོས་མཚོ་བཅས་སོ།།འདི་གསུམ་གྱི་ལྷུག་བརྗོདལས་ཨ་ཁུ་ཐོད་པ་གཏན་ལ་དབབ་དགོས་པ་ཡིན།འོན་ཀྱང་སོ་སོའི་བཤད་ཚུལ་ལ་མི་འདྲ་བའི་ཁྱད་པར་ཆེ་སྟེ།དཔེར་ན་དང་པོ་གྲྭ་པ་བྱས་པའི་ཐད་ནས།ལུག་རྫི་རྒད་པོ་དར་རྒྱས་ཀྱིས་བཤད་ན།“ཕ་མས་མིག་སྔར་དགོན་པའི་གྲྭ་པའི་འཚོ་བ་དང་ཡོང་འབབ་ཧ་ཅང་བཟང་བ་ཐོས་པས་སྐབས་དེར་རབ་བྱུང་སྒྲུབ་པ་ནི་ཅི་ཡིན་ཧ་མི་གོ་བའི་ཐོད་པ་བཙན་ཚུགས་ཀྱིས་བདེ་ཆེན་དགོན་པར་བསྐྱལ”ཟེར། ཨ་ཁུ་ནམ་མཁས་བཤད་ན “ཁོའི་ཕ་མ་གཉིས་ལ་བུ་ཞིག་དགོན་པར་བསྐྱལ་རྒྱུའི་བསམ་ཚུལ་ཡོད་མོད། ཡིན་ཡང་བུ་ཆུང་བ་ཨ་ཁུ་ཐོད་པ་བསྐྱལ་རྩིས་མེད།ཕ་མས་ཨ་ཁུ་ཐོད་པའི་ཕུ་བོ་བཞི་ལ་རིམ་གྱིས་དྲིས་པར།ཁོ་ཚོ་གཅིག་ཀྱང་དགོན་པ་རུ་འགྲོ་མི་འདོད་ཟེར།མཇུག་མཐར།ཕ་མས་ཁོ་གཉིས་ཀྱི་ཆེས་གཅེས་པའི་བུ་ཆུང་ཨ་ཁུ་ཐོད་པ་ལ་དྲིས་པས།ཁོས་ཚམ་ཚོམ་མེད་པར་དགོན་པ་རུ་སོང་ན་འདོད་ཟེར”ཞེས་ཟེར།དེས་ན་གཅིག་གིས་བཤད་ན་བཙན་ཚུགས་ཡིན་ལ།ཅིག་ཤོས་པས་བཤད་ན་རང་འདོད་རེད།

གཉིས་པ་སྒྲུང་དང་འབྲེལ་འདྲིས་བྱས་པའི་ཐད་ནས།རྒད་པོ་དར་རྒྱས་ཀྱིས་བཤད་ན་ཐོག་མར་དགོན་པར་ཞུགས་ཤིང་དེ་ནས་སྒྲུང་ལ་ཞུགས་པ་དང་།ཨ་ཁུ་ནམ་མཁས་བཤད་ན།ཨ་ཁུ་ཐོད་པ་ཁོ་ཆུང་དུས་ནས་གེ་སར་ལྷ་ཁང་དུ་འགྲོ་རྒྱུར་དའ་།དང་པོ་ཉིད་ནས་ངག་ནས་ཆད་མ་མཐུད་ཀྱིས་སྒྲུང་ཅུང་ཟད་ཀྱང་བཤད་ཐུབ།ལོ་ལྔ་དྲུག་ཙམ་གྱི་དུས་སུ་ཁོ་ལ་སྒྲུང་་རྒད་པོ་སྒྲུང་དཔེ་གསེར་བྲིས་མ་སྤྲད་ལ།སྐབས་དེར་ཨ་ཁུ་ཐོད་པས་ཡིག་ངོ་ཟིན་གྱིན་མེད་པས།རྒད་པོས་ཚན་པ་གཅིག་རེ་གཅིག་རེ་བཏོན་ནས་བློ་འཛིན་དུ་བཅུག་ཟེར།དེས་ན་འདིར་ཡང་ཡིག་ངོ་ཆོད་པ་དང་།གྲྭ་པ་བྱས་པ་དང་།སྒྲུང་ལ་འཇུག་དུས་ཀྱི་གསུམགྱི་གོ་རིམ་ཐད་ནས་མི་མཚུངས་པའི་ཁྱད་པར་ཡོད། གསུམ་པ། གྲྭ་ལོག་བྱས་པའི་ཐད་ནས་ཀྱང་།

རྒད་པོ་དར་རྒྱས་ཀྱི“ལ་གཞས་ཚན་པ་ཞིག་ཤོག་ལྷེ་ཞིག་གི་ངོས་སུ་ཕབ་སྟེ་དགོན་པའི་འདུ་ཁང་དུ་ཁྱེར་ནས་ཆོས་དཔེའི་བར་ལ་བཙིར་ནས་ལྐོག་ལྟ་བྱེད་པར་དགེ་བཤེས་ཀྱིས་མཐོང་བས་ཁོ་དགོན་པའི་ཚོགས་གྲལ་ནས་ཕྱིར་བསྐྲད།དེ་ལྟར་ཡང་ཐོད་པ་ནི་གཟེབ་ལས་ཐར་བའི་བྱེའུ་ཕྲུག་ཅིག་དང་འབྲ་བར་དགའ་དགའ་སྤྲོ་སྤྲོའི་ངང་ཕྱིར་རང་སྡེ་ལོག”ཅེས་པ་དང་།རྒད་པོ་ནམ་མཁས་ལ་གཞས་ཤོག་ལྷེ་ཞིག་གི་ངོས་ལ་བྲིས་ཏེ་དགོན་པར་སོང་ནས་སྔས་མགོའི་འོག་ཏུ་སྦས།དགེ་རྒན་གྱིས་མཐོང་སྟེ་གཤེ་གཤེ་བཏང་བར“ང་རང་ཆོས་གྲྭར་ཞུགས་པའི་ཉིན་དེ་ནས་བཟུང་ལུས་ངག་ཡིད་གསུམ་ཡོད་ཚད་དཀོན་མཆོག་ལ་ཕུལ་ཟིན་པ་དང་།གཞས་ཚིག་དེ་ཧ་ཅང་ཡག་པས་ཤོག་ལྷེ་ངོས་ལ་བྲིས་པ་ཙམ་ལས་བསམ་ཚུལ་གཞན་གཏན་ནས་མེད་ཅེས་ཡང་དང་ཡང་བསྐྱར་དུ་གསལ་བཤད་བྱས” “དོན་དངོས་སུ་ཁོའི་སེམས་ནས་ཀྱང་ཨ་ཁུ་ཐོད་པའི་མི་དེ་འདྲ་ཞིག་མིན་པར་ཡིད་ཆེས་ཡོད།”མཐར་ཨ་ལགས་ཀྱིས་དོན་དེ་ཕྱི་ལ་འཁྱར་ན་མི་བཟང་སྙམ་ནས་ཕངས་བཞིན་ཨ་ཁུ་ཐོད་པ་ཕྱིར་ཕ་ཡུལ་དུ་བསྐྱལ་པ་ལ།ཨ་ཁུ་ཐོད་པའི་སེམས་ནས་སྔར་བཞིན“ནམ་ཞིག་གི་དུས་ལ་ཕྱིར་དགོན་པར་འགྲོ་རྒྱུའི”འདུན་པ་ཡོད་ཅེས་བཤད་ཡོད།བུ་མོ་ཆོས་མཚོས་ཨ་ཁུ་ཐོད་པའི་ལོ་རྒྱུས་ཀྱི་བྱུང་བ་ཕྲ་ས་ནས་ཞིབ་མོ་བཤད་མེདཀྱང་།མོས་ཕ་མ་གཉིས་བར་གྱི་བརྩེ་དུང་གཏིང་ཟབ་མོ་ཡིན་པ་དང་།ཕས་འཚོ་བ་ལ་དགའ་སྣང་གི་སེམས་ཤིག་བཟུང་ཡོད་པའི་སྐད་ཆ་མང་དུ་བཤད་ཡོད་པའི་སྟེང་ནས།ཨ་ཁུ་ཐོད་པས་ཚེ་འདིའི་བྱ་བ་ལ་ལྟ་ཚུལ་ག་འདྲ་བཟུང་བ་དང་།ལ་གཞས་ལ་སྐབས་དེར་ལྟ་སྟངས་གང་འདྲ་བཟུང་བ་དང་།གྲྭ་ལོག་བྱས་རྗེས་ཀྱི་ཨ་ཁུ་ཐོད་པའི་སེམས་རྣམ་གྱི་ཐད་སོགས་ནས་མི་འདྲ་བའི་ཁྱད་པར་ཆེ་བར་ཡོད་པ་མཐོང་ཐུབ།

བརྩམས་ཆོས་རང་ཉིད་སྤྱིར་མི་སྣ་གསུམ་གྱི་ལྷུག་བརྗོད་ཀྱིས་གྲུབ་ཅིང་།ཨ་ཁུ་ཐོད་པའི་ངོ་བོའམ་རང་བཞིན་ཡང་མི་སྣ་གསུམ་གྱི་མཐོང་སྣེནས་གྲུབ་པ་ཡིན་པར།མི་སྣ་གསུམ་པོའི་སྐད་ཆར་འདི་འདྲའི་མི་འདྲ་བའི་ཁྱད་ཡོད་ལ། མཇུག་མཐར་ཡང་སྤྱིར་བཏང་གི་ལན་གསལ་བོ་ཞིག་མེད་པར་རྩོམ་མཇུག་སྒྲིལ་པ་འདི་ལས་བརྩམས་ཆོས་འདི་སྤྱིར་བཏང་གི་དངོས་ཡོད་རིང་ལུགས་པའི་འབྲི་ཐབས་སྤྱད་པའི་བརྩམས་ཆོས་ཤིག་མིན་པ་གསལ་ཐུབ།རྩོམ་པ་པོས་ཨ་ཁུ་ཐོད་པས་དམངས་ཁྲོད་རྩོམ་རིག་གི་ཆེད་དུ་སྡུག་སྡིག་གཏམ་ངན་མྱངས་པའི་དངོས་ཡོད་དོན་སྙིང་ཅན་དེར་སྨྱུག་ཁ་མང་པོ་མ་བཀོལ་བར།སྨྱུག་ཁ་མང་པོ་དེ་མི་སྣ་གསུམ་པོའི་ལབ་བརྗོད་མི་འདྲ་བའི་སྟེང་བཀོལ་ཡོད་ལ།དེ་དག་ལ་ཞིབ་རྒྱས་ཀྱིས་ཐ་ན་བསྐྱར་བའི་ཚུལ་དུ་བཟླས་ཡོད།དོན་གྱིས“བསྐྱར་བཟླས”ཀྱི་ཚུལ་འདིའི་སྟེང་ནས་ད་གཟོད་དོན་གྱི་འགག་རྩ་མངོན་པར་བྱས་ལ།རྩོམ་གྱི་ལྷུག་བརྗོད་ཀྱི་དགེ་མཚན་ཡང་མངོན་པ་ཡིན།བརྩམས་སྒྲུང་འདིའི་ཐུན་མོང་གསར་རྩོམ་གྱི་ཆའང་འདི་ན་ཡོད།བརྩམས་ཆོས་འདི་དང་བཅས་པའི་ཁོའི་རྩོམ་ཕལ་ཆེ་བ་ལ་འབྲི་ཐབས་ཀྱི་ཆ་ནས་འདི་འདྲའི་དངོས་ཡོད་རིང་ལུགས་ལས་རིང་དུ་འདས་པའི“མཚོན་པའི”ཁྱ་ཆོས་ཡོད་ལ།བསམ་བློའི་བསྟན་དོན་གྱི་ཆ་ནས་དངོས་ཡོད་འཚོ་བ་ལ་གཟུགས་འདས་རིག་པའི་སྒོ་ནས་བསམ་གཞིག་བྱས་པའི་རྩོམ་རིག་རྐྱང་བའི་ཁྱད་ཆོས་དང་མཚན་ཉིད་རིག་པའི་ནང་དོན་རྒྱ་ཆེན་པོ་ཡོད།དེ་བས་རྩོམ་འདིར་རྣལ་དུ་འབྱོར་བའི་གོ་་ལོན་རྒྱུའང་ཅུང་དཀའ་མོ་ཞིག་སྟེ།ཁོའི་བསྟན་བྱ་འདི་ང་ཚོར་གོམས་ལོབས་སུ་ཡོད་པའི་བརྗོད་བྱའི་བསམ་བློ་དང་རིང་དུ་འདས་ཏེ་ཡོད།

མི་སྣ་གསུམ་གྱིས་ཨ་ཁུ་ཐོད་པའི་གནས་ཚུལ་ལམ་ལོ་རྒྱུས་བཤད་ནས་རྩོམ་སྒྲིག་པར་ཨ་ཁུ་ཐོད་པར་ཤེས་རྟོགཡོངབར་བྱེད་པ་རྩོམ་གྱི་དམིགས་འཛུགས་ས་ཡིན།འོན་ཀྱང་མཇུག་མཐར་རྩོམ་སྒྲིག་པར་གཅིག་གྱུར་གྱི་ཤེས་རྟོགས་གསལ་པོ་མ་བྱུང་བའི་ངོར་རྩོམ་ཡོངས་སུ་མཇུག་རྫོགས།འདི་ལྟའི་རྔ་མ་མི་ཚང་བ་སིལ་བུར་གནས་པའི་ལྷུག་བརྗོད་ཀྱི་རྣམ་པ་འདི་རྩོམ་པ་པོས་བསམ་གཟས་ནས་དོན་གཉེར་བྱས་པ་ཞིག་སྟེ།འདི་ལྟར་རྩོམ་པ་པོས་རྩོམ་གྱི་བསྟན་དོན་གྱི་ཁུངས་དེ་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་བསྲིངས་ནས།ཆོས་ཐམས་ཅད་འགྲེལ་པའིབདག་ཉིད་ཅིག་ལས་རང་བཞིན་གྱིས་གྲུབ་པ་མེད་པརབསྟན་པའོ།།དོན་གྱིས་ཨ་ཁུ་ཐོད་པ་དང་བཅས་པའི་ཡུལ་ལ་ཤེས་རྟོགསའོང་བ་དེ་རྒད་པོ་དར་རྒྱས་དང་ཨ་ཁུ་ནམ་མཁའབུ་མོ་ཆོས་མཚོ་དང་བཅས་པའི་མཚམས་སྦྱོར་བའི་འགྲེལ་པ་བརྒྱུད་དེ་འོང་དགོས་པ་ཞིག་ཡིན་པས།མཐར་གཏུགས་ན་ཤེས་འདོད་ཀྱི་གང་ཟག་སུ་ཡིན་ཡང་རང་གིས་འབྲེལ་གཏུག་བྱ་སའི་ཤེས་བྱའི་ཡོང་ཁུངས་མི་འདྲ་བའི་ཆ་ནས་ཆོས་གང་ལ་ངོས་ཟིན་མི་འདྲ་བ་རེ་རེ་ཐོབ་རྒྱུ་ལས།མཐར་ཐུག་གི་ཡང་དག་པའི་བདེན་ལུགས་ཤིག་རྙེད་རྒྱུ་མེད་ཅེས་པ་ཁོའི་བརྗོད་འདོད་ཀྱི་གཏམ་ཉག་གཅིག་པའོ།།

འདི་ལྟའི་བསམ་བློའམ་ལྟ་བའི་ཁུངས་ནི་སྤྱིར་སངས་རྒྱས་ཆོས་ལུགས་པའི་དོན་དམ་བདེན་པའི་རྣམ་གཞག་ཡིན་ཞེས་བཤད་ཆོག་ཀྱང་།དེང་གི་རིག་པའི་གླིང་ལ་བལྟས་ན།ནུབ་གླིང་པའི་དེང་རབས་ཕྱི་མའི་རིང་ལུགས་ནི་ད་གཟོད་བསམ་བློ་འདིའི་རྒྱབ་ལྗོངས་དང་ཁུངསཡིན།བདེན་ལུགས་ཀྱི་ལྟ་བའི་གླེང་ཕྱོགས་ནས་བཤད་ན།དེང་རབས་ཕྱི་མའི་མཚན་ཉིད་རིག་པའི་ཡན་ཆད་དུ།བདེན་ལུགསནི་ཡུལ་ཅན་གྱི་བློ་དང་ཡུལ་གྱི་རྣམ་པ་གཉིས་ཁ་འཕྲོད་པའི་ཕྱི་དོན་གྱི་ཆོས་ཉིད་རྣམ་གཅིག་ཅན་ཞིག་དང་ཤེས་བྱ་རང་མཚན་པ་ཞིག་ཏུ་འདོད།ལྟ་བ་འདིའི་ཁྱད་ཆོས་ནི་ཤེས་བྱ་ལ་གཏན་ཆགས་ཀྱི་རང་བཞིནདང་།རྣམ་གཅིག་གི་རང་བཞིན་ཡོད་པར་འདོད་པ་དེ་ཡིན། དེང་རབས་ཕྱི་མའི་རིང་ལུགས་པས་སྣང་བཤིག་གི་རིག་པདང་། འགྲེལ་བཤད་རིག་པའིསྒོ་ནས།བདེན་ལུགས་ཀྱི་གཏན་ཆགས་རང་བཞིན་ནམ་རང་བཞིན་གྱིས་གྲུབ་པའི་ཆའམ་རྣམ་གཅིག་གི་རང་བཞིན་འདི་གཏོར་བར་བྱས་ནས། བདེན་ལུགས་དེ་འགྲེལ་པ་ཞིག་ཏུ་ངོས་འཛིན་པར་བྱེད། དེ་བས་དོན་སྙིང་གི་ཆ་ནས་བཤད་ན།ཆོས་གང་དང་གང་ཡིན་ཡང་རྟག་བཟོད་ཁ་ཕྱེ་བ་ཅན་ལས།“རྟག་པ་དང་གཅིག་པའི”རང་བཞིན་ཡོད་པ་ཁས་མི་ལེན།ཝང་ཡེ་ཁྲོན་ནས“ལྷག་པར་དུ་མཚན་ཉིད་འགྲེལ་བཤད་རིག་པདང་།སྣང་བཤིག་མཚན་ཉིད་རིག་པནི།ཐད་ཀར་དུ་དེང་རབས་ཕྱི་མའི་བསམ་བློ་ཡོངས་ཀྱི་གཞུང་ལུགས་ཀྱི་རྨང་གཞིར་གྲུབ་པོ”ཞེས་ཟེར་ལ།གོང་གི་ཤེས་རྟོགས་སམ་ངོས་ཟིན་གྱི་ཁུངས་སྣེ་འགྲེལ་བ་ལ་རག་ལས་ཞེས་པ་མཚན་ཉིད་འགྲེལ་བཤད་རིག་པའི་ལྟ་བ་དང་།འདི་ལས་ཆོས་ཐམས་ཅད་ཀྱི་ངོ་བོའི་སྒྲིག་གཞི་གཏོར་བར་བྱེད་པའི་སྣང་བཤིག་གི་བྱེད་ནུས་གྲུབ།དེའི་ཆ་ནས་ཀྱང་རང་བཞིན་གྱིས་མ་གྲུབ་པའི་ཁྱད་ཆོས་བྱུང་བ་ཡིན།

འདི་ལྟའི་དཔྱད་བརྗོད་ཅིག་ལས་དེང་རབས་ཕྱི་མའི་རིང་ལུགས་ཀྱི་ལྟ་བ་ངོ་སྤྲོད་ཞོར་རྩོམ་དང་སྦྲགས་རྒྱུ་མི་སྲིད་ཅིང་།དེ་ལྟའི་གཏིང་ཟབ་མོའི་གཞུང་ལུགས་ཤིག་གོ་སླ་བའི་ངང་ནས་ངོ་སྤྲོད་པ་ཉིད་ཀྱིས་ཀྱང་མི་ནུས་ལ།སྐབས་སུ་བབས་པ་ཞིག་ཀྱང་མ་རེད།བསམ་བློ་སྤྱིའི་དོན་ཙམ་ཞིག་རྩོམ་པ་པོའི་གཏམ་རྒྱུད་ལས་ལྷག་པའི་བརྡ་སྤྲོད་ཚུལ་ཞིག་མེད་པས།མཛུབ་ཁྲིད་འདི་ཙམ་གྱིས་འཐུས་པར་བྱ།ཁོའི་རྩོམ་འདི་ལྟ་བུར་མཚོན་ན།བརྗོད་བྱའི་བསྟན་དོན་གསར་པ་གསར་རྐྱང་དང་།བསྟན་དོན་གྱི་ཁུངས་མཚན་ཉིད་རིག་པའི་ཀློང་དུ་བསྲིངས་ཡོད་པས་སྤྱིར་མཛེས་དཔྱོད་ཀྱི་རིན་ཐང་དང་ཤེས་རྟོགས་ཀྱི་རིན་ཐང་མི་དམན་པར་ཡོད་ཀྱང་།ང་ཚོ་དམངས་བྱིངས་ཀྱི་མྱོང་རོལ་གྱི་ཆུ་ཚད་དང་རྟོག་འཇུག་གི་ནུས་ཚད་མཐོར་མ་ཕྱིན་པའི་ཕྱིར་ན་དགེ་མཚན་དེ་དག་ལྷག་པོར་མཐོང་མི་ཐུབ།ཡང་གཅིག་བཤད་ན།བརྗོད་བྱའི་བསམ་བློ་རྐྱང་བའི་ཆ་ནས་བཤད་ན་ཁོའི་རྩོམ་གྱི་ལྟ་བ་དང་མཚན་ཉིད་རིག་པའི་ལྟ་བ་གཉིས་དོ་མཉམ་དང་རིས་འགྲེལ་གྱི་ཚུལ་ཙམ་དུ་ཡོད་པས་བསམ་བློ་རྐྱང་བའི་ཆ་ནས་ངས་དགེ་མཚན་ཆེན་པོར་གླེང་མི་འདོད།དེ་བས་གཙོ་བོར་རྩོམ་པ་པོས་བརྗོད་དོན་དང་འབྱོར་བའི་ལྷུག་བརྗོད་ཀྱི་གཏམ་རྒྱུད་ཅིག་བཟོ་སྐྲུན་བྱས་པའི་བརྒྱུད་རིམ་གྱི་སྟེང་ནས་རྩོམ་གྱི་དགེ་མཚན་དང་རྩོམ་པ་པོའི་རྩལ་མངོན་པར་བྱས་ཡོད་ཅེས་སྨྲས་ན་འདོད།

སྲོལ་རྒྱུན་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་དེ་ལོ་རྒྱུས་སུ་འགྱུར་བའི་གོ་རིམ་ཁྲོད་ནས།འཚོ་བའི་སྔར་ཡོད་ཀྱི་རྣམ་པ་ཇི་བཞིན་དུ་འབྲི་བའི“སླར་མཚོན”གྱི་འབྲི་ཐབས་བསྐྱུར་ནས།རྩོམ་རིག་གམ་སྒྱུ་རྩལ་དེ“མཚོན་པ”ཅན་དུ་གྱུར།དུས་རབས་ཉི་ཤུ་པའི་འཛམ་གླིང་རྩོམ་རིག་སྤྱིའི་ཁ་ཕྱོགས་ནི་མཚོན་པ་ཅན་འདི་ཡིན།རྩོམ་རིག་གི་བསམ་པའི་མཐོ་རླབས་འདིའི་ནང་དུ་ཆེས་གལ་ཆེན་དུ་འཛིན་པ་གཏམ་རྒྱུད་ཇི་ལྟར་དུ་བཤད་རྒྱུ་ཡིན་པ་དེ་རེད།བསམ་བློ་ཡི་གཏིང་ཚད་དང་།འཚོ་བ་ཡི་ཁྱབ་རྒྱ།སྣང་བརྙན་གྱི་གསོན་ཤུགས་སོགས་བཏང་སྙོམས་སུ་བསྐྱུར་ནས་རྩོམ་པ་པོ་ཞེས་པ་དོན་གྱིས་གཏམ་རྒྱུད་བཤད་མཁས་པ་ཞིག་ཏུ་ངོས་འཛིན་དགོས་པར་གྱུར་ཅིང་། གཏམ་རྒྱུད་དེ་ཇི་ལྟར་བློ་འདས་ཁྱད་མཚར་དུ་ཡོད་ན་དེ་ལྟར་དུ་ལེགས་པར་བྱེད་པ་ཡིན།“རྣམ་པ་ནི་ནང་དོན་ནོ”ཞེས་པའི་རྩོམ་རིག་གི་ལྟ་བའམ་འདི་ལས་བྱུང་།ཁྱད་ཆོས་འདིའི་སྟེང་ནས་སྔུན་སྐྱོདཅེས་པའི་ཐ་སྙད་འདི་ཡང་བྱུང་བ་ཡིན།

སྣང་ཚུལ་འདི་བོད་ཡུལ་དུའང་སྔར་ནས་བྱུང་བ་སྟེ།བཀྲ་ཤིས་ཟླ་བ་དང་ཨ་ལགས་ལྟ་བུ་དང་།ཡང་ན་ལྗང་བུ(<<སོག་རུས་ལས་མཆེད་པའི་རྣམ་ཤེས>>)དང་།སྟག་འབུམ་རྒྱལ་ལྟ་བུ།པདྨ་ཚེ་བརྟན་ནི་འདིའི་ནང་གི་མཐའ་གཅིག་ཏུ་སྔོན་དུ་བགྲོད་པའི་རྩོམ་པ་པོ་གཙོ་བོ་ཞིག་དང་།ལྷུག་བརྗོད་ཀྱི་ཆ་ལ་ཆེས་དང་དོད་མཛད་པའི་རྩོམ་པ་པོ་ཞིག་དང་།ཁོས་གཏམ་རྒྱུད་བཟོ་སྐྲུན་བྱེད་པ་ལ་ཁྱད་མཚར་གྱི་ཆ་ཡོད་པར་མ་ཟད།དེ་ནི་ད་དུང་བདེན་ཐུབ་ཀྱི་རྟག་བཟོད་ཅིག་དང་།འཚོ་བའི་ཁུར་གྱིས་བཏེགས་པ་འབའ་ཞིག་ལས།སྒྱུ་རྩལ་གྱི་བཅོས་ཤུལ་མངོན་ནས་ཡོད་པ་ཞིག་མིན།འདི་ལྟའི་འཁོར་ཕྱོགས་འདི་ད་ལྟ་ཇེ་གསལ་ནས་ཇེ་གསལ་རེད།<<ཨ་ཁུ་ཐོད་པར་བཅར་འདྲིར་ཕྱིན་པ>>ཞེས་པའི་གཏམ་རྒྱུད་འདི་ལྷག་པར་དུ་ཡང་འཚོ་བ་དངོས་ཇི་བཞིན་འབྲི་བ་ཞིག་ཏུ་སྣང་བས།འདིར་ཐ་ན་གོང་དུ་བསྟན་པ་ལྟར་དངོས་ཡོད་རིང་ལུགས་ཀྱི་ཆ་ནས་ཀྱང་བཤད་པ་མཛད་ཆོག འདི་ལྟར་གཏམ་རྒྱུད་གཅིག་གི“ལམ་སྣེ”འཇིག་རྟེན་གཉིས་སུ་ཕྱོགས་ཆོག་པ་འདི་གཅིག་པོའི་སྟེང་ནས་ཀྱང་འདིར་ལྷུག་བརྗོད་ཀྱི་དགེ་མཚན་མི་དམན་པར་ཡོད་པ་ཆེས་གསལ་པོར་མཐོང་ཐུབ།

དེང་གི་ང་ཚོ་ཀློག་པ་པོ་རྣམས་ལ་མཚོན་ན།གང་ལྟར་ཀྱང་རྩོམ་འདི་ལྟ་བུའི་རིགས་དེ་ད་དུང་དང་ལེན་བྱེད་རྒྱུ་ཅུང་དཀའ་བར་སྣང་།མང་པོ་ཞིག་གིས་པདྨ་ཚེ་བརྟན་གྱི་རྩོམ་དེ་དག་གོ་དཀའ།ཅི་ཞིག་བཤད་བཞིན་པ་མི་ཤེས་ཟེར།ཡིན་ཏེ་ང་ཚོའི་རྩོམ་རིག་གི་ཤེས་བྱ་དང་།ང་ཚོ་འབྲེལ་གཏུག་བྱ་སའི་རྩོམ་ཕལ་ཆེ་བ་དངོས་ཡོད་རིང་ལུགས་ཡིན་ཞིང་།དེང་གི་འཛམ་གླིང་རྩོམ་རིག་དང་།རྩོམ་རིག་གི་གསར་རྩོམ་དེ།དངོས་ཡོད་རིང་ལུགས་ལས་བརྒལ་ཏེ་དེང་རབས་རིང་ལུགས་སམ་དེང་རབས་ཕྱི་མའི་རིང་ལུགས་སུ་སོན་ཡོད་པས།འདི་ནི་དོན་གྱིས་ང་ཚོའི་རྩོམ་རིག་གི་ཤེས་བྱ་རྒས་འགྱུར་བྱུང་བའི་སྟབས་ཀྱིས་ཡིན།དངོས་ཡོད་རིང་ལུགས་དང་དེང་རབས་རིང་ལུགས་ཀྱི་རྩོམ་སྟངས་གཉིས་ནི་མཛེས་དཔྱོད་ཀྱི་མ་ལག་གཏན་ནས་མི་འདྲ་བའི་རྩོམ་སྟངས་རྣམ་པ་གཉིས་རེད།སྔ་མའི་མཛེས་དཔྱོད་ཀྱི་རྨང་གཞི་ནི་མཛེས་དཔྱོད་མྱོང་རྟོག་སྨྲ་བདང་།ཕྱི་མའི་མཛེས་དཔྱོད་ཀྱི་རྨང་གཞི་ནི་སྐད་ཆ་སྨྲ་བའི་ཕྱོགས་སུ་བསྒྱུར་བའོ།།པདྨ་ཚེ་བརྟན་དང་བཅས་པའི་བོད་ཀྱི་སྔོན་བགྲོད་རྩོམ་རིག་ལ་གོ་བ་ལོན་དགོས་ཚེ་ཁོའི་མཛེས་དཔྱོད་ཀྱི་རྨང་གཞི་དེ་ཕྱི་མ་ལ་བཅོལ་དགོས་པ་ཡིན།

“བློ་ནི་གོམས་པའི་རྗེས་འགྲོ་ཕྱིར།།”ཞེས་པ་ལྟར་མིའི་བསམ་གཞིག་བྱེད་སྟངས་ལ་ཆོས་དངོས་གསར་པར་འཛེམ་དོགས་བྱེད་པའི་སྒྱིད་ལུག་གི་རང་བཞིན་ཞིག་བྱིངས་ནས་ཡོད་ཕྱིར་དང་།དངོས་ཡོད་རིང་ལུགས་ཀྱི་འབྲི་སྟངས་དེ་དངོས་ཡོད་འཚོ་བའི་གཞི་དང་ཆེས་འབྲེལ་ཞིང་སྤྱི་ཚོགས་ཀྱི་དགག་བཞག་དང་ཕན་ནུས་ལ་དམིགས་པ་ལྷག་པར་རང་གཤིས་སུ་གྲུབ་ཡོད་པས།དངོས་ཡོད་རིང་ལུགས་ཀྱི་འབྲི་སྟངས་དེ་དེང་གི་ང་ཚོས་ཅི་ནས་ཀྱང་བློ་ཡིས་འདོར་དཀའ་བ་བདེན་པ་ཡིན།འོན་ཀྱང་རྩོམ་རིག་རང་སྟེང་ནས་བཤད་ན།རྩོམ་རིག་དེ་ཐོག་མར་སྒྱུ་རྩལ་ཞིག་དང་གསར་རྩོམ་ཞིག་དང་།མིའི་སྤྱི་ཚོགས་ཀྱི་ཕན་ནུས་རང་བཞིན་དེར་མ་ཟད།མིའི་ཕྱི་ནང་གི་འཇིག་རྟེན་རབ་འབྱམས་པ་དེ་ཁོའི་ཁ་གཏོད་ཡུལ་དུ་བྱས་ཡོད་པས། ང་ཚོས་རྩོམ་རིག་གི་ཆོས་ཉིད་འདིར་བརྩི་འཇོག་བྱས་ནས་རྩོམ་རིག་ལ་ནང་དོན་དང་རྣམ་པ་ཉིས་ཆ་ནས་གུ་ཡངས་པའི་ཁོར་ཡུག་ཆེན་པོ་དེ་སྟེར་ཐུབ་དགོས། འཛམ་གླིང་རྩོམ་རིག་ཡོངས་དང་འདྲ་བར་བོད་རྩོམ་གྱི་རྣམ་པ་དེ་ཡང་རྣམ་མང་ཅནཞིག་ཡིན་ན་འགྲིག་པ་ཡིན།

རྩོམ་རིག་རང་སྟེང་གི་ཆོས་ཉིད་འདིས་མ་ཟད།རྩོམ་པ་པོའི་ཆ་ནས་བཤད་ན་ཡང་རྣམ་མང་ཅན་དུ་བྱེད་པའི་རྒྱུ་མཚན་ཡོད་དེ།རྩོམ་པ་པོ་རང་གི་ལྷན་གཤིས་ཀྱིས་རང་གི་མོས་པ་དང་ནུས་པ་འདོན་སྟངས་ལ་ཁྱད་པར་ངེས།དཔེར་ན་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལྟ་བུར་མཚོན་ན།ཁོས་དངོས་ཡོད་རིང་ལུགས་ཀྱི་འབྲི་སྟངས་ལྷུར་བླངས་པར་དེའི་ཆ་ནས་རང་ཉིད་ཀྱི་དགེ་མཚན་མངོན་པར་བྱེད་ཐུབ་ལ། འབྲི་སྟངས་གསར་བ་ལྷུར་བླངས་པས་དགེ་མཚན་བླ་ལྷག་ཏུ་མངོན་ཐུབ་མེད་པ་ཁོའི<<སྤྱི་འགྲོས་ཤིག>>ལྟ་བུ།ངས་བསམ་ན་སྟག་འབུམ་རྒྱལ་ནི་དེ་ལས་ལྡོག་སྟེ།ཁོ་རང་གི་ཐུན་མིན་ཁྱོད་ཆོས་དེ་དངོས་ཡོད་རིང་ལུགས་ལས་འབྲི་ཐབས་གསར་པའི་སྟེང་ན་ཡོད།<<ཉིན་གཅིག་གི་ཆོ་འཕྲུལ>><<ཁྱི་རྒན>>སོགས་ལྟ་བུ།རྩོམ་འདིའི་རྩོམ་པ་པོ་པདྨ་ཚེ་བརྟན་ལ་མཚོན་ན།ཁོའི་འབྲི་ཐབས་གསར་པར་ཕྱོགས་པའི་བློ་ཁ་དེ་རུས་རྐང་གི་གསེང་ལ་ཐིམ་པ་ཞིག་ཡིན་ཏེ།ཐ་ན་ཁོའི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་བརྩམས་ཆོས་དེ་དག་གི་ཤུགས་ནས་ཀྱང་ང་ཚོས་མིའི་འཚོ་གནས་དང་འཚོ་གནས་ཀྱི་དོན་སྙིང་ལ་གཞིགས་པའི་རྩོམ་རིག་རྐྱང་བའམ་གཟུགས་འདསཀྱི་ཁྱད་ཆོས་དེ་ཆེས་མངོན་གསལ་དུ་མཐོང་ཐུབ།

ཉེ་བའི་ལོ་འགའི་རིང <<སྦྲང་ཆར>>དང་བཅས་པའི་བོད་ཀྱི་དུས་དེབ་ཀྱི་འབྲི་ཐབས་གསར་པའི་དགེ་མཚན་ལ་གོ་བ་མཐོ་ས་ནས་བླངས་ཏེ།འབྲི་ཐབས་གསར་པ་ལ་གསར་རྩོམ་གྱི་གཤིན་ས་ཡངས་པོར་བསྟབས་ནས་བོད་རྩོམ་སྣ་མང་དུ་བྱ་བ་དང་།རྩོམ་པ་པོ་སྐྱེད་སྲིང་བྱ་བ།རྩོམ་རིག་འཕེལ་རྒྱས་སུ་གཏོང་བ་བཅས་ལ་མཐུན་རྐྱེན་མི་དམན་པར་བསྒྲུབས་ཡོད་པ་འདི་ཐུགས་རྗེ་ཆེ་ཞུ་དགོས་པའི་གནས་ཤིག་རེད་སྙམ།འབྲི་ཐབས་གསར་པ་ལ་མཐུན་རྐྱེན་བརྩོན་ལེན་བྱེད་པ་ནི་གཞན་གྱི་རྩོམ་རིག་གི་རྗེས་གཅོད་པའི་ཆེད་མ་ཡིན་པར།རྩོམ་རིག་གི་མཚོ་མོ་ལས་གསར་རྩོམ་གྱི་ཉ་མོ་གང་བདེར་འཁྱུག་ནས་རང་རྩལ་མཐོ་ས་ནས་བོགས་འདོན་ཡོང་བའི་ཆེད་ཡིན།རྩོམ་རིག་གི་ནམ་མཁའ་མ་གཞི་ནས་རྒྱ་ཆེ་བ་ཁོད་ཡངས་པ་ཞིག་ཡིན་ཨང་།

                                                                       ༢༠༠༡ ༥ ༣༠

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆེས་ཀློང་ཡངས་པའི་མཛེས་དཔྱོད་ཀྱི་འཇིངས་སུ་དཔུང་འཇུག་བྱ་བ།

2009-07-11 བདུད་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།