མདུད་པ་དང་རོང་བོ་གངས་དཀར་གྱི་མདུད་པ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-07

  མདུད་པ་ཞེས་པའི་མིང་ཚིག་འདིས་བསྟན་དོན་དཀྱུས་མར་བཤད་ན། ཐ་གུ་དང་ཡང་ན་ཐག་པ། ཤིང་གི་སྣ་ལོ་དང་ཡལ་ག་སོགས་ལ་མི་ཤིགས་པའི་རྒྱ་འདེབས་སྟངས་ཤིག་ཡིན་པར་མ་ཟད། གྲུབ་ཆེན་པའི་རིགས་ཀྱིས་ལྕགས་དང་ཕུར་བུ་སོགས་ལ་ཡང་མདུད་པ་བཏབ་ཡོད་པ་ང་ཚོས་མཐོང་བ་དང་ཐོས་པའི་ཡུལ་དུ་གྱུར་ཡོད་སྟབས། དེ་ནི་སུ་ཞིག་གིས་ཀྱང་ཡ་མཚན་དུ་བརྩི་མི་སྲིད་མོད། འོན་ཀྱང་སྔོན་ཆད་ཅིག་ལ་ཡུལ་རེབ་གོང་ནས་མདུད་པ་ཡ་མཚན་ཞིག་གི་གཏམ་རྒྱུད་བྱུང་མྱོང་ལ། ཁྱེད་ཅག་གིས་མདུད་པ་མདུད་སྟངས་དེ་ག་རེ་ཡིན་སྙམ་ན། ཡོངས་འཛིན་བློ་བཟང་དཔལ་ལྡན་ལགས་ཀྱི་འཕྲིན་ཡིག་ཅིག་ལས།
མདུད་ཚུལ་མཁས་པའི་ཡུལ་ལས་བྱུང་བའི་འདབ་དྲུག་ཁུགས་བཞི་ཅན་གྱི་མདུད།།
མདུད་ཚུལ་ཀུན་གྱི་ཕུལ་དང་སྙིང་པོ་ཨེ་མ་ཡ་མཚན་སྐྱེ་བའི་མདུད།།
མདུད་ལ་མཁས་པ་སུ་ཡིས་དཔྱད་ཀྱང་ཆ་ཤས་ཙམ་ཡང་མ་དགོངས་མདུད།།
མདུད་ལ་མཁས་རློམ་སུ་ལ་དྲིས་ཀྱང་ངོ་ཚའི་གནས་ལ་འགོད་པའི་མདུད།།
མདུད་ཚུལ་རྟོགས་འདོད་བློ་ཡིས་དཔྱད་ཚེ་ཕྱི་ཕྱིར་ཐེ་ཚོམ་སྐྱེ་བའི་མདུད།།

   ཅེས་ཚིག་འདིས་བསྟན་པ་དེ་ཀོ་ལགས་ཀྱང་། ང་ལ་མཚོན་ན་ཚིགས་བཅད་འདི་ལྟ་བུ་ཞིག་གིས་ད་དུང་མདུད་པ་དེའི་གསང་བ་ཧ་གོ་མ་བྱུང་།
   གོང་དུ་གླེང་བ་ནི་ཡུལ་འདིར་སྔོན་བྱུང་བའི་མདུད་པ་ཞིག་གི་གཏམ་རྒྱུད་ཟུར་ཙམ་ཡིན་ལ། གཏམ་རྒྱུད་འདི་ལས་མདུད་པ་ནི་མཚོན་དོན་ཞིག་དང་ལྐོག་གྱུར་ཞིག ཡང་ན་གསང་བ་ཞིག་ཡིན་པའང་ང་ཚོས་ཞར་ནས་གོ་འོང་། དེ་ལྟ་མོད་ངས་འདི་རུ་ཆེད་དུ་གླེང་འདུན་ཡོད་པའི་མདུད་པ་དེ་ནི་ཐ་གུར་བཏབ་པའི་མདུད་པ་ཕལ་བ་ཞིག་དང་། ལྕགས་དང་ཕུར་བར་བཏབ་པའི་མདུད་པ་བྱིན་རླབས་ཅན་ཞིག་མ་ཡིན་པར། བརྩེ་བའི་ངོ་བོ་ལ་སྦར་མོས་རྒྱ་བཏབ་ཅིང་། ཚོར་བའི་གཤིས་ལུགས་ལ་འོད་ཟེར་གྱི་སྙིང་ཕྱུངས་པའི་མདུད་པ་ཞིག་སྟེ། གྲོགས་དམ་པ་རོང་བོ་གངས་དཀར་ལགས་ཀྱི་ཕྱི་ནང་གསང་གསུམ་ནས་གཞིབས་པའི་གསང་བ་སེམས་ཀྱི་མདུད་པ་བཀའ་རྒྱ་མ་ཞིག་རེད་མོད། མདུད་པ་འདི་རུ་སིམ་པའི་རུས་པ་དང་ཁུ་ཞག་ནི། རེ་བ་དང་ཉམས་རྒུད། མཛའ་བ་དང་སྐྱོ་བ་སྲོག་ཏུ་སྦས་པའི་ཁར། འཚོ་བའི་རིགས་ཤིག་སྟེ། དགོན་སྡེ་དང་སློབ་གྲྭ། གྲོང་ཁྱེར་དང་གྲོང་གསེབ་བཅས་ཀྱི་རླངས་པ་ཁོལ་ཅིང་། སྟེགས་མཐོ་ས་ནས་དམའ་སར་བལྟས་པའི་གཟི་བརྗིད་ཅན་གྱི་ཉམས་དང་། དམའ་ས་ནས་མཐོ་སར་བལྟས་པའི་སྙིང་རྗེ་ཅན་གྱི་ཉམས་གཙོས། ལུས་ངག་གི་རྣམ་པར་རིག་བྱེད་ཀྱི་རི་མོ་འབུར་གཟུགས་སུ་མཆིས་པའི་སྙན་ངག་གི་མདུད་པ་ཞིག་ཡིན་པས། ཀློག་མཁན་དག་གི་མིག་གི་སྒོ་ཁར་ཅི་ཞིག་བསྐྱལ་ནས་འོང་ཚེ། དེ་ནི་མདུད་པ་འདིའི་ལུས་ཟུངས་བདུན་གྱི་ཆ་ཞིག་ཏུ་ངེས་པས་ན། ཁྱེད་ཅག་གིས་རང་དགར་འདོར་བར་མི་བྱ།
     ཁོ་བོ་ལ་མཚོན་ན་གྲོགས་དམ་པ་རོང་བོ་གངས་དཀར་ནི་སྙན་ངག་གི་མདུད་པ་མདུད་ཚུལ་གྱི་ཐད་ནས་ཤིན་ཏུ་གྲུང་བོ་ཡིན་ཙང་། དགོན་སྡེ་ཡི་ཁྲོད་ན་འདི་ལྟའི་སྙན་ངག་གི་མདུད་པ་མདུད་ཤེས་པ་དང་མདུད་ཚུལ་ལ་མཁས་པ་ཤིན་ཏུ་ཉུང་ཚོད་དུ་སྣང་ཞིང་། ཚིག་རྒྱན་གྱི་བྲང་འོག་ཁོ་ན་རུ་འཕག་འཚག་རྒྱག་མཁན་དག་ནི་ཁོ་དང་བར་ཐག་ཆེན་པོ་ཞིག་ཏུ་གྱུར་ཡོད་འདུག འཇིག་རྟེན་ཟེར་བ་འདི་རྣམ་རྟོག་གིས་ཅི་ཙམ་སྤྲོས་ན་དེ་ལྟར་ཐལ་ཆེ་རུ་འགྲོ་ལ། རྣམ་རྟོག་གི་ཤུན་པ་རེ་རེ་བཤུས་ན་དེ་ཙམ་གྱི་ཁྱོན་ཆུང་ངུར་འགྲོ་བའི་ཚུལ་ལ་གཞིགས་ན། འདི་ཡིན་དང་དེ་མིན་གྱི་མདུད་ཚུལ་ཞིག་མེད་པར་སྣང་ཡང་། ལག་པ་མེ་ལ་འཕྲད་ན་ཚ་བ་དང་རྡོ་ལ་འཕྲད་ན་གྲང་བའི་ཚོར་བ་འདི་ཡང་མི་འདོད་བཞིན་དུ་ཡིད་དབང་སེམས་སོགས་ཀྱི་སྒོ་ཁར་བཅར་ནས་ཐོན་ཚེ། སུ་ཞིག་གིས་ཚིག་རྒྱན་ཁོ་ནས་ཞོ་གཉེར་ལ་ང་རྒྱལ་བྱས་ཏེ་འདུག་སྲིད་དམ། དེ་ལྟར་བཟོད་ནུས་པ་ཞིག་མ་ཡིན་པར་བརྟེན། རོང་བོ་གངས་དཀར་གྱིས་སྒྱུ་རྩལ་གྱི་ལྡེམ་ཤུགས་ལས། ཡང་ན་རྟོག་བརྙན་གྱི་འཕར་འབབ་ལས་རང་གི་ཁྲག་རྩ་གཏར་ནས་ཡོད་ཅིང་། མཚམས་རེར་དངོས་འབྲི་ལྟ་བུའི་བསམ་ཡན་གྱི་རྩུབ་བརྡར་ལས་ཕྱི་རོལ་གྱི་སྣང་བ་དག་འོབས་སུ་ཆུད་པར་བྱས་ཡོད་པ་དག་ལོ་མ་གཅིག་གི་སྟེང་ལ་ལྷ་ཚོགས་སྟོང་གི་རྣམ་ཤེས་བཀུག་ནས་ཡོད་པ་དང་ཇི་འདྲའི་མཚུངས་ཨང་།
  བདག་གིས་རོང་བོ་གངས་དཀར་གྱི་ནམ་རྒྱུན་གྱི་འཚོ་བའི་རྒྱབ་ལྗོངས་ལས་ཟུར་ཙམ་ཞིག་མཐོང་བ་ནི། དགོན་པའི་ཚོགས་གྲལ་ནས་ཁུ་སིམ་མེར་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ་དེ་མ་ཡིན་པར། མགོ་བོ་ཌ་མ་རུ་བཞིན་ཕར་གཡུག་ཚུར་གཡུག་བྱེད་ཀྱིན་འདུ་ཁང་གི་ལྡེབས་རིས་ངོས་ཀྱི་གསང་སྔགས་ཀྱི་ལྷ་ཚོགས་དང་ཁྲོ་བོ་དང་ཁྲོ་མོའི་གཟུགས་རིས་དག་ལ་ལྟ་བཞིན་འདི་ནི་ཅི་ཞིག གན་ནི་ཅི་ཞིག་སྙམ་པའི་གྲྭ་བཙུན་རྣམ་རྟོག་ཚ་བ་ཞིག་ཡིན་ཙང་། རང་ཤག་ཏུ་ལོག་འཕྲལ་དཔེ་སྒྲོམ་གྱི་ངོས་སུ་དང་ཡང་ན་མདུན་ཅོག་གི་སྟེང་གང་སར་བཀྲམ་པའི་བོད་རྒྱ་ཡིག་རིགས་ཀྱི་དཔེ་དེབ་དག་ཕར་སློག་ཚུར་སློག་བྱས་ཏེ་མགོ་བོ་ན་རུང་། ཚོར་བས་མ་ཟིན་པར་གཏིང་དུ་འཛུད་འགྲོ་ལ། ཐུན་མཚམས་སུ་ལུས་རྩལ་སྦྱོང་བ་དང་ཆུ་རྩེད་བྱེད་པ་སོགས་བྱིས་པ་པྲ་ཚགས་ཤིག་གི་ལྷན་སྐྱེས་ཀྱི་ཨ་མཚར་དག་ཀྱང་ལོ་ཚོད་དང་ཆ་ཡར་གྱུར་རུང་སྤངས་ཐུབ་མི་འདུག་པའི་ཚུལ་སོགས་ནི། སྙན་ངག་པར་མ་བཅོས་རང་བྱུང་དུ་གྲུབ་པའི་བརྡ་རྟགས་རྨ་མེད་པ་ཞིག་རེད་དམ་སྙམ་པ་བྱུང་ཞིང་། ངས་ནམ་རྒྱུན་རོང་བོ་གངས་དཀར་ལགས་ཀྱི་མདུད་པ་དང་འབྲེལ་བའི་སྙན་ངག་དག་ལ་འདི་འདྲའི་ཐོལ་བརྒལ་ཞིག་དང་བསྟན་བཤིག་ཤུགས་དྲགས་པ་ནི། ཁོང་གི་ལྷན་སྐྱེས་ཀྱི་བརྡ་རྟགས་འདི་དག་དང་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་འདུག་པས་ལན་པར་བཤད་ཀྱིན་ཡོད། རོང་བོ་གངས་དཀར་ལགས་ཀྱི་སྙན་ངག་མང་ཆེ་བ་ནི་རང་བཞིན་བརྗོད་པའི་པར་རིས་ལྟ་བུ་ཞིག་མ་ཡིན་པར། གོ་ཚོད་དང་སོང་ཚོད་ཀྱི་ལྡེམ་ཤུགས་ཤིན་ཏུ་ཆེ་བ་ཞིག་ལགས་ན། རང་བཞིན་གྱི་སྙན་ངག་པའི་གཤིས་ཀ་འདི་ལྟ་བུ་ཞིག་ཁོང་ལ་མེད་ན་ཨུ་ཚུགས་ཀྱིས་སྙན་ངག་འབྲི་བ་ནི་གཅིན་པ་གཏོང་ཚུལ་ཁོ་ན་ཞིག་ལས་ཅི་ཡང་ཡིན་མི་སྲིད། མཚམས་འདིར་ངས་ཕ་གིའི་མེ་ལོང་གི་དབུས་སུ་དབྱངས་ཀྱི་བདག་མོ་སྒྲེན་མོར་བསླེབས་སོང་སྙམ་པའི་ཁོང་གི་སྙན་ངག་ཅིག་དྲངས་ན།
ངས་རྒྱ་མཚོ་ཞིག་མཐོང་ཞིང་། ངས་གྲུ་ཆེན་ཞིག་མཐོང་།
ངས་གྲུ་ཁ་ཡོད་པའི་མཉན་པ་ཞིག་གི་སྒྲ་སྡུད་འཕྲུལ་ཆས་དང་།
དེ་ལས་འོངས་བའི་སྐད་རིགས་མཁྲེགས་པོའི་མཐའ་འཁོར་གྱི་མེ་སྟག་མཐོང་།
 
ངས་འགལ་མེ་ཞིག་གི་གསང་རུམ་ནས་བཅུས་པའི་ཆུ་སྐྱོགས་གང་གིས།
ཚ་བ་འཐིབས་པའི་རྒྱ་ནང་གི་གྲོང་ཁྱེར་ཞིག་གི་དངོས་འགལ་མཐོང་ཞིང་།
ལྷན་ཅིག་སྤང་འགལ་གྱི་མི་གནས་འགལ་བའི་སྲ་མཁྲེགས་ལ་དབུགས་འཚུབ་ཏོག་ཙམ་བྱས།
                    《སྙན་ངག་ཅིག་གི་ཞབས་ཀྱུ》ཞེས་པ་ལས་དྲངས།
  
   རྒྱ་མཚོ་དང་གྲུ་ཁ་སྒྲ་སྡུད་འཕྲུལ་ཆས་དང་སྐད་རིགས་མཁྲེགས་པོ་སོགས་ཀྱིས་ཅི་ཞིག་གབ་ཅིང་། སུ་ཞིག་ལ་གསང་བའི་རྩ་མདུད་ཅིག་གྲོལ་བ་ཡིན་ནམ། འདིས་མཚོན་པའི་ཁོང་གི་སྙན་ངག་ཁྲོད་ཀྱི་ཡིད་བརྙན་མང་པོ་ཞིག་གིས་ཁྱེད་ཀྱི་རྣ་བའི་རྩར་དོན་དམ་དུ་ཅི་ཞིག་བཤད་ཀྱིན་ཡོད་པ་ནི། ཤེས་རབ་དང་ཚོར་བའི་ཨམ་འབྱོག་རྣལ་མར་མེད་པ་ཞིག་ལ་ཁ་ཐག་རིང་བ་ནས་རིང་བར་འགྱུར་སྲིད་མོད།   དངོས་སུ་ནི་གཉུག་གཤིས་ཀྱི་འོད་ཟེར་ལྡོག་འཕྲོས་སུ་ཤར་བ་ཞིག་ལགས་ན། རྩྭ་ཐང་གི་མེ་ཏོག་སེར་ཆེན་རླུང་གིས་སྐྱོད་སྟངས་ཀུན་པོའི་མིག་ལམ་དུ་འཆར་སླ་བ་ལྟ་བུ་ཞིག་ག་ལ་ཡིན།   རྒྱ་ཆེན་བསོད་ནམས་སྨིན་པའི་མཐུ་ལྡན་པའི་སྐལ་ལྡན་ལས་འཕྲོ་ཅན་ཞིག་གི་ངོ་སྐལ་ལོ།།
 གྲོགས་དམ་པ་རོང་བོ་གངས་དཀར་ལགས་ཀྱིས་སྙན་ངག་གི་མདུད་པ་མདུད་སྟངས་ནི་ཟུར་ནས་གྱེན་དང་ཡས་ནས་མས་སུ་མདུད་ཡོད་པར་མ་ཟད། དབྱིབས་རིས་ཤིག་ཏུ་བཀོད་པ་ཡིན་ན། གྲུ་བཞི་ནས་ཟུར་གསུམ་དང་ཟུར་གསུམ་ནས་ཟླུམ་པོའི་སྣང་ཚུལ་ཞིག་ཀྱང་འདུག་ལ། ཚ་བའི་རོ་ལ་སྣོན་པ་བརྒྱབས་པའི་ལུས་ཀྱི་རྡུལ་ཕྲན་དྭངས་མའི་གྱེན་རྒྱུ་དང་ཐུར་འབབ་ཀྱི་ཐིག་ལེ་ཡི་གསང་བ་ཞིག་ཀྱང་ཤོར་འདུག དཔེར་ན་སྙན་ངག《ཁྱོད་དང་ང》ཞེས་པ་ལས།
 ང་ནི་རས་ཆད་ཁུད་ཀྱི་གཅེས་མི་རུང་བའི་གོ་རེ་རྡོག་བཙོས་མ་དེ་ཡིན་ཙང་།
ཁྱོད་ཀྱིས་རྒྱ་སྲང་གི་ལྗོན་པའི་ཕག་ནས་ང་ལ་མིག་ཟུར་ཙམ་ཡང་མ་བལྟས་ལ།
ངའི་གྲོགས་པོས་བདག་ལ་རྒྱུན་དུ། ད་ནི་རེ་ཐག་ཆོད་ཅིག་ཅེས་ཁ་ཏ་སློབ་གསོ་བྱེད།
 ཡིན་ཡང་།  བདག་གིས།   བདག་གིས།
ད་དུང་སྐྱོན་མེད།  ང་ཡི་རེ་ཐག་རྟ་རྔ་ཙམ་པོ་མ་ཆད་བར་དུ་ངས་སྒུག་ཐུབ་ཅེས།
སེམས་གཏིང་ལ་དབུགས་ཞིག་བཏང་ཡང་།
དོན་ངོ་མར། དབུགས་དེ་དབུགས་ལྒང་གི་དབུགས་ཞུ་བ་བཞིན།
ནང་དགོང་གི་ཇ་ཐུན་རེའི་བར་གླགས་ནས་ཤོར་འགྲོ།

 ཀློག་པ་པོ་སུ་ཡིན་རུང་སྙན་ངག་ཅིག་ལ་འགྲེལ་བསྐྱོན་རྒྱུ་དང་སྙན་ངག་ལས་ལྟ་བ་གང་ཞིག་འཚོལ་བ་ནི་ན་མ་སྨིན་པའི་ལས་བྱ་ཞིག་ཏུ་སྣང་བས་ན། སྙན་ངག་ནི་སྒྲ་མེད་པའི་སྐད་ཆ་ཞིག་དང་། གཟུགས་མེད་པའི་རེག་བྱ་ཞིག་ལགས་ན། གོང་གི་སྙན་ངག་དུམ་བུ་འདིས་ཀྱང་ཁྱེད་ལ་བུ་རམ་སྒོར་མོའི་རོ་མངར་ཞིག་སྨྲ་བསམ་ཡུལ་ལས་འགོངས་པའི་ཚུལ་གྱིས་མཁོ་སྤྲོད་གནང་ངེས། རོང་བོ་གངས་དཀར་ལགས་ཀྱི་མདུད་པའི་མདུད་སྟངས་རིགས་མི་འདྲ་བ་སྟེ། གངས་རི་དཀར་པོའི་གདན་ས་དང་། དགའ་དགའི་དགའ་ཚལ། འཆར་ཡན་གྱི་སྟོབས་དང་། གན་རྐྱལ་ལོག་ས། རླུང་སྔོན་པོ། སེམས་ཀྱི་གཤོང་ཁུགས་སོགས་ནི་ཁ་མདོག་ཅིག་གི་དཔེར་བཀོད་ནས་བཤད་ན། དཀར་པོ་དང་སེར་བོ་དམར་པོ་དང་ནག་པོ་བཞིས་གྲུབ་ཡོད་ལ། གཟོད་ནས་ཡིད་ཀྱི་ཚོར་ཤེས་དག་དབང་པོ་གཟུགས་ཅན་པའི་ཚུལ་དུ་དྲངས་ཤིང་། སྣང་བའི་ཁྲེམས་གཉེར་གྱི་མདུད་པ་དེ་ཕྱི་ནས་ནང་ལ་འཐབ་པའི་སྙིང་ཤ་པགས་པས་མ་བཟུང་བ་ཞིག་ཏུ་འདོད། དཔེར་ན་ཁོང་གི་སྙན་ངག《མདུད་པ》ཞེས་པ་ལས།
བུ་ཆུང་ངས་རྒྱང་རིང་བོ་ཞིག་ལ་རྟོག་བཟོ་བྱེད་མ་ཐུབ་ལ།
ཐག་ཉེ་ཐག་ཉེ་ཞིག་གམ་སྟབས་བདེ་སྟབས་བདེ་ཡི་སྤྱིལ་བུ་ཞིག་བཟོས་ཏེ།
དགུ་ཚིགས་ཀྱི་ངོགས་ན་འཐོར་བའི་སྐར་མདའ་ཞིག་ལ་རེ་བས་བསྒུགས་ཡོད།
  
འཇིག་རྟེན་འདི་ཉིད་ཆེ་རྒྱུ་ཆུང་རྒྱུ་མེད་ལ།
ཆེ་རྒྱུ་ཆུང་རྒྱུ་མེད་པའི་སྟབས་ཀྱིས་ང་ཡི་བགོ་སྐལ་དུ་ཐེམ་པའི་དྲིན་ཆེན་ཁྱོད་ཀྱིས།
ང་ལ་ཚད་མེད་པའི་རླུང་དང་ཆར་བས་གྲོགས་དན་བྱས་བྱུང་།
 
  གོང་གི་སྙན་ངག་འདིའི་ཁ་བྱང་ལ་འགྲེལ་ཆུང་གི་ཚུལ་དུ་མ་དྲིན་མོ་ཆེར་ཕུལ་ཞེས་བྲིས་འདུག་ཅིང་། སེམས་དང་ལྡན་པ་གང་ཞིག་ཡིན་རུང་ནམ་རྒྱུན་མ་དང་ལྷན་དུ་འཚོ་སྡོད་ཀྱི་སྐབས་སུ་མགོ་བོ་ཀྲོག་ཀྲོག་གིས་ཁེར་རྐྱང་གི་སྣང་བ་ནུབ་ཅིང་། རྒྱབ་རིའི་དབུ་རྨོག་ཤིན་ཏུ་བཙན་པའི་ཟོལ་དུ་མཆིས་ཀྱང་། གལ་ཏེ་མ་དང་སྐབས་སུ་གྱེས་པ་འམ་གཏན་དུ་གྱེས་པ་གང་ཡིན་རུང་རང་ལ་ཁེར་ཧྲེང་དང་རྒྱབ་བསྙེས་བྲལ་བའི་ངང་དུ། དགོང་ཁའི་ཚེས་རིས་དང་དགུ་ཚིགས་ངོས་ཀྱི་སྐར་མ་དག་ལ་བལྟས་ཏེ། ཡོད་ཡོད་འདྲ་ལ་འཛོམ་འཛོམ་འདྲ་བའི་་ཞེན་ཐག་མ་ཆོད་པའི་ངོགས་ནས་སྡོད་དུས་སུ། ཁྱོད་ཀྱི་ཚོར་བ་ནི་ག་འདྲ། ཡང་ན་ཁོའི་ཚོར་བ་ནི་ག་འདྲ། རང་གཞན་སུ་ཡིན་རུང་འདི་དུས་ཀྱི་ཚོར་བའི་སྦུབས་སུ་སྐྱོ་བའི་མདུད་པ་དང་། བྲལ་བའི་མདུད་པ། གདུང་བའི་མདུད་པ་སོགས་དགྲོལ་དཀའ་བའི་མདུད་པའི་ཚོགས་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་སྐྱོམས་པ་དང་འགུལ་བའི་རྣམ་པར་གནས་རྐྱེན། སྙན་ངག་འདིའི་བརྡ་དོན་དང་དབྱངས་འགྲོས། ཚོར་བ་བཅས་ཀྱིས་ལུས་ཀྱི་ཤ་དང་པགས་པ། བ་སྤུའི་རྩེ་མོ་སོགས་ཀྱང་རང་བཞིན་གྱིས་གཡོ་བར་བྱེད་པ་སོགས་ལ་དཔྱད་དེ་འོང་ན། གྲོགས་པོ་རོང་བོ་གངས་དཀར་ལགས་ཀྱི་སྙན་དེབ་མདུད་པའི་ཁ་བྱང་གི་སྲོག་གི་དབང་བོ་ཡང་འདི་རུ་གནས་ཤིང་། ཁོང་གིས་མདུད་པ་འདི་མདུད་དགོས་པའི་གསང་མིག་ཅིག་ཀྱང་འདི་ན་གདའ་སྙམ་པ་ཞིག་ང་ལ་འབྱུང་ངོ་།།
  དེ་ལྟ་མོད། ཁོང་གི་སྙན་ངག་གཞན་དག་ལ་ཡང་འདི་ལྟའི་ཁྱད་ཆོས་མེད་པ་ག་ནས་ཡིན་མོད། ཁ་བྱང་དང་འབྲེལ་ནས་སྙན་ངག་འདི་ཟུར་དུ་མྱངས་པའི་ཚོར་ཤེས་དེ་ལྟའོ།། སྤྱིར་རོང་བོ་གངས་དཀར་གྱི་ཚིགས་བཅད་སྙན་ངག་ནས་བཟུང་རང་མོས་སྙན་ངག་གང་ཡིན་རུང་གསར་གཏོད་ཀྱི་ཆ་དེ་སྡེབ་སྦྱོར་དང་སྣང་བརྙན། དེ་མིན་སྙན་ངག་རེ་རེའི་ངོ་ཐད་ནས་སྲི་ཚགས་ཀྱི་རིན་ཐང་སོགས་མང་མོད། ཁོ་བོ་ལྟ་བུས་བཤད་པའི་རྔོ་མི་ཐོགས་ཤིང་། རྗོད་པར་རྩལ་གྱིས་མ་ལོངས་པར་ཀློག་པ་པོ་དག་གི་སྐལ་དུ་བསྐྱུར་བ་ཡིན། མཇུག་ཏུ་ཁོ་བོས་གདེང་དང་བཅས་ཏེ་ཞུ་རྒྱུ་ཞིག་ཡོད་པ་ནི་གྲྭ་བཙུན་གྱི་སྡེ་རུ་རོང་བོ་གངས་དཀར་ལྟ་བུའི་དེང་རབས་སྙན་ངག་འབྲི་མཁན་དཀོན་པའི་ཚུལ་དུ་བཤད་ཀྱང་མི་སྐྱོན་པ་ཡིན་ནོ་ཞེས་དང་། ཡང་འདི་རུ་མགོ་རྔ་མི་ཚང་བ་དང་ཚོར་ཡན་རགས་པ་རེར་ཚད་གཞི་བྱས་ཏེ་འབྲི་ཁུལ་བགྱིས་པའི་སྐད་ཆ་ཐར་ཐོར་ཙམ་པོ་ལ། ནོངས་ཉེས་གང་ཡོད་རོང་བོ་གངས་དཀར་གཙོས་སྙན་ངག་པ་དང་ཀློག་པ་པོ་མང་པོར་དགོངས་དག་ཞུ་ཞུ།
     
         ཞེས་རོང་བོ་དགེ་འདུན་ལྷུན་གྲུབ་ཏུ་འབོད་པས་ ཡུལ་རེབ་གོང་ནས་སྦྱར་བའོ།།
                                     ༢༠༡༡ ༨ ༧

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདུད་པ་དང་རོང་བོ་གངས་དཀར་གྱི་མདུད་པ།

2012-04-07 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།