རྩོམ་རིག་གི་ཡིད་བརྙན་གླེང་བ།

སེང་མགུལ་མ་ཎི་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-03-27

                                      ___________ཁ་ཧྥུ་ཁའི་《གཟུགས་འགྱུར་ཟིན་ཐོ་》ཡི་བསྡུས་བརྗོད་ཡིད་བརྙན་ངོས་འཛིན།
      ནང་དོན་གནད་བསྡུས།
     དེང་གི་ཨ་རིའི་རྩོམ་གཞུང་སྨྲ་བ་བོ་བེ་ལེ་ཁུའི་རྩོམ་གཞུང་དང་རྒྱའི་རྩོམ་གཞུང་ཚད་ལྡན་འགའི་རྩོམ་རིག་གི་ཡིད་བརྙན་གྱི་གོ་དོན་ལ་གཞི་བཅོལ་ནས་ཁ་ཧྥུ་ཁའི་《གཟུགས་འགྱུར་ཟིན་ཐོ་》ཡི་བསྡུས་བརྗོད་ཡིད་བརྙན་ལ་ངོས་འཛིན་དང་རྒྱ་བོད་བརྩམས་ཆོས་གྲགས་ཅན་ཚོས་བརྩམས་ཆོས་འདིའི་ཡིད་བརྙན་ལ་ཟུར་ བརྒྱན་པར་བྱས་ཡོད།
    བརྡ་ཆད་གཙོ་བོ།
    ཡིད་བརྙན། ཁ་ཧྥུ་ཁ། གཟུགས་འགྱུར་ཟིན་ཐོ། བསྡུས་བརྗོད་ཡིད་བརྙན།
      
            དེ་ཡང་འཛམ་གླིང་རྩོམ་རིག་གི་ལོ་རྒྱུས་སྟེང༌། ཨོ་ཏིས་ལིའི་རྩོམ་མཁན་ཧྥའོ་ལན་ཚུས་ཁ་ཧྥུ་ཁའི་རྩོམ་རིག་ལ་ཐུན་མོང་མ་ཡིན་པའི་གསར་རྩོམ་གྱི་ཁྱད་ཆོས་ཤིག་ཡོད། ཁོས་རང་གི་མི་ཚེའི་ལས་དབང་དང་འབྲེལ་བའི་ཁེར་རྐྱང་དང་ཞེ་ལོག་གི་འཚོ་བའི་བདེ་སྡུག་སྣ་ཚོགས་གླུ་རུ་གྱེར་ཏེ་མི་ཡུལ་ལ་ཡི་མུག་པའི་སྐྱོ་གར་མང་དུ་འཁྲབ། འོན་ཀྱང༌། ཁོང་ཉིད་འཇིག་རྟེན་དུ་བཞུགས་ཡུན་ནི་དེ་འདྲའི་གྲགས་མེད་ཚོར་མེད་ཅིག་ཡིན་མོད། དམ་པ་ཁོང་ཉིད་ཚེ་དུས་གནང་ཉིན་ནས་མི་ཚོས་ཁོང་ཉིད་ནི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་རྨང་འདིང་མཁན་གཙོ་བོའི་གྲས་སུ་བགྲངས་ཡོད་ལ། ཁོང་གི་རྩོམ་རིག་གི་རིན་ཐང་ངོ་མ་བོ་དེར་རིམ་གྱིས་གོ་བ་ལེན་ཐུབ་པ་བྱུང་ཡོད།
      ཉིད་ཀྱི་རྩོམ་རིག་གི་བསྟན་པ་དར་བའི་དུས་སྐབས་ནི་འཇར་མན་མངོན་མཚོན་རིང་ལུགས་རྩོམ་རིག་བྱ་འགུལ་རྩེར་སོན་པའི་དུས་དང་འཁེལ་ཡོད་ལ། དུས་སྐབས་འདིའི་རྩོམ་རིག་གི་རླབས་རྒྱུན་ཁྲོད་རྩོམ་པ་   པོས་མངོན་པར་མཚོན་འདོད་པ་ནི་དུས་རབས་༢༠པའི་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་མི་དང་མིའི་དབར་གྱི་འགལ་འབྲེལ་ལས་ཕྱི་ནང་གཉིས་ཀྱི་སེམས་པ་དང་ཀུན་སྤྱོད་རིགས་ཤིག་གི་ལྐོག་གྱུར་གྱི་གསང་བ་སྣ་ཚོགས་སྟེ། ཕྱི་ངོས་ནས་བལྟས་ན་ཕན་ཚུན་དགའ་དགའ་དུངས་དུངས་སུ་སྣང་ནའང༌། དོན་དམ་པས་ནང་སེམས་ཀྱི་རང་ཉིད་དེ་ནམ་ཡང་གྲོགས་མེད་ཁེར་རྐྱང་དང་སྐྱབས་མེད་མགོན་མེད། སྤྱི་ཚོགས་དང་འཚོ་བའི་གནས་བབ་གང་རུང་ན་ཆ་མེད་རྒྱུས་མེད་དང་སུ་དང་གང་ལའང་ཡིད་རྟོན་དཀའ་བའི་སྡུག་བསྔལ་གྱི་སེམས་ཁྲལ་སྨག་མུན་རིམ་པ་ཞིག་གིས་བཏུམས་པའི་ནང་སེམས་ཀྱི་འགྱུར་བ་དྲག་པོ་དེ་ཡིན། འོན་ཀྱང་རྩོམ་པ་པོས་མངོན་མཚོན་རིང་ལུགས་ཀྱི་འཇིག་རྟེན་བསྐྱར་མཚོན་གྱི་སྒྱུ་རྩལ་མཚོན་ཐབས་དེ་དང་དུ་ལེན་མི་འདོད་པར་གཙོ་བོ་ཞིབ་བརྟག་ནན་མོ་དང་ཞིབ་ཆ་དོད་པའི་བསམ་གཞིགས་ཀྱི་བདེན་པར་དམིགས་ནས་བསམ་བློ་རིགས་ཤིག་གི་གསང་བའི་མཐིལ་དེ་སྔོག་འདོན་བྱས་ཡོད། དེ་ནི་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་གནས་པའི་“གཞན་འགྱུར” ་གྱི་སྣང་ཚུལ་ཏེ། མ་རྩ་རིང་ལུགས་སྤྱི་ཚོགས་སུ་དངུལ་དང་འཕྲུལ་འཁོར་སོགས་ཀྱི་“དངོས་པོ”་དེ་ཚོས་མི་ལ་བཀོད་པ་བྱེད་ཅིང༌། མི་དངོས་པོའི་བྲན་གཡོག་ཏུ་འགྱུར་བཞིན་པའི་དངོས་ཡོད་གནས་ཚུལ་དེ་གཡོལ་ཐབས་བྲལ་བ་ཞིག་ཏུ་གྲུབ་ཡོད་པ་དང་མི་དང་མིའི་བར་གྱི་འབྲེལ་བ་གདུག་རྩུབ་ཅན་དེ་ཐེར་འདོན་བྱས་ཡོད་པ་དེ་རེད།
      ང་ཚོས་བརྩམས་ཆོས་འདིའི་བསམ་བློའི་རིན་ཐང་ལ་འཚོལ་དཔྱོད་བགྱིད་པའི་ཚེ་ན།   བརྩམས་ཆོས་འདི་ལས་རྩོམ་མཁན་ཁ་ཧྥུ་ཁའི་རང་གཤིས་ཀྱི་ཟུར་མང་པོ་མངོན་ལྐོག་གཉིས་ནས་མཐོང་ཐུབ། ཁོའི་སྐྲག་   སྣང་དང་ཡི་ཆད་ཀྱི་མིག་ཟུང་གི་གཟུགས་བྱར་གྱུར་བ་ནི་ཚུལ་འཆོས་དང་གསོག་གསོབ་རྐྱང་བའི་འཇིག་རྟེན་ཞིག་སྟེ། རྩོམ་པ་པོ་ཁོང་གི་མི་ཚེའི་བརྒྱུད་རིམ་དང་གསར་རྩོམ་གྱི་ལས་ཀ་ཐམས་ཅད་ཀྱང་ཁུངས་མེད་འཆལ་གཏམ་དང་རང་བདག་གི་འགལ་བའི་བརྒྱུད་རིམ་ཞིག་ལས་མ་འདས་ལ། ཁོང་གི་མ་ངེས་པའི་སྐྱེས་ཁུངས་དང་འཚོ་གཞེས་སྐབས་ཀྱི་སྤྱི་ཚོགས་ཁོར་ཡུག་གི་འགལ་བ།ལྷག་པར་དུ་ཁོང་གི་ཡབ་ཀྱི་དབང་ཤེད་དྲག་རྩུབ་ཆེ་བའི་སྐྱོན་དང་ཡུམ་ཡང་སེམས་སྦུབ་དོག་པ་ཞིག་ཡིན་པ་མ་ཟད། ཕ་མ་གཉིས་གཙོས་ཐེག་དཀའ་བའི་ཁོར་ཡུག་གི་སྒྲིག་སྲོལ་སྣ་ཚོགས་ཀྱིས་བྱིས་པའི་དུས་ནས་ཁོའི་འཚོ་བའི་ཁོར་ཡུག་ལ་ཤུགས་རྐྱེན་ནམ་རྨ་ཁ་བཅོས་ཐབས་མེད་པ་བསྐྲུན། དེ་ནི་ཁ་ཧྥུ་ཁའི་གཤིས་ཀ་དེ་ཡི་མུག་སྐྱོ་སྣང་ཅན་ཞིག་ཏུ་འགྲུབ་རྒྱུའི་ཐོག་མའི་ཤུགས་རྐྱེན་ཡིན་ངེས་ཏེ། རྗེས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་ཁྲོད། འཇུ་རིགས་ལ་མཐོང་ཆུང་བྱེད་པ་དང་ཆབ་སྲིད་ཀྱི་སྨག་རིམ་སྟུག་པ་སོགས་ཕྱི་ནང་གི་རྐྱེན་དུ་མས་ཁོང་ཉིད་གྲོགས་མེད་ཁེར་རྐྱང་གི་མི་ཚེའི་འཚོ་བར་མི་འདོད་བཞིན་དུ་ཨུ་ཚུགས་ཀྱིས་བརྫངས་ཡོད། དོན་དམ་པས་ཁོང་གི་གསར་རྩོམ་གྱི་འབྱུང་གཞིའང་སྡུག་བསྔལ་དང་ཁེར་རྐྱང་གི་སྣང་བ་དེ་ལས་བྱུང་བ་རང་རེད། ཁོང་ཉིད་ཀྱིས་“བགེགས་བར་ཆད་ཐམས་ཅད་ཀྱིས་ང་ཉིད་གཞོམ་སྲིད་”①ཟེར་བའི་སྐད་ཆ་ལ་བརྟག་ན་ང་ཚོས་ཁོང་ཉིད་ནི་འཚོ་བར་ངེས་འབྱུང་སྐྱོ་ཤས་ཀྱི་གདུང་འབོད་དབྱངས་སུ་གྱེར་མཁན་ཞིག་སྟེ། ཡི་ཆད་དང་སྡུག་སྣང་གི་རེ་བ་ཡོངས་སུ་ཟད་འདུག་པའི་མི་ཞིག་ཡིན་པ་དེ་ཤེས་ཐུབ། དེ་བས་སྒྲུང་གཏམ་འདི་ལ་རང་རྣམ་གྱི་བག་ཆགས་ངེས་ཅན་ལྡན་འདུག་ཟེར་ཆོག འཚོ་བའི་ཁྲོད་ཁོ་ནི་ཆེས་ཉམ་ཐག་གི་མི་ཆུང་ཞིག་དང་ཕ་རྒན་གྱི་འདོད་བློ་མཚོན་པའི་“སྲོག་ཚབ་གཏོང་མཁན་”ཞིག་ཡིན།
           སེམས་ཁམས་ཁོར་ཡུག་ཉམ་ཐག་ཅིག་གི་རྒྱུ་ལས་འཁྲུངས་པའི་བརྩམས་ཆོས་འདིས་མི་ཞིག་ཆེས་ཐབས་སྡུག་པའི་གནས་སྐབས་སུ་ད་གཟོད་ཁོར་ཡུག་གི་རང་གཤིས་ངོ་མ་བོ་དག་ལྷང་ལ་འབུད་སྲིད་པའི་   ཆོས་ཉིད་ཅིག་དང་མི་ཕན་ཚུན་བར་སོ་དཀར་པགས་པའི་འཛུམ་མདངས་མངོན་པ་དེའང་མཐར་ཐུག་ན་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་ཆེད་དེ། ནམ་ཞིག་ལ་འབྲེལ་བ་ཡག་པོ་དེ་དུམ་སེ་ཆད་པའི་གནས་སྐབས་སུ་ཕྱི་ངོས་ཀྱི་འཆོས་ཉམས་ཅི་རིགས་སྐད་ཅིག་དེ་ཉིད་ལ་ཡལ་ཅིང༌། སྡིག་རྩུབ་བྱམས་བྲལ་གྱི་རང་བཞིན་དེ་མ་ཁད་་དུ་མངོན་ཡོང་བའི་ཆོས་ཉིད་ཅིག་བསྟན་འདུག རྩོམ་པ་པོས་མི་སྣ་གཙོ་བོ་ཀི་ལི་ཀོ་ཨེར་གཟུགས་ འགྱུར་བྱུང་རྗེས་ཀྱི་དངོས་ཡོད་འཚོ་བའི་ཞིབ་ཕྲའི་ཆ་རྣམས་སྔོག་འདོན་བྱས་པ་བརྒྱུད་འགྲོ་བ་མིའི་ནང་སེམས་ཀྱི་གདོད་གཤིས་ཀྱི་རིམ་པ་བརྟོལ་ཏེ་མིའི་ལྷན་སྐྱེས་ཀྱི་གཤིས་ཀ་ངོ་མ་བོ་དེ་བསྡུས་བརྗོད་ཡིད་བརྙན་གྱི་ཚུལ་དུ་མཚོན་པར་བྱས་ཡོད།
          ང་ཚོས་བརྩམས་ཆོས་མྱོང་རོལ་གྱི་གོ་རིམ་ཁྲོད་ཐོག་མཐའ་ཀུན་ཏུ་གདུང་སེམས་ཆེན་པོ་ཞིག་གིས་བསམ་པའི་བར་གླགས་ཐམས་ཅད་ཡོངས་སུ་བཏུམས་ཏེ་ཀི་ལི་ཀོ་ཨེར་མིའི་འཇིག་རྟེན་ནས་གཞན་འགྱུར་བྱུང་སྟེ་འཇིག་རྟེན་དུ་འབུའི་ལུས་རྟེན་རྙེད་པ་ནི་དོན་ངོ་མའི་འཇིག་རྟེན་འདིའི་སྐྱེ་བོ་བྱིངས་ཀྱི་ཁྱད་གཤིས་ཉག་ཅིག་སྟེ། རྒྱུ་ནོར་དང་བྱ་བའི་དགོས་དབང་གི་ཁོར་ཡུག་ཁྲོད་དུ་མིའི་རིགས་ཀྱི་ནང་གཤིས་དེ་གཞན་དུ་འགྱུར་ཚར་བ་དང༌། ཕན་ཚུན་བཀོལ་སྤྱོད་ཀྱི་མིས་མི་ཟ་བའི་སྤྱི་ཚོགས་ཀྱི་གནས་བབ་ཡ་ང་བ་དེ་མི་སྣ་ཀི་ལི་ཀོ་ཨེར་གྱི་སྟེང་ནས་གསལ་བར་མངོན་ཡོད། འདི་ནི་“རྩོམ་རིག་གི་མཚོན་ཐབས་གསར་བའི་རིགས་ཤིག་སྟེ་སྐད་ཅིག་མའི་མཚོན་ཚུལ་ལས་མངོན་པའི་ཤེས་པ་དང་བརྩེ་བའི་འགལ་འདུའི་ཉམས་མྱོང་ཞིགསྟེ་ཀློག་པ་པོའི་སྣང་ངོར་རང་ཤུགས་སུ་མངོན་པའི་ཚོར་བ་སྐྱེན་པོ་དེ་ཡིན། ཚོར་བ་དྲག་པོའི་རིགས་དེ་དག་ནི་རྩོམ་གྱི་མི་སྣ་གང་དེའི་བྱ་བྱེད་དང་སྨྲ་བརྗོད་ལས་ལྷང་ལ་འབུད་ཐུབ་ལ་ཀློག་པ་པོའི་ཚོར་ཤེས་ལས་དེའི་བདེ་སྡུག་གི་གནས་བབ་ཅི་རིགས་ཉམས་སུ་མྱོང་ཐུབ།སེམས་ཁམས་རིག་པའི་གཞུང་ལུགས་སུ་སེམས་བྱུང་འདིའི་རིགས་ལ་ཡིད་བརྙན་ཞེས་འབོད་བཞིན་ཡོད་ལ་འདོད་ཡོན་ལྔའི་མྱོང་བར་བརྟེན་ནས་མངོན་པར་མཚོན་བཞིན་   ཡོད།
           ཡིད་བརྙན་གྲུབ་མཐའི་སྙན་ངག་པ་ཕང་ཏིས་庞德(E.pound)“ཡིད་བརྙན་ནི་རི་མོའི་རྣམ་པའི་བསྐྱར་སྣང་ལྟ་བུ་ཞིག་མ་ཡིན་པར་སྐད་ཅིག་མའི་ཤེས་པ་དང་བརྩེ་བའི་འགལ་འདུའི་མྱོང་སྣང་ཞིག་གམ་ཡང་ན་འདོད་བློ་མི་གཅིག་པའི་ཚོགས་སྤྱི་ཞིག་ཡིན”③ཞེས་པའི་གསུངས་འདི་ལས་འཕྲོས་ན། རང་རེའི་སྙན་གཞུང་གི་ཕྲ་མོའི་རྒྱན་གྱི་དཔེར་བརྗོད་དུ་“ཀུན་དའི་མེ་ཏོག་ཟུང་གཅིག་བཞག་ནས་སོང་”ཞེས་བུད་མེད་ཅིག་གིས་རང་གི་མཛའ་བོ་དེ་མཚན་མོ་ཟླ་བ་ཤར་བའི་དུས་སུ་ཤོག་ཅེས་པའི་བརྡ་བསྟན་པ་དེ་ནི་མཐོང་ཚོར་གྱི་ཡིད་བརྙན་ལ་གོ་བ་བླངས་ཆོག་ལ། ཟླ་བ་ཕར་འགྲོ་ཞིག་ལ།། ཁྱེད་ལ་འཕྲིན་ཞིག་བསྐུར་ཡོད།། སྐར་མ་ཚུར་འཁོར་ཞིག་ལ།། འཕྲིན་ལན་གཏོང་རྒྱུར་སྒུག་ཡོད།། ཅེས་པའི་དམངས་གཞས་འདི་ལས་གཞོན་ནུ་ཞིག་གིས་རང་གི་མཛའ་མོར་འཕྲིན་པ་གཏོང་བའི་གནས་སྐབས་ཀྱི་སེམས་འདུན་དེ་ཟླ་བ་དང་སྐར་མར་བཅོལ་བའི་དྲན་གདུང་གི་ཡིད་བརྙན་ཡིན། དེ་བས་ན། ཡིད་བརྙན་ནི་སྒྱུ་རྩལ་རྩོམ་རིག་གི་རུས་རྐང་དུ་མ་འཐིམས་ས་མེད་ལ། ལྷག་པར་དུ་སྙན་ངག་གི་སྒྱུ་རྩལ་གྱི་ལས་སྣོན་དེ་ཡིད་བརྙན་གྱི་རང་བཞིན་དང་ཁ་འབྲལ་ཐབས་མེད། ཡིད་བརྙན་གྱི་མ་ཕྱུག་པའི་སྙང་ངག་ནི་སྙན་ངག་བཟང་ཤོས་སུ་བརྩི་ཐབས་མེད་དེ། རྒྱ་གར་གྱི་སྙན་ངག་གྲགས་ཅན་《སྤྲིན་གྱི་ཕོ་ཉ》ནི་བསྡུས་བརྗོད་ཡིད་བརྙན་གྱི་དུངས་མཚོན་སྙན་ངག་ཅིག་སྟེ། རྩོམ་པ་པོས་ཡིད་ཀྱི་འགྱུར་བ་དྲག་པོ་དེ་ཕ་རོལ་བོ་སྤྲིན་ལ་བཅོལ་བའི་ཚུལ་གྱིས་སྤྲིན་གྱི་ཕོ་ཉ་དེས་གཞོན་ནུ་ཟུང་གི་ཕན་ཚུན་གྱི་ དྲན་གདུང་མཚོན་བཞིན་ཡོད། དེ་ནི་རྩོམ་རིག་གི་ཡིད་བརྙན་རང་བཞིན་ཡིན།“འདས་པའི་ཚོར་བའམ་ཉམས་མྱོང་དེ་སེམས་ངོགས་སུ་བསྐྱར་ཏུ་ཤར་བའམ་ཕྱིར་དྲན་གྱི་ཟོལ་གྱིས་མངོན་པ་ཞིག་སྟེ། ངེས་པར་མཐོང་ཚོར་ཡིན་མི་དགོས།” པ་བཞིན་རྩོམ་པ་པོའི་འཚོ་བའི་དྲན་སྣང་དེ་སེམས་ལྡན་སེམས་མེད་ཀྱི་བྱ་དངོས་གཞན་ཞིག་གི་ངོས་ནས་རང་གི་སེམས་འདུན་རྣོན་པོ་དེ་ཚིག་གི་བར་གསེང་ནས་ཀློག་པ་པོར་མཁོ་   སྤྲོད་གནང་ཡོད། འདི་ནི་ཡིད་བརྙན་གྲུབ་བྱེད་ཀྱི་རྟགས་དང་མཚན་མ་ཡིན། འོན་ཀྱང༌། ཚབ་མཚོན་དུ་གྱུར་བའི་མི་སྣའི་སྣང་བརྙན་ཡོད་ཚད་ཡིད་བརྙན་གྱི་མཛེས་པར་མི་འགྲོ་སྟེ། རྒྱའི་རྩོམ་མཁན་ལུའུ་ཞུན་གྱི་སྨྱུག་འོག་གི་ཨQདང་ཁུང་ཡིས་ཅི་སོགས་ནི་རྩོམ་པ་པོས་བརྗོད་འདོད་ཀྱི་ཀུན་སློང་སྤྲས་སའི་ཡུལ་ཅན་ནམ་དཔེ་མཚོན་གྱི་གདགས་གཞི་རེ་ཡིན་ངེས་མོད། ཨQནི་ཨQསྟེ། ཁོའི་སྟེང་ན་གྲུབ་གཟུགས་གཞན་ཞིག་གི་གསང་བའི་ཟློས་གར་གྱི་ཆ་མང་པོ་བཙལ་རྒྱུ་མེད། འོན་ཀྱང་བོད་ཀྱི་གནའ་རབས་སྒྲུང་གཏམ་ཁྲོད་དུ་གོ་ས་ཆེན་པོ་ཡོད་པའི་《མི་དོན་ཕུག་རོན་གྱིས་དཔྱད་པའི་གཏམ་རྒྱུད》དང་《ར་ལུག་ཕག་གསུམ་གྱི་གཏམ་རྒྱུད》《བྱ་སྤྲེལ་གཏམ་རྒྱུད》སོགས་སེམས་ཅན་བྱ་རི་དྭགས་སོགས་ཀྱི་བྱ་སྤྱོད་དང་སྐད་ཆ་ལས་སྤྱི་ཚོགས་ཀྱི་སྣང་ཚུལ་ངོ་མ་ཞིག་  མངོན་འདོད་པ་འདིར་བསྡུས་བརྗོད་ཡིད་བརྙན་གྱི་ཁྱད་ཆོས་མི་ལྡན་ཞེས་སུས་བཤད་ཕོད་དམ། དེ་བས་ན།  “རྩོམ་འདིར་རྩོམ་པ་པོས་བརྗོད་པར་འདོད་པའི་ཀུན་སློང་དེ་འབུ་རིགས་གཞན་ཞིག་གི་ངོས་ནས་མི་སྟོན་པར་སྦུར་གན་གི་ངོས་ནས་བསྟན་འདོད་པ་ནི། སྦུར་ནག་གི་ཕྱི་ལྐོག་གིས་རང་ཉིད་འགེབ་སྲུང་བྱ་ཐུབ། དེ་ནི་ཏག་ཏག་འགྲོ་བ་མིའི་འཚོ་སྡོད་ཀྱི་གནས་བབ་ཅིག་དང་ཀུན་ནས་མཚུངས་ཏེ། མིས་ག་དུས་ཡིན་རུང་རང་གི་ཁེ་ཕན་དང་རང་ཉིད་འགེབ་སྲུང་བྱ་རྒྱུ་དེ་གཙོ་བོར་འཛིན་པས་ཡིན། སྦུར་ནག་ལ་གཤོག་ཟུང་ཡོད་པས་འཕུར་ལྡིང་དང་རང་དབང་གི་གནས་བབ་ཅིག་མཚོན་ཐུབ་མོད། འོན་ཀྱང་རྩོམ་པ་པོའི་སྨྱུག་འོག་གི་སྦུར་ནག་འདིར་རྣམ་པ་ཀུན་ཏུ་གཤོག་པ་ཡོད་ཚུལ་གླེང་མེད་ལ་འདི་ནི་མིའི་རིགས་ཀྱི་འཚོ་བའི་གནས་བབ་གང་རུང་གི་ལྐོག་གྱུར་གྱི་བསམ་གཞིགས་ཤིག་དང་མཚོན་ཚུལ་ཞིག་ཡིན་འདུག”སྦུར་ནག་འདིས་ང་ཚོར་མཁོ་སྤྲོད་བྱེད་འདོད་པ་ནི་སྦུར་ནག་གི་སྣང་བརྙན་གྱི་བརྒྱུད་རིམ་ལས་མངོན་པའི་འགལ་འདུའི་སེམས་ཁམས་རིམ་པ་དུ་མ་ཅན་ཞིག་གི་ཆོས་ཉིད་དེ་ཡིན། དེ་ནི་མཚན་ཉིད་རིག་པའི་མཚོན་བཞིན་པའི་མི་གཤིས་ཀྱི་གདོད་མའི་རང་བཞིན་ཡིན། དེ་བས་ན། སྦུར་ནག་འདི་ནི་མ་གཞི་ནས་བསྡུས་བརྗོད་ཀྱི་ཡིད་བརྙན་ཏེ། མི་སྣ་གཙོ་ བོའི་སེམས་སྡུག་མཚོན་པའི་“ཁྱིམ་ལ་ལོག་པའི་”ཡིད་བརྙན་ཡིན། གཟུགས་འགྱུར་བྱུང་རྗེས་ནས་ཁོ་རང་ ཁྱིམ་དང་ཁ་བྲལ་བའི་ཚུལ་ཞིག་ཤུགས་ནས་མངོན་ཡོད་ལ་ཁོས་ཁྱིམ་མི་དང་གོམས་ལོབས་སུ་སོང་བའི་འཚོ་བའི་ཆོས་ཉིད་རྒྱབ་ཏུ་དོར། དེ་བས། ཁྱིམ་མི་ཚོས་ཁོ་རང་“སྒོ་ཕྱི་རུ་དེད་”ཡོད། འདི་ནི་དོན་དམ་དུ་ཁོ་རང་འགྲོ་བ་མིའི་འཇིག་རྟེན་པས་ཕྱིར་ཕུད་དེ་མི་མིན་དུ་བསྒྱུར་ཅིང་དུད་འགྲོའི་གྲས་སུ་བརྫངས་པ་དང་གཉིས་སུ་མ་མཆིས་ཏེ། འདི་ནི་ཁོའི་ལག་ཐོག་གི་ལས་ཀ་ཤོར་བ་ནས་མགོ་བརྩམས་པ་རེད་དེ། ཡོད་ཚད་ཁེ་ཕན་འབའ་ཞིག་གི་དོད་དུ་བརྫངས་ཚར་བ་རེད་འདུག  ཨེན་ཀེ་སེས་《དབྱིན་ཇིའི་བཟོ་བ་གྲལ་རིམ་གྱི་གནས་བབ》ཅེས་པ་ལས་བསྟན་དོན།“ཁྱིམ་གཞི་འདྲ་ཆགས་པོ་ཞིག་བྱུང་བའི་སྦྲེལ་ཐག་ནི་བཟའ་ཚང་བར་གྱི་བརྩེ་བ་དེའི་རིགས་ཡིན་མི་སྲིད་ལ། དོན་ངོ་མའི་རྒྱུ་ནོར་ཐུན་མོང་ལ་དབང་བའི་ཁྲོད་ཡིབ་པའི་མི་སྒེར་གྱི་ཁེ་ཕན་དེ་རེད”ཅེས་བསྡོམས་ཚིག་བཀོད་ཡོད་པ་འདིས་ཐག་གིས་བཅད་ཟིན་ཡོད། རྩོམ་པ་པོས་ཐབས་རྩལ་ཁྱད་པར་ཅན་དེ་ཁུངས་ལུང་མེད་པའི་གཏམ་རྒྱུད་ལ་བརྒྱུས་པའི་མཛེས་དཔྱོད་ཡིད་བརྙན་གྱི་ཁྱད་ཆོས་འདི་ཧ་ཅང་ཡ་མཚན་ཅན་དུ་སྣང་ལ། ལྷག་པར་དུ་མངོན་མཚོན་རིང་ལུགས་ཀྱི་རྩོམ་གཤིས་སུ་ཤིན་ཏུ་ཁ་འཕྲོད་པར་འདུག ནང་སེམས་ཀྱི་ཉམས་སྣང་ཕྱི་རོལ་བྱ་རི་དྭགས་སོགས་སེམས་ལྡན་ཡིན་མིན་གཉིས་ཀྱི་ངོས་ནས་མཚོན་པར་བྱས་ཡོད། དཔེར་ན། ཉི་ཧོང་གི་རྩོམ་མཁན་ཤ་མུའུ་ཧྲུའུ་ཧྲིས་ཀྱིས་མཛད་པའི་《ང་ནི་བྱི་ལ་ཡིན》ཞེས་པའི་སྒྲུང་གཏམ་དང་ཡུག་ཅེན་ཨའོ་ཉིས་ཨར་གྱིས་མཛད་པའི་《སྤུ་རིང་སྤྲ》སོགས་འཛམ་གླིང་གི་སྒྲུང་གཏམ་གྲགས་ཅན་མང་པོས་སེམས་ལྡན་སྲོག་ཆགས་ཀྱི་ངག་སྒོ་གཡར་ནས་འཇིག་རྟེན་མིའི་རང་གཤིས་ཇི་བཞིན་མཚོན་ཡོད་པ་དང༌། 《བྱ་དཔེ་བྱེའུ་སྒྲུང་》སོགས་སངས་རྒྱས་ཀྱི་སྐྱེས་རབས་རྣམ་ཐར་སོགས་ཀྱིས་མཚོན་པའི་བརྩམས་ཆོས་སོགས་སུའང་རྩོམ་མཁན་གྱི་མྱོང་སྣང་དང་བདེ་སྡུག་གི་ཚོར་བ་དག་ཕྱི་རོལ་བྱ་དངོས་ཀྱི་ཆོས་གང་རུང་ཞིག་གི་ངོས་ནས་སྟོན་བཞིན་ཡོད་ལ། བྱ་དངོས་དེས་ཀློག་པ་པོར་བསམ་གཞིགས་དང་ཕྱིར་དྲན་གྱི་ཡིད་བརྙན་སྣ་ཚོགས་འཆར་བར་བྱས་ཡོད། དེ་ནི་རྩོམ་རིག་གི་མཛེས་དཔྱོད་ཀྱི་སྒྱུ་རྩལ་མཚོན་ཐབས་ཏེ། བོད་ཀྱི་དམངས་ཁྲོད་རྩོམ་རིག་ཁྲོད། (མི་ཤི་རྗེས་འབྲལ་ཞུ་བའི་ཚིག)བྱ་རྒོད་པོ་དགུང་སྔོན་ཉུལ་དུས་སུ། བྲག་དམར་བོ་མིག་གིས་ཞར་ནས་འཕུར།། བྱ་གན་ན་ཞེ་ཐོག་མེད་ནི་བྱོས།། བྱ་མང་པོས་གཤོག་སྐྱོང་བྱེད་ནི་ཡོད།། ཅེས་རང་གི་གཉེན་མི་གང་རུང་ཞིག་འདས་རྗེས་སྐྱེལ་མ་བྱེད་པའི་ཚུལ་དེ་བྱ་རྒོད་པོ་ཞིག་གི་བསྡུས་བརྗོད་ཡིད་བརྙན་ལ་བརྟེན་ནས་མཚོན་ཡོད་པ་ལྟར་རེད།
      ཡིད་བརྙན་ནི་(image)མིས་མཛེས་དཔྱོད་ཕུགས་འདུན་ཕར་བྱ་དངོས་གང་རུང་གི་ཚུལ་ལ་འཕྲོ་འདུ་ བྱེད་པའི་སྐད་ཅིག་མར། ཚུར་སེམས་ངོར་སྣང་བའི་ཀུན་རྟོག་སྣང་བརྙན་གྱི་རིགས་ཤིག་སྟེ།“དོན་ལས་   འཕྲོས་པའི་བརྙན་”ཞེས་བརྗོད་ཀྱང་ཆོག་ལ་བོད་ཀྱི་དཔེ་ཆོས་ཞེས་བརྗོད་པའི་དོན་དང་ཅུང་མཐུན་པར་སྙམ། ཨ་རིའི་རྩོམ་གཞུང་སྨྲ་བ་བེ་ལེ་ཁུས།“སེམས་ཁམས་རིག་པའི་ཁྲོད། ཡིད་བརྙན་ནི་འདས་པའི་ཚོར་སྣང་ངམ་ཡང་ན་ཐད་ཚོར་ཉམས་མྱོང་དག་ཡིད་དུ་སླར་སྣང་དང་ཕྱིར་དྲན་གྱི་ཚུལ་དུ་མངོན་པ་སྟེ། མཐོང་ཚོར་ཁོ་ནར་གོ་ན་མི་འགྲིག་ཅེས་བརྗོད་ཡོད།”དེ་བས།“ཡིད་བརྙན་ནི་མཚོང་ཚོར་སྣང་བརྙན་ཙམ་མ་ཡིན་པར་རེག་བྱའི་ཚོར་བ་དང་ཐོས་པའི་ཚོར་བ། ཚོར་བ་བརྗེ་སྤོར་གྱི་སྣང་བརྙན་སོགས་ལ་འཇུག དོན་དམ་པར་བཤད་ན་སྣང་བརྙན་ནི་མཚོན་རྟགས་ཤིག་སྟེ། མི་སྒེར་གྱི་མཛེས་དཔྱོད་ཀྱི་འདོད་ཕྱོགས་དང་རིག་གནས་ཀྱི་འཕེལ་ཕྱོགས་ཀྱི་མཚོན་ཚུལ་གྱི་མངོན་རྟགས་ཤིག་ཡིན། སྲོག་ཆགས་དང་སྐྱེ་དངོས་སོགས་མཐོང་ཆོས་མྱོང་བརྒྱུད་ཀྱི་བྱ་དངོས་དག་ཡིད་བརྙན་དུ་འགྱུར་འགྲོ་བ་ཡོད་ལ། སྒྲ་དབྱངས་དང་དྲི་རོ་སོགས་ཀྱང་ཡིད་བརྙན་དུ་འགྱུར་འགྲོ་བ་ཡོད། ”དཔེར་ན། ལུའུ་ཞུན་གྱི་སྒྲུང་གཏམ་《སྨོན་འདུན》གྱི་མགོ་མཇུག་གང་རུང་དུ་མངོན་པའི་སྐྱ་ཐང་ཐང་གི་མཁའ་དབྱིངས་སུ་ཤོག་སྦག་གི་གས་སྒྲ་དང་འབར་རྫས་ཀྱི་དྲི་མ་ཕྲ་མོ་འཕྱུར་བའི་སྣང་ཚུལ་དེ་དག་ནི་སྤྱིར་བཏང་གི་ཁོར་ཡུག་ཞིབ་འབྲི་ཙམ་མ་ཡིན་པར་དེ་ནི་མི་སྣ་གཙོ་བོ་ཤང་ལེན་སའོ་ཡི་མི་ཚེ་ལས་དབང་དེ་མངོན་པའི་ཡིད་བརྙན་ཡིན་ལ། རྒྱའི་བུད་མེད་རྩོམ་མཁན་ཀྲང་ཨེན་ལེན་གྱི་《གསེར་ཟྭའི་ཟིན་ཐོ》ཡི་རྩོམ་གྱི་མགོ་མཇུག་གང་རུང་ན་མངོན་བཞིན་པའི་ཟླ་བའི་གཟུགས་བརྙན་དེ་ནི་མི་ལོ་སུམ་བཅུར་བཀས་བཀོད་རྒྱུད་འཛིན་གྱི་གུས་ཞབས་དང་སྒོར་མོ་དོན་གཉེར་གྱི་གསེར་གྱི་སྒྲོག་ཏུ་ཚུད་པའི་ཚའོ་ཆིས་ཆའོ་ཡི་ཡིད་བརྙན་ཡིན། དེ་བས་ན། “ཡིད་བརྙན་ནི་བསམ་འདུན་རིགས་ཤིག་གི་ཚུལ་རྣམ་ལས་མངོན་པའི་རྟགས་དང་མཚན་མ་ཡིན་” ལ། མཚོན་ཚུལ་རིགས་ཤིག་གི་མི་མངོན་པའི་གཏིང་ཟབ་སར་ཉར་བའི་བསྡུས་གཟུགས་ཤིག་ཀྱང་ཡིན། སྙན་ངག་པའི་ཡིད་བརྙན་ནི་རང་བདག་གི་མངོན་སྟངས་ཤིག་སྟེ། བྷོ་རྡི་ལར་གྱི་ 《སྡིག་པའི་མེ་ཏོག》ནི་སྙན་ངག་པ་ཁོང་ཉིད་ཀྱི་ནང་སེམས་ཀྱི་བསྡུས་བརྗོད་ཡིད་བརྙན་རེད། དེ་ནི་ཁོང་གི་སེམས་ངོགས་སུ་ཉར་བའི་ཐུགས་དགོངས་རིགས་ཤིག་གི་ཚུལ་རྣམ་ལས་མངོན་པའི་རྟགས་དང་མཚན་མ་རེད། དེ་ནི་ཡིད་བརྙན་ལ་རིག་གནས་ཡིད་བརྙན་དང་མི་སྒེར་ཡིད་བརྙན་ཞེས་པའི་མི་སྒེར་གྱི་ཡིད་བརྙན་ཡིན། དེ་བས་ན། ཀི་ལི་གོ་ཨེར་གཟུགས་འགྱུར་བྱུང་རྗེས་སུ། རྩིག་ལྡེབས་དང་གནམ་གཅལ་དུ་གོག་ནུར་བྱེད་ཅིང་འབོལ་ཁྲིའི་འོག་སོགས་སུ་བསྐུངས་ནས་སྡོད་དགོས་པ་འདི་ནི་རྩོམ་པ་པོ་ཁོང་ཉིད་ཀྱི་འཚོ་བ་དངོས་དང་འབྲེལ་བའི་འཚོ་བའི་ངང་ཚུལ་ཞིག་གི་རྟགས་དང་མཚན་མ་ཡིན་ངེས་ཏེ། རང་ལ་ཆེས་སྙིང་ཉེ་བའི་སྲིང་མོས་ཀྱང་མཐར་ཁོའི་སྒོར་ཟྭ་བརྒྱབ་སྟེ་ཟས་ཙམ་ཡང་སྐྱེལ་མཚམས་བཞག་པ་ནས་ཁོ་རང་འགྲོ་བ་མིའི་འཇིག་རྟེན་ནས་ཡོངས་སུ་ཕྱིར་ཕུད་དེ་མི་མིན་དུ་བསྒྱུར་ཅིང་དུད་འགྲོའི་གྲས་སུ་བརྫངས་ཚར་བ་དེ་མཚོན། དེ་ནི་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་ཁྱིམ་ཚང་གི་འབྲེལ་བ་སྡུག་པོ་དེའི་ཡིད་བརྙན་ནམ་རྩོམ་པ་པོ་ཁོང་གི་ཁྱིམ་ཚང་གི་འབྲེལ་བའི་ས་བོན་ལས་མཆེད་པའི་སུན་འབྱིན་དང་གདུང་སེམས་ཀྱི་ཡིད་བརྙན་རེད། མཐར་གཏུགས་ན་མ་རྩ་རིང་ལུགས་སྤྱི་ཚོགས་ཀྱི་“གཞན་འགྱུར་”གྱི་ཡིད་བརྙན་རེད།
དཔྱད་ཡིག
①《文学卷》p406  魏宏伟 主编  伯灵 编著      哈尔滨出版社
②《文学理论》p212雷纳韦勒克、 奥斯丁沃伦著  江苏教育出版社
http://baike.baidu.com/view/665937.htm
④《文学理论》p211雷纳韦勒克、 奥斯丁沃伦著  江苏教育出版社
⑤《文学理论教程》p235 童庆炳主编            高等教育出版社
⑥《文学比较概论》p233 杨乃乔主编            北京大学出版社
⑦《文学比较概论》p233 杨乃乔主编            北京大学出版社
⑧《文学理论》 p238 雷纳韦勒克、 奥斯丁沃伦著 江苏教育出版社

              (རྩོམ་པ་པོ་ནི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་༢༠༠༧ལོའི་ཞིབ་འཇུག་སློབ་མ་ཡིན།)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་གི་ཡིད་བརྙན་གླེང་བ།

2009-03-27 སེང་མགུལ་མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།