སྙན་ངག་པ་སྒྲིག་ལམ་ལས་ཐར་མེད།

  སྤྱིར་སྙན་ངག་ཅེས་པ་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་སྙན་ངག་པ་སུ་དང་གང་གིས་བྲིས་པའི་སྙན་ངག་དེ་རྩོམ་པ་པོ་རང་ཉིད་མི་རིགས་གང་ཡིན་པ་དེའི་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་མཚོན་དགོས་པ་ནི་སྙན་ངག་པ་དེས་བྲིས་པའི་སྙན་ངག་གི་རུས་རྐང་ལྟ་བུ་ཡིན་དགོས་ལ། གལ་ཏེ་སྙན་ངག་པ་སུ་དང་གང་གིས་བྲིས་པའི་སྙན་
ངག་ལ་དུས་སྐབས་ཤིག་གི་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་མཚོན་པའི་ནུས་པ་མེད་ན་རྩོམ་པ་པོ་དེས་བྲིས་པའི་སྙན་ངག་དེ་མི་རིགས་དེའི་ཡི་གེ་ཡི་གཟུགས་རིས་ཙམ་ཡིན་ཡང་མི་རིགས་དེའི་སྙན་ངག་གི་གྲས་སུ་བགྲངས་མི་རུང་།རྒྱུ་མཚན་ཅིའི་ཕྱིར་དུ་ཟེར་ན།  དེ་ལྟ་བུའི་རྩོམ་པ་པོས་བྲིས་པའི་སྙན་ངག་ལ་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་མཚོན་པའི་ཁྱད་ཆོས་ཅི་ཡང་མེད་པའི་ཕྱིར། དེང་སྐབས་སྙན་ངག་པར་ཁས་ཆེ་བ་འགའ་རེས་སྙན་ངག་གི་གཞུང་ལུགས་ཞེས་པའི་མིང་ཙམ་གོ་བ་ནས་བཟུང་སྡང་སེམས་དང་ཁོང་ཁྲོ་མནན་ན་མི་མནོན་པ་ལྟ་བུ་ཞིག་ཡོད་མོད་གལ་ཏེ་སྙན་ངག་གི་གཞུང་ལུགས་མེད་ཚེ་སྙན་ངག་དེ་ནི་སྡོད་གནས་མེད་པའི་སྤྲང་བོ་ལྟ་བུ་ཡིན་པས་སྤྲང་བོས་སྤྱི་ཚོགས་སྟེང་དུ་གོ་གནས་ག་འདྲ་ཞིག་ཟིན་ཡོད་པའི་ཚུལ་ལ་བསམ་བློ་མི་གཏོང་རང་གཏོང་རེད།
  སྙན་གཞུང་གི་ཞིང་ས་བཟང་བོ་ཞིག་མེད་པར་སྙན་ཚིག་གི་སྐྱེ་དངོས་ལེགས་པོ་ཞིག་འོང་བར་འདོད་པ་ནི་རྒྱུ་མེད་པར་འབྲས་བུ་སྐྱེས་བར་འདོད་པ་མ་ཡིན་ནམ།གཞུང་ལུགས་ཞེས་པ་ནི་རིག་པའི་གནད་ཚིག་དག་གཅིག་ཏུ་བསྡུས་པའི་ཚོགས་པའམ་གནས་ལུགས་ཕྲ་མོ་དག་གི་དོན་ལ་དཔྱད་པ་བཏངས་པའི་མཐར་ཐུག་གི་རྙེད་དོན་
ཡིན་པ་ལས་དོན་མེད་ཀྱི་ཚིག་ཉོག་མང་པོར་གོ་རིམ་བསྒྲིག་པ་ལྟ་བུ་ཞིག་མ་ཡིན་པའི་གནད་དེ་ཤེས་དགོས།
  སྙན་གཞུང་གི་ནང་དུ་སྒྲིག་ལམ་ཡོད་པས་སྙན་ངག་འབྲི་བའི་བསམ་བློ་དེའང་སྒྲིག་ལམ་གྱི་དབང་དུ་སོང་སྟེ་བརྗོད་འདོད་པའི་སྐད་ཆ་དེ་ལ་བཀག་རྒྱ་ཆེན་པོ་ཡོད་པར་ལབ་མོད།འོན་ཀྱང་ཁྱེད་ཅག་གིས་ཚད་མར་བཟུང་བའི་རབ་རིབ་སྙན་ངག་དེ་ལའང་བརྗོད་དོན་གསལ་མི་ཉན་པ་ལ་སོགས་པའི་སྒྲིག་ལམ་དམ་པོ་ཞིག་ཡོད་པས་ན་སྙན་གཞུང་གི་སྒྲིག་ལམ་ལ་མི་དགའ་བའི་མི་ཁྱེད་ཚོ་སྙན་ཚིག་གི་སྒྲིག་ལམ་འོག་ཏུ་ད་དུང་ཐར་ཐུབ་ཀྱིན་མེད་པས་སྒྲིག་ལམ་ནི་ནམ་ཡང་ཁྱེད་ཚོར་ལུས་དང་གྲིབ་མ་བཞིན་དུ་གནས་ཡོད་པར་བསམ་བློ་བཏངས་ཨེ་མྱོང་། བྱ་དངོས་གང་ཞིག་ཡིན་ཡང་གཞུང་ལུགས་ཡོད་པ་ནི་དེ་དག་ཉམས་དམས་སུ་མི་འགྲོ་བའི་རྒྱུ་གལ་ཆེན་པོ་ཞིག་རེད་ཅེས་བཤད་ན་མི་ཆོག་པ་ག་ལ་ཡོད་དེ།གོ་སླ་བའམ་ཆུང་ས་ནས་དཔེ་ཞིག་བཞག་ན་ད་ལྟ་ཡོངས་ཁྱབ་ཀྱིས་བཀོལ་སྤྱོད་བྱེད་པའི་ལག་ཁྱེར་ཁ་པར་ལྟ་བུ་ཞིག་ལ་མཚོན་ནའང་བཀོལ་སྤྱོད་བྱེད་ཚུལ་གྱི་གཞུང་ལུགས་ཡོད་པ་ནི་དཔེ་རིས་དང་བཅས་པ་ང་ཚོས་མཐོང་ཡོད་པ་ལྟ་བུ་རེད། གློག་གསོག་ཚུལ་དང་།  བཀོལ་སྤྱོད་བྱེད་ཚུལ། བྱང་བུ་འཇོག་ཚུལ།  གླུ་དབྱངས་དང་གློག་བརྙན་ཕབ་ལེན་བྱེད་ཚུལ་སོགས་གཏན་ཁེལ་བྱས་ཏེ་ཨང་རིམ་དང་བཅས་པ་བསྒྲིག་ཡོད་པ་ནི་ཁ་པར་དེ་དུས་ཡུན་རིང་བོར་བཀོལ་སྤྱོད་བྱེད་ཐུབ་པའི་ཆེད་དུ་ཡིན་པ་རེད། དེ་བཞིན་དུ་སྙན་ངག་ལའང་གཞུང་ལུགས་ཡོད་པ་ནི་མི་རིགས་དེའི་སྙན་ངག་གི་རིག་ གནས་དེ་མི་ཉམས་ཡུན་རིང་དུ་འཚོ་བའི་རྨང་གཞི་ཡིན་པས་ན་རྩ་བའི་རྨང་གཞི་ལ་ངོ་རྒོལ་བྱེད་པ་ནི་རིག་གནས་ཡུན་རིང་དུ་འཚོ་བ་ལ་ངོ་རྒོལ་བྱེད་པ་ཡིན་ལ་རང་གི་རིག་གནས་ཀྱི་རྩ་བའི་མ་ལག་ཅིག་མེད་པར་བཟོ་འདོད་པ་ནི་མི་རིགས་ཀྱི་སྐད་ཡིག་གི་གྲུབ་ཆ་ཞིག་མེད་པར་བཟོ་འདོད་པ་ཡིན་པས་མི་རིགས་འདིའི་རིག་གནས་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་ཞེས་འུར་རྒྱག་པ་ནི་བསམ་བློ་མ་བཏངས་པའི་བླུན་གཏམ་ཁོ་ན་ལས་འདའ་མེད་པ་རེད། ང་རང་ཉིད་ལ་མཚོན་ནའང་རྩོམ་པའི་ལས་སུ་འཁྲིད་པའི་དེད་དཔོན་ལྟ་བུ་ནི་སྙན་ངག་ཡིན་ལ་
  སྙན་ངག་མ་བྲིས་པའི་ཉི་མ་རེ་རེ་ནི་ཅི་ཞིག་བོར་སོང་ལྟ་བུའི་ཚོར་བ་ཡོད་པའི་མི་ཞིག་ཡིན་པས་སྙན་ངག་དང་ངེད་གཉིས་ཀྱི་བར་དུ་བཅད་ཀྱང་མི་ཆོད་པའི་འབྲེལ་ཐག་སྲ་མོ་ཞིག་ཡོད་ལ།དེའི་དབང་གིས་སྙན་ངག་གི་དར་རྒུད་ཀྱི་ལས་དབང་ནི་རང་ཉིད་ཀྱི་དར་རྒུད་དང་གཅིག་མཚུངས་སུ་རློམ་ཡོད་ལ་སྙན་ངག་པའི་འོས་འགན་ནི་རང་ཉིད་ཀྱི་འོས་འགན་དུ་བཟུང་བའི་བསམ་བློ་དེ་དུས་ནམ་ཡང་དོར་མ་མྱོང་བས་སྙན་ངག་དང་འབྲེལ་ཡོད་ཀྱི་སྐད་ཆ་གང་ཞིག་གོ་ནའང་དེ་ལ་གནས་ལུགས་དང་ཕན་པ་ཡོད་མེད་ལ་ཞིབ་འདང་རེ་རྒྱག་རྒྱུ་ནི་ང་རང་གི་འཚོ་བའི་གོམ་གཤིས་སུ་གྲུབ་ཡོད་པ་རེད། དེང་སྐབས་ཀྱི་སྙན་ངག་པར་རློམ་པ་འགའ་རེའི་སྙན་ངག་གི་སྐྱབས་བཅོལ་ས་དང་ལད་ཟློས་ས་ནི་ནུབ་ཕྱོགས་ཀྱི་སྙན་ངག་ཡིན་ལ་ཁོ་ཚོས་བྲིས་པའི་སྙན་ངག་དག་ལའང་བོད་རང་གི་སྙན་ངག་གི་བྲོ་བ་ཅི་ཡང་མི་ལྡན་པར་མ་ཟད་ཁོ་ཚོའི་སྙན་ངག་དག་ནི་བོད་ཡིག་གིས་བྲིས་ཡོད་ཀྱང་བོད་སྐད་ཀྱི་སྒྱུ་རྩལ་ཞིག་ཡིན་པའི་མྱོང་བ་ཅི་ཡང་མི་འདུག་པར་མ་ཟད་བོད་ཀྱི་སྐད་ཆ་ཞིག་རེད་སྙམ་པའི་མྱོང་ཚོར་ཡང་མི་འདུག ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་དང་དཔག་བསམ་འཁྲི་ཤིང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་བསྟོད་པ་བརྒྱ་བ་སོགས་དང་། ལོ་ཆེན་བྱང་ཆུབ་རྩེ་མོ་དང་ནམ་མཁའ་བཟང་བོ་གཉིས་ཀྱིས་སྤྲིན་གྱི་ཕོ་ཉ་སོགས་བོད་སྐད་དུ་བསྒྱུར་བ་ལ་བརྟེན་ནས་རྒྱ་གར་རྩོམ་རིག་གཞུང་ལུགས་དང་རྩོམ་རིག་ལ་སློབ་སྦྱོང་བྱེད་པའི་ལུགས་སྲོལ་བྱུང་མོད།ལོ་ཙྰ་བ་དེ་དག་གིས་བསྒྱུར་བའི་སྙན་གཞུང་དང་སྙན་ངག་དེ་དག་ནི་ས་མིང་དང་ཆུ་མིང་ཙམ་ལས་བསྒྱུར་རྩོམ་ཞིག་ཏུ་མཐོང་མི་ཐུབ་པར་བོད་རང་གི་སྙན་ངག་གི་བསྟན་བཅོས་ཤིག་རེད་སྙམ་པའི་རྩོམ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ལ་དེ་ནི་སྐད་གཉིས་སྨྲ་བ་དེ་དག་ལ་བོད་རང་གི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཡོད་པའི་སྟེང་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལའང་ཞིབ་འཇུག་ཟབ་མོ་བྱས་ཡོད་པའི་རྐྱེན་གྱིས་རེད། ཡིན་ནའང་དེང་གི་སྙན་ངག་པར་རློམ་པ་འགའ་རེ་ཡིས་བྲིས་པའི་སྙན་ངག་དེ་དག་ནི་ལྟས་པ་ཙམ་གྱིས་འདི་ནི་བོད་རང་གི་རིག་གཞུང་ལ་བྱང་ཆ་མེད་པ་ཞིག་གིས་མི་རིགས་གཞན་གྱི་སྙན་ངག་ཅིག་བོད་ཡིག་ཏུ་བསྒྱུར་བ་རེད་སྙམ་པའི་བསམ་བློ་ཞིག་སྐྱེ་འོང་།ཁོ་ཚོས་བྲིས་པའི་སྙན་ངག་དེ་དག་གི་ནང་དུ་བོད་རང་གི་ཐ་སྙད་དང་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་བཤད་འདོད་པའི་བརྗོད་བྱ་དེ་མཚོན་ཅི་ཐུབ་མི་བྱེད་པར་བོད་རང་གི་མིང་དང་ཚིག་གི་རྣམ་བཞག་དེ་ལད་ཟློས་བྱེད་སའི་མི་རིགས་དེའི་སྐད་དང་ཡི་གེ་ཡི་ངོ་བོར་ཕར་བསྒྱུར་ཅི་ཐུབ་བྱེད་ཀྱིན་ཡོད་པས་ཕྱོགས་གཉིས་ཀྱི་མི་སུས་བལྟས་ཀྱང་ཁོ་ཚོའི་སྙན་ངག་དེ་དག་ནི་ལད་ཟློས་བྱེད་སའི་མི་རིགས་དེའི་སྙན་ངག་ཀྱང་མིན་བོད་རང་གི་སྙན་ངག་ཀྱང་མ་ཡིན་པར་ར་མ་ལུག་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་མ་ཟད།ཁོ་ཚོའི་སྙན་ངག་དེ་དག་ཀློག་པ་པོའང་ཕྱིར་ཁོ་ཚོ་ཡིན་པ་ལས་གཞན་ཅི་ཡང་མི་འདུག་པའི་རྐྱེན་གྱིས་གར་སོང་ས་ན་ཁོ་ཚོའི་སྙན་ངག་ནི་ཐོལ་རྒལ་བྱུང་ཡོད་པའི་སྙན་ངག་ཅིག་ཡིན་པར་ལབ་ཏེ་རང་ཉིད་ཀྱིས་རང་ཉིད་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་མིག་མཐོང་ལག་ཟིན་རེད།  བོད་རང་གི་མཁས་པ་སྔ་མ་དག་གིས་སྙན་ངག་ལ་སློབ་སྦྱོང་བྱེད་སའི་གཞུང་ལུགས་སྙན་ངག་མེ་ལོང་མའི་ནང་དུ་སྙན་ངག་མེ་ལོང་བོད་སྐད་དུ་བསྒྱུར་ཕྱིན་ཆད་སྙན་ངག་བྲིས་ཚད་པོ་སྙན་ངག་མེ་ལོང་གི་གཞུང་ཤིང་ལས་འདའ་མི་མཆོག་ཅེས་ཅི་ཡང་གསུངས་མེད་པ་ནི་ཤར་ཙོང་ཁ་བས་མཛད་པའི་རྟག་ངུའི་རྟོགས་བརྗོད་དང་། ཞང་ཞུང་ཆོས་ དབང་གྲགས་པས་མཛད་པའི་རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དགེ་ལྡན་ལེགས་བཤད་སོགས་གང་ལ་ལྟས་ཀྱང་ཤེས་ཏེ་དེ་གཉིས་ཀྱི་ནང་དུ་སྙན་ངག་མེ་ལོང་གི་རྩོམ་རྩལ་གྱི་ཁྱད་ཆོས་ལ་རང་རང་གི་རིག་པའི་རྩལ་གྱིས་རམས་འདེགས་བྱས་ཏེ་བརྩམས་པ་ལས་སྙན་ངག་མེ་ལོང་གི་གཞུང་ཤིང་ལས་འདའ་མེད་པ་ཞིག་ག་ལ་ཡིན། སྙན་ངག་ཅེས་པ་འདི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་ན་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་ལ་ཡར་ཐོན་དང་འགྱུར་ལྡོག་བྱུང་ཡོད་ལ་དེ་དང་འབྲེལ་ཏེ་སྙན་ཚིག་ཕར་ཟད་སྙན་གཞུང་གི་རྒྱན་ལའང་ཁ་སྣོན་མང་དུ་བྱེད་དགོས་པ་དང་དེ་ལྟར་བྱེད་པ་ནི་རང་གི་རིག་གཞུང་དེ་འཐུས་ཚང་དུ་གཏོང་བའི་བསམ་བློའི་ལངས་ཕྱོགས་ཤིག་ཡིན་པའི་བློ་གནོད་མེད་ཅིག་རྒྱུན་དུ་སྐྱེས་འོང་། སྤྱིར་འཇིག་རྟེན་ཅེས་པ་འདི་ནི་རྫས་གྲུབ་ཡིན་པས་བྱ་དངོས་གང་ཞིག་ཡིན་ཡང་འགྱུར་ལྡོག་ཡོད་པ་ནི་དངོས་པོའི་ཆོས་ཉིད་ཡིན་པས་ན་གོམས་པའི་བློ་དང་ཞེན་པའི་བློ་དེ་དག་ནི་མཐར་ཐུག་གི་བདེན་དོན་ཡིན་པའི་བསམ་བློའི་འཆིང་རྒྱ་དེ་དོར་ནས་སྣང་ཚུལ་དང་གནས་ཚུལ་མི་འདྲ་བའི་བྱ་དངོས་ཀྱི་འཕེལ་འགྲིབ་ལ་དཔྱད་པ་གཏོང་རྒྱུ་ནི་གལ་ཆེ་བའི་གནད་དོན་ཞིག་ཡིན་པར་འདོད། ཞང་ཞུང་ཆོས་དབང་གྲགས་པས་རྒྱལ་བོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་སྙན་ངག་གི་བསྟན་བཅོས་དེ་རྩོམ་སྐབས་དངོས་ཡོད་རིང་ལུགས་དང་རྟོག་པ་འཆར་ཡན་རང་ལུགས་གཉིས་ལས་འབྲི་སྲོལ་འདི་སྤྱད་པ་ཡིན་ཞེས་གང་དུའང་གསུངས་མེད་མོད་དེང་གི་རྩོམ་རིག་དཔྱད་བརྗོད་པས་དེ་ནི་རྟོག་པ་འཆར་ཡན་རིང་ལུགས་ཀྱི་སྙན་ངག་རིང་མོ་ཞིག་ཡིན་པར་བསྒྲུབ་པ་དང་། ཡང་ཁོང་གིས་དེ་ནི་སྙན་ངག་གི་རྒྱན་སོ་སོའི་དཔེ་བརྗོད་ཡིན་ཅེས་གསུངས་མེད་ནའང་སློབ་ཁྲིད་བྱེད་པ་པོ་དག་གིས་རྒྱན་འདི་དང་འདིའི་དཔེ་བརྗོད་རེད་ཅེས་དགོངས་གཞི་འཚོལ་དགོས་པ་ནི་རྩོམ་པ་པོ་རང་ངོས་ནས་སྙན་ངག་དེ་རྩོམ་སྐབས་བརྗོད་འདོད་པའི་ནང་དོན་དེ་ཚིག་གི་སྡེབ་སྦྱོར་གང་ཞིག་གི་སྒོ་ནས་བྲིས་ཚེ་དོན་ན་ཁ་ལ་བདེ་བ་དང་ཉན་ན་རྣ་བར་སྙན་པ་བསམ་ན་ནང་དོན་ཡོད་པ་ལ་སོགས་པའི་ཁྱད་ཆོས་ངོམ་དུ་རུང་བ་ཞིག་འོང་བའི་ཐབས་ལ་བརྟེན་པ་ལས་འབྲི་སྲོལ་གང་དུ་གཏོགས་པ་དང་རྒྱན་གང་ཡིན་པའི་ཕྱོགས་ལ་ཐུགས་བསམ་མ་གནང་བ་ར་སྤྲོད་བྱེད་ཐུབ་པར་མ་ཟད་སྙན་ངག་འབྲི་བ་ལ་ཕར་སྙན་ངག་གི་རྒྱན་ལ་བསམ་བློ་གཏོང་མི་དགོས་པར་རྩོམ་རྩལ་གྱི་ནུས་པ་ཅི་ཡོད་འདོན་ཅི་ཐུབ་བྱེད་ཆོག་པའང་གསལ་བཤད་བྱས་ཡོད། སྙན་ངག་པ་པེ་ཏོ་སོགས་ཀྱིས་༡༩༤༧ལོར་དེ་རིང་ཟེར་བའི་དེབ་ཅིག་གཉེར་བ་དེ་ནས་བཟུང་རབ་རིབ་སྙན་ངག་སྟེ་བརྗོད་དོན་མི་གསལ་བའི་སྙན་ངག་ཅིག་འབྲི་བའི་ལུགས་སྲོལ་དར་ཁྱབ་བྱུང་བ་ཡིན་ལ་དེ་ནས་མི་ལོ་དྲུག་བཅུ་ལྷག་འགོར་བའི་དེ་རིང་ང་ཚོའི་སྙན་ངག་པ་རང་རློམ་ཅན་འགའ་ཞིག་གིས་ཅི་ཞིག་ཤེས་སོང་བ་དང་ཡ་མཚན་པའི་ངང་ནས་སྙན་ངག་ཅེས་པ་ནི་ཅི་ཞིག་བརྗོད་ཀྱིན་ཡོད་པ་མི་གསལ་བའི་མག་མོག་ཅིག་ཡིན་དགོས་པའི་རྩ་དོན་བཤད་དེ་དེ་ནི་བོད་རང་ལ་སྟོང་ཆ་རུ་གྱུར་ཡོད་པའི་སྙན་ངག་གི་འབྲི་སྲོལ་ཕུན་སུམ་ཚོགས་པ་ཞིག་ཡིན་པའི་བསམ་བློ་ཡོད་མོད།ལོ་རབས་དགུ་བཅུ་བའི་སྐབས་ཀྱི་སྙན་ངག་ཤི་རོ་ཞིག་སྔོན་ཐོན་གྱི་བསམ་བློ་མེད་པའི་བོད་ཀྱི་སློབ་ཆེན་པ་འགའ་ཞིག་གིས་གསར་བ་གསར་རྐྱང་ཞིག་དང་སྙན་ངག་ཡ་མཚན་ཞིག་ཏུ་མཐོང་གྱིན་པ་ནི་ཁོ་ཚོས་མི་རིགས་གཞན་གྱི་རིག་གནས་ཚུར་ལེན་བྱེད་མ་ཤེས་པའི་ནང་གི་དེ་ཉིད་ཕྱི་རུ་བསྟན་པ་མ་ཡིན་ནམ། མི་ལོ་བདུན་བརྒྱ་ལྷག་གི་ཡར་སྔོན་དུ་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་བོད་སྐད་དུ་བསྒྱུར་བ་དང་བསྟུན་ནས་བོད་རང་ལའང་བརྗོད་དོན་མི་གསལ་བའི་སྙན་ངག་སྟེ་མིང་ལ་གབ་ཚིག་ཟེར་ཞིང་བརྗོད་དོན་མི་གསལ་བའི་འབྲི་སྲོལ་ཁྱད་ཆོས་ལྡན་པ་ཞིག་དར་ཡོད་པར་མ་ཟད་དེ་ནི་སྙན་ངག་གི་རྒྱན་གསུམ་གྱི་གཅིག་ཏུ་བགྲངས་ཏེ་གཞུང་ལུགས་ཀྱི་རྩ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་དེ་མ་ཤེས་པར་འུར་རྒྱག་གིན་ཡོད། རང་གི་རིག་གནས་ལ་བྱང་ཆ་མེད་པར་གཞན་གྱི་རིག་གནས་ཁོ་ན་ཡ་མཚན་དང་མི་བསླུ་བར་མཐོང་བ་དང་ཡང་ན་གཞན་གྱི་རིག་གནས་ལ་འབྲེལ་འདྲིས་མེད་པར་རང་གི་རིག་གནས་གཅིག་པུ་ཡང་དག་པར་རློམ་པ་གང་ཡིན་ཡང་ཕྱོགས་གཅིག་མ་མཐོང་བའི་བསམ་བློ་སྐྱོན་ཅན་ཞིག་ཡིན་ལ་དེ་ལྟ་བུའི་བསམ་བློ་བ་དང་སྙན་ངག་པ་ཡོན་ཏན་པ་སོགས་ཀྱིས་བརྩམས་ཆོས་ཐང་མར་བརྡལ་ཡང་རིན་ཐང་ཐང་མར་བརྡལ་རྒྱུ་ཡོད་མེད་ནི་ཐེ་ཚོམ་གྱི་གནས་ཡིན་པར་འདོད། དྲང་མོར་བཤད་ན་སྙན་ངག་པ་ཡིན་ཟེར་མཁན་གྱི་ཁྲོད་དུ་རང་ཉིད་དང་སྙན་ངག་བར་གྱི་དུངས་པ་དང་ཡང་ན་སྙན་ངག་གིས་བྱིན་པའི་ཚོར་བའི་སྒུལ་ཤུགས་དག་བཤད་དུས་གངས་རི་ལས་བརྒལ་བའི་མི་ཡུལ་གཞན་ཞིག་གི་སེམས་ཁམས་དང་ཚོར་བ་གཤིས་ཀ་རིག་གནས་འཚོ་བ་སོགས་ཀྱི་རྒྱབ་ལྗོངས་ལྡན་པའི་སྙན་ངག་པ་མང་པོ་ཞིག་གི་མཛེས་སྡུག་གླེང་བ་ལས་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་དང་ཞང་ཞུང་ཆོས་དབང་གྲགས་པ་ས་སྐྱ་པཎ་ཆེན་རྡོ་སྤུས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་སྒེའུ་སྟེང་བློ་བཟང་དཔལ་ལྡན་ལྷག་པར་དུ་གནའ་དེང་སྙན་ངག་གི་ཁྱད་ཆོས་གཅིག་ཏུ་བསྡུས་ཏེ་ཕྱི་རབས་པ་དག་ལ་སྙན་ངག་འབྲི་སྲོལ་གྱི་ཐབས་ལམ་གསར་བ་སྟོན་པའི་ཤིང་རྟ་བ་ཆེན་པོ་མཁས་དབང་དགེ་ཆོས་ལ་སོགས་མི་རིགས་ཀྱི་རྩམ་དྲི་མ་ཡལ་བའི་སྙན་ངག་པ་ཞིག་གི་མིང་གླེང་བ་ཙམ་ཡང་ངོ་ཚ་དགོས་པའི་གནས་ཤིག་ཏུ་མཐོང་གི་ཡོད་པའི་ཚོར་བ་ཡོད།ཡིན་ནའང་ང་རང་ཉིད་ནི་མི་རིགས་གཞན་གྱི་རིག་གནས་ལ་མ་དགའ་བ་ག་ལ་ཡིན་ཏེ་རིགས་མི་གཅིག་པའི་རིག་གནས་ཡོད་ཚད་ངའི་བློ་ཡི་བང་མཛོད་དུ་བསྡུ་ཐུབ་ན་སྙམ་པའི་ཧམ་སེམས་ཀྱི་ལུང་བ་ཆེན་པོ་ཞིག་ཡོད་མོད། འོན་ཀྱང་སྙན་ངག་ཅེས་པ་འདིའི་སྟེང་ན་མི་རིགས་ཀྱི་ཁྱད་ཆོས་འབུར་ཐོན་ཅན་ཡོད་དགོས་པས་དེ་ནི་གཞན་ཞིག་གི་ལད་ཟློས་རྐྱང་བའི་སྒོ་ནས་བྲིས་ཆོག་པ་ཞིག་གཏན་ནས་མ་རེད། སྙན་ངག་གི་བརྗོད་དོན་གྱིས་སྐབས་བབས་ཀྱི་བཤད་བྱ་ག་འདྲ་ཡིན་པ་གོ་བ་དང་སྒྱུ་རྩལ་གྱིས་མི་རིགས་ཀྱི་སྐད་ཆའི་འགྱུར་ལྡོག་གི་རང་བཞིན་སྟོན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པས་ན་སྔོན་གྱི་གླུ་ཚིག་དང་ལ་གཞས་སོགས་ཀྱིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབས་ག་འདྲ་ཡིན་པ་མཚོན་ཐུབ་པས་ན་ལོ་རྒྱུས་དཔྱད་བརྗོད་པ་དག་གི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་ལྟ་བུ་རེད།དཔེར་ན།རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུས་སྐབས་དེའི་སྤྱི་ཚོགས་ཀྱི་རྙོག་དྲ་མང་པོ་ཞིག་ཐེར་འདོན་བྱས་ཡོད་དེ།ངུར་སྨྲིག་མདོག་གིས་བསྒྱུར་བས།།བླ་མ་ཡོང་གི་ཡོད་ན།།མཚོ་སྟོད་སེར་བྱ་ངང་པས།།འགྲོ་བ་འདྲེན་པ་འདུག་གོ།།ཅེས་སྐབས་དེའི་སྤྱི་ཚོགས་ཀྱི་རྙོག་དྲ་དང་ཁོང་ཉིད་ཀྱི་སྐྱོ་གདུང་གི་ཚོར་བའི་འོག་ནས་བླ་སྤྲུལ་གྱི་འཚོ་བ་ལ་ཞེན་པ་ལོག་པས་དེའི་ཕྱོགས་ལ་ཐུགས་འདུན་མེད་བཞིན་དུ་ད་དུང་བཙན་གྱིས་སྡོད་པ་ནི་ཆོས་འདུལ་བའི་དགོངས་དོན་དང་འགལ་བར་མཐོང་བའི་དབང་གིས་ཚུལ་འཆོས་ཀྱི་སྲོལ་ངན་དོར་ནས་སྐྱ་བོའི་ཆ་ལུགས་སུ་བསྒྱུར་འདོད་པའི་ཕུགས་ཀྱི་འདུན་མ་དེ་མགུར་གྱི་རྣམ་པའི་སྒོ་ནས་གསུངས་པ་དང་། ཡང་།  བྲག་དང་རླུང་བོ་བསྡེབས་ནས།།རྒོད་པོའི་སྒྲོ་ལ་གཟན་བྱུང་།།གཡོ་ཅན་རྫུ་བག་ཅན་གྱིས།།ང་ལ་གཟན་པོ་བྱས་བྱུང་།།ཞེས་པ་དེས་སྐབས་དེར་ཁོང་གིས་སྐྱ་བོའི་ཆ་ལུགས་སུ་བསྒྱུར་བ་སོགས་ལ་བོད་སོག་མི་རིགས་མང་པོའི་དད་པ་ལོག་སྟེ་ཁོང་ཉིད་སྐྱོན་གྱི་གཏེ་བོ་ཞིག་ཏུ་མཐོང་བ་ལ་བརྟེན་ནས་དྲུང་ཡིག་བསྟན་འཛིན་དབང་བོ་དང་ཨ་ཕོ་ལྔ་འཛོམས་སོགས་སྐྱ་སེར་མི་དྲག་ཁག་གཅིག་གིས་ཕྱི་ཚུལ་དད་གུས་ཀྱི་རྗུ་བག་སྟོན་ཞོར་ལྐོག་ཏུ་གཡོ་སྒྱུའི་སྦྱོར་བ་བརྩམས་ཏེ་དྲག་རྩུབ་ཀྱིས་ཁོང་ཉིད་གསོད་རྩིས་བྱེད་པ་སོགས་ཀྱི་སྐྱོ་གར་གྱི་གསང་བ་དེའང་མགུར་ཚིག་གི་ལམ་ནས་གསལ་བཤད་བྱས་ཡོད་པ་ལྟ་བུ་མང་དུ་ཡོད་པས་ན་སྙན་ངག་འབྲི་བ་བོ་དག་གིས་སྙན་ངག་འབྲི་བའི་ཚེ་གཞན་ཞིག་གི་ལད་ཟློས་རྐྱང་བ་ལ་འབད་པ་དེ་ངས་ནམ་ཡང་སྙན་ངག་འབྲི་བའི་སྲོལ་ཡག་པོ་ཞིག་དང་ཡོན་ཏན་འཛོམས་པོ་ཞིག་ཡོད་པར་མི་འདོད་དོ།།            
                            ༢༠༡༡ལོའི་ཟླ་༡༡པའི་ཚེས་༢ཉིན་ལན་གྲུ་རུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་སྒྲིག་ལམ་ལས་ཐར་མེད།

2012-06-29 རེབ་གོང་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།