དོན་གྲུབ་རྒྱལ་གྱི་《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་ལ་དཀྲོལ་ཀློག་ཅུང་ཟད་བྱས་པ།

རྣམ་གླིང་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-18

   ཚང་མས་མཁྱེན་གསལ་ལྟར། མི་རིགས་གང་དེའི་རྩོམ་རིག་འཕེལ་རྒྱས་ཀྱི་ལྗིད་ཚད་དེ་གཙོ་བོ་བརྩམས་སྒྲུང་སྟེང་ནས་གཞལ་དགོས་ཀྱི་ཡོད་ལ། བརྩམས་སྒྲུང་ནི་བོད་ཀྱི་རྩོམ་རིག་ཐོག་གོ་གནས་ངེས་ཅན་བཟུང་ཞིང་། ཤུགས་རྐྱེན་ངེས་ཅན་ལྡན་པའི་རྩོམ་རིག་གི་རྣམ་པ་རྨ་མེད་པ་ཞིག་ཡིན་པས། སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནས་གཙོས་པའི་བརྩམས་སྒྲུང་ གསར་བའི་རྩོམ་པ་པོ་མི་ཉུང་བ་ཞིག་གིས་བརྩམས་གནང་བའི་བརྩམས་ཆོས་དག་ནི་ཀུན་གྱིས་དགའ་པོ་དང་དགའ་བསུ་ཐོབ་པའི་རྩོམ་ལུས་ཉག་གཅིག་ཏུ་འཁུམས།
   བདག་ལ་ཆ་མཚོན་ནས་བཤད་ན། བོད་ཀྱི་བརྩམས་སྒྲུང་གསར་བའི་བརྩམས་ཆོས་རྣལ་མ་ཞིག་འབྲི་ཤེས་པའི་རྩོམ་པ་པོ་ལྷད་མེད་པ་ཞིག་མ་ཡིན་ཡང་བརྩམས་སྒྲུང་གསར་བའི་བརྩམས་ཆོས་བལྟ་ཀློག་གམ་མྱོང་རོལ་བྱ་རྒྱུར་དགའ་བའི་ཀློག་པ་ པོ་ཞིག་ཡིན་པའི་ཆ་ནས།སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་བརྩམས་ཤིང་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཁོང་གི་བརྩམས་སྒྲུང་ཕྱོགས་བསྒྲིགས་དེ་ང་རང་མཐོ་འབྲིང་སྐབས་ཁྲ་ཆུང་མིག་གི་དགའ་སྟོན་དུ་ལོངས་སུ་སྤྱོད་པའི་བསྐལ་བ་ཐོབ་ཅིང་། ད་རེས་ཡང་ཁོ་བོའི་དགེ་རྒན་དམ་པ་བདུད་ལྷ་རྒྱལ་ལགས་ཀྱིས་སློབ་ཁྲིད་གནང་བའི་དོན་གྲུབ་རྒྱལ་གྱི་བརྩམས་ སྒྲུང་《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་འདིར་ཡང་བསྐྱར་མྱོང་རོལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་རྐྱེན། རང་ཉིད་ཀྱང་བརྩམས་སྒྲུང་འདིར་དཔྱད་པ་ཐུང་ངུ་ཞིག་གཏང་འདོད་ཀྱི་འདུན་པ་རྦ་རླབས་བཞིན་མཁའ་ལ་ འཕྱུར་བས། སྨྱུ་གུའི་ཅང་ཤེས་རྟ་མཆོག་ལ་བཅིབས་ཏེ་དཀར་འཇམ་གྱི་ཤོག་བུའི་ཐང་ཆེན་ཐོག་ཁ་ལོ་བསྒྱུར་དགོས་བྱུང་སོང་།
           དང་པོ།  རྩོམ་འདིའི་བརྗོད་བྱ་དང་བརྗོད་སྙིང་མདོར་བསྟན་པ།
     སྤྱིར་བརྩམས་སྒྲུང་འདི་ནི་“ངའི”མདང་ནུབ་ཀྱི་རྨི་ལམ་ཞིག་གི་རྣམ་པའི་ཐོག་ནས་འགོ་བརྩམས་ཤིང་། “ང” ལོ་ངོ་ཉི་ཤུའི་གོང་སློབ་གྲྭར་སྐྱོད་བཞིན་པའི་ལམ་བར་དུ་ཨ་ཁུ་དབང་ལྡན་ཟེར་བའི་ལྷ་བཟོ་བ་ཞིག་འཕྲད་པའི་རྗེས་ཀྱི་མཐོང་ཐོས་མྱོང་གསུམ་དང་ཁོས་ང་ལ་ཁོའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་བརྗོད་པའི་ལོ་རྒྱུས་དག་ཕྱིར་དྲན་གྱི་ཚུལ་དུ་བྲིས་པ་ཞིག་རེད།
   བརྩམས་སྒྲུང་འདིའི་བརྗོད་བྱ་ནི་“ང”སློབ་གྲྭར་བསྐྱོད་པའི་ལམ་བར་དུ་མི་གྱོལ་པོ་ཞིག་འཁར་བ་ལ་བརྟེན་ནས་གྱོལ་མ་ལྡིང་གིས་ཐོ་རྒྱའི་ཕྱོགས་སུ་འགྲོ་བ་ཞིག་དང་སྟེས་དབང་གི་ཐུགས་འཕྲད་བྱུང་ནས་ལམ་གྲོགས་སུ་གྱུར་ཚུལ་དང་། རིམ་བཞིན་ཕན་ཚུན་ངོ་ཤེས་ནས་ཁོས་“ང”ལ་ཁོའི་ཕས་ཁོ་ལ་བརྩི་དུང་ཇི་ལྟར་བཅངས་ཚུལ། ཁོའི་མ་སྐུ་མ་གཤེགས་གོང་ཕ་མ་གཉིས་བརྩེ་བ་ཇི་ལྟར་ཟབ་ཚུལ། ཕས་ཁོ་ལ་ལྷ་བཟོའི་ལག་ཤེས་སོགས་བསླབས་ནས་བྱམས་དང་བརྩེ་བས་བསྐྱངས་ཚུལ། རྗེས་སུ་ཁོ་ཕ་བྲལ་ནས་གཞན་ཡུལ་དུ་ལས་དོན་སྒྲུབ་པར་ཕྱིན་ནས་ཕྱིར་ལོག་དུས་ཕ་འཇིག་རྟེན་འདི་ནས་ཞལ་གྱེས་པ་དང་། ཁོས་ཕ་བཟང་པོར་སྲི་ཞུ་ཞབས་ཏོག་དང་དྲིན་ལན་འཇལ་མ་ཐུབ་པར་འགྱོད་གདུང་གི་མནར་ཚུལ་སོགས་བརྗོད་པ་དག་ཡིན་ལ།རྩོམ་འདིའི་བརྗོད་བྱའི་སྙིང་པོའམ་བསྟན་དོན་ནི་དྲིན་ཆེན་ཕ་མའི་དྲིན་ལན་གསོལ་མ་ཐུབ་པར་འགྱོད་གདུང་གི་རྒྱ་མཚོར་ལྷུངས་པའི་མི་བུ་ཞིག་གི་ནང་སེམས་འཇིག་རྟེན་ཞིག་གམ་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད། ང་ཚོར་ཕ་མའི་དྲིན་ལན་ དུས་ཐོག་ཏུ་འཇལ་དགོས་པའི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་བསྟན་ལ། ཕ་མའི་དྲིན་ལན་མ་འཇལ་ན་འགྱོད་པའི་རྒྱུ་ཡིན་པ་ བསྟན་ཡོད།
               གཉིས་པ།  རྩོམ་འདིའི་དགེ་མཚན་ཅུང་ཟད་གླེང་བ།
   དེའང་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་བརྩམས་སྒྲུང་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་དེ། རྩོམ་མཁན་ཚོས་སྲོལ་རྒྱུན་བརྩམས་སྒྲུང་ཇི་བཞིན་ཆོས་ལུགས་ལྟ་བ་བརྒྱུད་བསྒྲགས་དང་སྐྱེས་ཆེན་དམ་པ་ག་གེ་མོའི་ལྟ་སྒོམ་ སྤྱོད་གསུམ་དང་། མཁྱེན་བརྩེ་ནུས་གསུམ་སོགས་བླ་མ་དམ་པའི་ཁྱད་འཕགས་ཡོན་ཏན་དང་དཔའ་མཛངས་ལྡན་པའི་ལོ་རྒྱུས་ ལ་བསྟོད་བསྔགས་བྱ་རྒྱུ་དེ་བརྗོད་བྱའི་ནང་དོན་གཙོ་བོར་མི་འཛིན་པར། མི་སྣའི་འགའ་སྐྱོ་ཆགས་སྡང་གི་འཚོ་བ་དང་ཚོར་ བ་བྲིས་པ་བརྒྱུད་ནས་སྲོལ་རྒྱུན་གྱི་ལྟ་བ་རྙིང་པ་དང་། བག་འཁུམ། རྨོངས་དད་སོགས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་ རྐྱེན་བྱེད་པའི་སྣང་ཚུལ་ངན་པའམ་སྤྱི་ཚོགས་ཁྲོད་གནས་པའི་ན་ཟུག་དག་ལ་སུན་འབྱིན་དང་ཟུར་ཟ་བྱས་པ་གཙོར་བྱས་ ཤིང་། རྩོམ་ཚུལ་གྱི་ཐད་ནས་ཀྱང་མི་སྣའི་སྣང་བརྙན་གསར་བཞེངས་ལ་དང་དོད་བྱེད་པ་སོགས་ཐོད་བརྒལ་གསར་པ་བྱུང་ ཡོད། འདིར་གླེང་བར་བྱ་བའི་《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་དེ་ཡང་དེང་གི་བརྩམས་སྒྲུང་གསར་བའི་འབྲི་ཐབས་སྤྱད་ནས་བརྩམས་པ་གང་ཞིག་དེར་ཁྱད་ཆོས་གཞན་ཞིག་ཡོད་པ་ནི་《སྤྲུལ་སྐུ》སོགས་བརྩམས་ཆོས་གཞན་པ་ཇི་བཞིན་སྤྱི་ཚོགས་ཀྱི་སྣང་ཚུལ་འབྲི་བ་མ་ཡིན་པར་གང་འབྲི་བར་བྱ་ཡུལ་དེ་མི་བུ་སྒེར་གྱི་ནང་སེམས་ལ་གཞོལ་བ་དེ་ཡིན་ པས། དེ་ནི་སྐུ་ཞབས་དོན་གྲུབ་རྒྱལ་ལ་ཆ་མཚོན་ན་རྩོམ་གྱི་ཁ་གཏད་ཡུལ་ལ་འགྱུར་བ་གསར་བ་ཞིག་བྱུང་བ་རེད། ཁོང་གིས་བརྩམས་སྒྲུང་ནང་བསྟན་པའི་མི་བུའི་འཇིག་རྟེན་ནི་ང་ཚོས་མིག་མཐོང་ལག་ཟིན་ཐུབ་པའི་ཕྱི་རོལ་ཡུལ་གྱི་འཇིག་ རྟེན་ངོ་བོ་དང་མཐུན་ཞིང་། ང་ཚོ་དང་བར་ཐག་ཉེ་བ་ཡིན་པས། རྩོམ་པ་པོས་རང་བློས་ལྕོགས་ཚོད་ཀྱིས་འཚོ་བ་ངོ་མའི་བྲོ་བ་ལྡན་པའི་མི་བུའི་ནང་སེམས་ཀྱི་འཇིག་རྟེན་དེ་ཞིབ་འབྲི་ཐུབ་ཡོད།
   བརྩམས་སྒྲུང་འདི་ནི་བརྩམས་སྒྲུང་ཐུང་བ་ཞིག་ཡིན་པ་དང་།ཚིག་ཚོགས་ཉུང་བའི་སྒོ་ནས་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་གསལ་སྟོན་བྱས་ཡོད་པས་དེ་ནི་རྩོམ་པ་པོའི་ཕུན་སུམ་ཚོགས་པའི་འཚོ་བའི་ཉམས་མྱོང་དང་འབྲེལ་བ་ཡོད་ པར་སེམས་ཏེ། “ རྩོམ་པ་པོའི་མཐོང་ཐོས་ཀྱི་རྟོགས་སྣང་དང་དངོས་མྱོང་ལོ་རྒྱུས་ཀྱི་ཉམས་མྱོང་མཐའ་དག་སྒྱུ་རྩལ་སྣང་བརྙན་གྱི་གཤིས་རྒྱུད་དང་། ལས་དབང་དང་། བསམ་འདུན་དང་ལྟ་སྤྱོད་སོགས་སྐྲུན་པའི་ཕུན་སུམ་ཚོགས་པའི་རྒྱུའི་ཚུལ་དུ་ མངོན་ལ་དེ་ཡང་གསར་རྩོམ་ལ་འཇུག་པའི་ཀུན་རྟོག་གི་སེམས་སྐྱེས་པའི་འབྱུང་རྐྱེན་ཡིན་ཞིང་བརྗོད་དོན་ཕུན་སུམ་ཚོགས་པའི་འབྱུང་གནས་ཀྱང་ཡིན་པར་གོར་མ་ཆག” ①ཞེས་པ་ལས་རྟོགས་ནུས་པ་ཡིན་ཞིང་། ཡུལ་ཅན་རྩོམ་པ་པོས་ཚོར་ཤེས་ ཀྱི་རྣམ་རིག་ཚ་བར་བརྟེན་ནས་ཡུལ་ཨ་ཁུ་ལྷ་བཟོ་བའི་འགྱོད་གདུང་གི་ཚོར་བ་དེ་ཉམས་སུ་མྱངས་ཏེ་སེམས་བྱུང་དེ་ལས་ བསླངས་པའི་བརྗོད་འདོད་ཀྱི་སྐད་ཆ་དག་བརྩམས་ཆོས་ནང་བཀོད་པ་ཞིག་ཡིན་པས།འགྱོད་གདུང་གི་ཡོངས་སུ་མནར་བའི་མི་བུ་དེའི་སྣང་བརྙན་ཞིབ་ཚགས་ངང་ཞིབ་འབྲི་བྱ་ཐུབ་ཡོད། དེ་བཞིན།“རྩོམ་རིག་སྒྱུ་རྩལ་ནི་འཚོ་བ་དངོས་མཚོན་པར་བྱེད་པའི་རིག་རྩལ་གྱི་རྣམ་པ་ཞིག་ཡིན་པས། མི་ནི་རྩོམ་རིག་སྒྱུ་རྩལ་གྱི་བརྗོད་བྱ་གཙོ་བོར་གྱུར་བ་དང་། བརྗོད་བྱ་དེ་ལེགས་པར་ སྟོན་དགོས་ན་རྩོམ་རིག་སྒྱུ་རྩལ་གྱི་བརྩམ་བྱའི་ནང་དུ་ཅིས་ཀྱང་མི་སྣའི་སྣང་བརྙན་གསོན་ཉམས་དང་ལྡན་པ་མང་པོ་གསར་དུ་སྐྲུན་དགོས”②ཞེས་པ།“བརྩམས་སྒྲུང་གི་ཆེས་གལ་ཆེ་ས་ནི་མི་སྣའི་སྣང་བརྙན་འབྲི་བཞེངས་ཀྱི་སྟེང་དུ་ཡོད་ལ། བརྩམས་སྒྲུང་ཞིག་འཁྱོངས་མིན་ཡང་གཙོ་བོ་མི་སྣའི་གཤིས་ཀ་བཞེངས་སྐྲུན་བྱས་པ་ལེགས་འགྲུབ་བྱུང་མིན་ལ་བལྟ་དགོས”③ཞེས་པ་བཞིན་རྩོམ་དེའི་ནང་དུའང་འགྱོད་གདུང་གི་ཀློང་དུ་ཚུད་པའི་མི་སྣ་ཨ་ཁུ་དབང་ལྡན་གྱི་སྣང་བརྙན་དེ་སྣ་ཁ་མང་པོའི་སྒོ་ནས་མཚོན་ཡོད་པ་མ་ཟད། སྣང་བརྙན་ཞིབ་འབྲི་བྱས་པ་དེ་ཡང་ཞིབ་ཚགས་ཅན་ཞིག་ཡིན་ཏེ། དཔེར་ན། གཟུགས་ལ་བརྟེན་ ནས་མི་སྣའི་སེམས་ཀྱི་འགྱུར་བ་མཚོན་པའང་ཡོད་པ་དཔེར་ན། “ངས་ཁོང་གི་གདོང་ལ་ཟུར་མིག་གིས་ལྟ་དུས་ཁོང་གི་གདོང་ལ་སེམས་སྡུག་གི་རྣམ་འགྱུར་ཞིག་ཤར་འདུག”④ཅེས་པ་དང་།  དེ་བཞིན“སྐབས་དེར་ཨ་ཁུ་ལྷ་བཟོ་བའི་སྐད་གདངས་དམའ་མོར་གྱུར་པར་མ་ཟད། གདོང་མདོག་གློ་བུར་དུ་དམར་པོར་གྱུར་པའི་རྣམ་པ་དེར་བལྟས་ན་བཙུན་པ་ཞིག་ གིས་རང་གི་སྡོམ་པ་ཤོར་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་ནས་གནོང་འགྱོད་སྐྱེས་པ་དང་འདྲ”⑤སོགས་ལས་མི་སྣའི་ནང་སེམས་རྟོགས་ཐུབ་པ། དཔེར་ན། “ཡིན་ནའང་་་་་་ཧེ་་་་ཞེས་སྐད་ཆ་འདི་དག་བཤད་སྐབས་ཐོག་མར་གདོང་ལ་འཛུམ་ཞིག་ལངས་ཡོད་ཀྱང་བར་དུ་སྐྱོ་ཤས་ཀྱི་རྣམ་འགྱུར་ཞིག་ཤར་ཞིང་ཞེས་པ།ཁྱེད་དངོས་འབྲེལ་བྱིས་པ་ཆུང་ཆུང་ཞིག་རེད་་་་་་་མི་ཚེ་ཐུང་ཐུང་འདིའི་ནང་ཕ་མའི་ཁ་ཏ་བསླབ་བྱ་མ་བརྩིས་ན་ད་ང་རྒད་པོའི་མདོག་འདིར་ལྟོས་དང་། རྗེས་འབྲངས་ངན་པ་ལག་ ཟིན་རེད”།⑥སོགས་ཀྱི་མི་སྣའི་གཏམ་གླེང་དག་གིས་འགྱོད་གདུང་ཁྲོད་ཀྱི་མི་སྣ་དེའི་སྣང་བརྙན་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་ང་ཚོས་ཤེས་རྟོགས་བྱེད་ཐུབ་པས། དེ་ནི་རྩོམ་ཡིག་དེའི་ཆེས་ཆེ་བའི་དགེ་མཚན་དུ་མཐོང་། དེ་བཞིན། རྩོམ་ འདིའི་སྒྲིག་གཞི་བཀོད་སྒྲིག་བྱས་པ་འོས་ཤིང་འཚམས་ལ། བྱུང་རིམ་ལ་གོ་རིམ་ངེས་ཅན་ལྡན་པ་དང་རྒྱུ་འབྲས་སམ་གཏན་ ཚིགས་ཀྱི་རང་བཞིན་མངོན་པར་གསལ་པོ་ལྡན་ཡོད་ཅིང་། བྱུང་རིམ་དེ་མི་སྣ་དང་འབྲེལ་འདྲིས་ཆེ་རྐྱེན་མི་སྣའི་གཤིས་ཀ་ མཚོན་པའི་ལོ་རྒྱུས་འབའ་ཞིག་ཏུ་གྱུར་བས། འགྱོད་གདུང་གི་མནར་བའི་སྣང་བརྙན་དེ་བྲིས་པ་གང་ཞིག་འགྱོད་གདུང་གིས་ མནར་བའི་རྒྱུ་རྐྱེན་དེ་ཡང་ཕ་བཟང་པོའི་དྲིན་ལན་འཇལ་མ་ཐུབ་པས་ལན་པ་བསྟན་པ་སོགས་དང་། ཨ་ཕ་ནི་མི་དཀྱུས་མའི་ ནང་གི་དཀྱུས་མ་ཞིག་ཡིན་ཀྱང་བུ་ལ་བྱམས་བརྩེས་ཁེངས་པ་ཤིག་ཡིན་པ་ཡང་ཞིབ་ཚགས་ལྡན་པའི་ཐོག་ནས་ཞིབ་འབྲི་བྱས་ཡོད་དེ། ཨ་མ་གྲོངས་རྗེས་ཨ་ཕས་འདུག་རོགས་གཞན་བཙལ་མེད་པ་དང་། བུ་ལ་ལག་ཤེས་བསླབ་པ་སོགས་ལག་ལེན་གྱི་ཐོག་ ནས་ཕའི་ཡ་རབས་གཞུང་དྲང་གི་གཤིས་བཟང་ར་སྤྲོད་བྱས་ཡོད།   
    དེ་བཞིན་“ངས”ཨ་ཁུ་ལྷ་བཟོ་བར་འཛིན་པའི་རྣམ་འགྱུར་ཁ་གསལ་ངང་བསྟན་ཡོད་པ་དཔེར་ན། དང་པོ་“ངས”ཨ་ཁུ་ལྷ་བཟོ་བ་དེ་མིག་ལམ་དུ་མཐོང་སྐབས་མཛེ་ནད་ཕོག་པའི་མི་ཞིག་རེད་སྙམ་ནས་འཇིགས་སྣང་སྐྱེས་པ་དང་སྦྲགས། འཕྲལ་དུ་གཡོལ་ནས་འགྲོ་བ་དང་། དེ་ནས་རང་དབང་མེད་པར་ཁོང་ལ་ཡིད་སྨོན་དང་། ཡི་རངས་སྙིང་ཉེ་བའི་འདུ་ཤེས་ཤིག་བཅོས་མིན་དུ་སྐྱེས་པ། བར་དུ་ཡང་སྙིང་རྗེ་དང་གདུང་སེམས་སྐྱེས་པ། མཇུག་ཏུ་རང་ཉིད་ལ་ལེ་འདའ་བྱེད་པ་དང་ འགྱོད་གདུང་སྐྱེས་པ་སོགས་ལས་མཚོན་ནུས་པས་དགེ་མཚན་དུ་མ་ལྡན་ཡོད་ལ། དེ་བཞིན་དེར་གཅིག་རྟེན་གཅིག་དྲན་གྱི་ འབྲི་ཐབས་ཀྱང་ཅུང་ཟད་བཀོལ་སྤྱོད་བྱས་ཡོད་ཅིང་། བརྗོད་བྱའི་དོན་རྣམས་སྒྱུ་རྩལ་མཁན་པོའི་པིར་རྩལ་གྱི་འདུ་འགོད་ ལས་ཐོན་པའི་མཛེས་རིས་ཇི་བཞིན་གོ་རིམ་ལྡན་པའི་སྒོ་ནས་གསལ་པོར་མཚོན་ཞིང་ཀློག་པ་པོར་བག་འཇགས་ཟབ་མོ་དང་ ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་ཡོད། རྒན་བདུད་ལྷ་རྒྱལ་ལགས་ཀྱི་དེར་ད་དུང་བཀོད་འབྲི་ལ་གཞོལ་བ་དང་ལྡོག་ བསྡུར་གྱི་ཐབས་ལམ་བརྟེན་པ། མཁའ་དབུགས་སྟུག་པ་སོགས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད་པར་གསུངས་པས། ཁོ་བོས་དེར་ བསྐྱར་ཟློས་མི་བྱའོ།།
      གསུམ་པ།   རྩོམ་དེའི་ཞན་ཆ་ཅུང་ཟད་གླེང་བ།
    དེ་ཡང་རྩོམ་རིག་བརྩམས་ཆོས་ནས་གཙོས་པའི་བྱ་དངོས་གང་རུང་ཞིག་ལ་དཔྱད་པ་བྱེད་དུས། གཅིག་ནས་བྱ་དངོས་གང་དེའི་དགེ་མཚན་མཐོང་ཐུབ་པ་དགོས་ལ།  གཉིས་ནས་དེའི་མི་འདང་སའི་གནས་ཀྱང་ཤེས་རྟོགས་བྱ་ཐུབ་པ་བྱུང་ན་ད་གཟོད་བྱ་དངོས་གང་དེའི་གནས་ལུགས་དཔྱིས་ཕྱིན་པའི་ངང་རྒྱུས་ལོན་ཡོང་ངེས་ཡིན། གཤམ་ལ་ཁོ་བོས་ཁོང་གི་བརྩམས་ སྒྲུང་དེར་རང་ཉིད་ཀྱིས་ཚོར་བས་ཟིན་པའམ་མྱོང་བས་རྟོགས་པའི་མི་འདང་སའི་གནས་འགའ་འཆད་རྒྱུ་ཡིན།
(༡)བརྗོད་སྙིང་ངམ་བསམ་བློའི་ནང་དོན་ཆ་ནས། དེ་ཡང་བརྗོད་སྙིང་ངམ་བརྗོད་བྱའི་སྙིང་པོ་ནི་རྩོམ་པ་པོ་རང་ཉིད་ཀྱི་ལངས་ཕྱོགས་དང་ལྟ་བ། འདོད་ཚུལ་མཚོན་ཐབས་བྱེད་པའི་བྱ་བ་ཡིན་པ་དང་། རྩོམ་འབྲི་བའི་དམིགས་ཡུལ་ནི་རྩོམ་མཁན་ རང་ཉིད་ཀྱི་བྱ་དངོས་དང་མི་བུ། འཚོ་བའི་སྣང་ཚུལ་གང་རུང་ཞིག་ལ་འཛིན་པའི་ལངས་ཕྱོགས་དང་ལྟ་བ་ཇི་ལྟ་བུ་ཡིན་པ་ དངོས་བརྒྱུད་དང་གཞན་བརྒྱུད་གང་རུང་གི་རྣམ་པའི་ཐོག་ནས་ཡུལ་ཅན་ཀློག་པ་པོར་ངོ་སྤྲོད་དང་མཚམས་སྦྱོར་བྱེད་པ་ཞིག་ཡིན་པས། དེ་ལས་ཡུལ་ཅན་རྩོམ་པ་པོའི་བརྗོད་འདོད་པའམ་བསྟན་བྱའི་བསམ་བློ་ཇི་ལྟ་བུ་ཡིན་པ་ང་ཚོས་མངོན་སུམ་དང་ ལྐོག་གྱུར་གང་རུང་ནས་ཤེས་རྟོགས་ཐུབ་པ་ཞིག་ཡིན།《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་དེ་ཡང་གཅིག་ཡིན་ཏེ། རྩོམ་དེ་ལས་རྩོམ་པ་པོས་ང་ཚོར་དྲིན་ཆེན་ཕ་མའི་དྲིན་ལན་གཞལ་དགོས་པ་དང་། དྲིན་ཆེན་གྱི་དྲིན་ལན་མ་འཇལ་ ན་དེ་ནི་རང་ཉིད་འགྱོད་པའི་རྒྱུ་ཡིན་པ་བསྟན་གནང་ཡོད།རྩོམ་འདིའི་བསྟན་དོན་དེ་ལ་ང་ཚོས་ཕྱོགས་གཉིས་ནས་དབྱེ་ཞིབ་བྱས་ན་ཆོག་པར་འདོད་དེ། གཅིག་ནི་ང་ཚོས་རང་མི་རིགས་ཀྱི་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ལམ་ནས་དབྱེ་ཞིབ་དང་།གཉིས་ནས་དེང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མིག་དབང་ཐོག་ནས་དབྱེ་ཞིབ་དང་དཔྱད་པ་བྱས་ན་ཆོག་སྙམ། དེ་ཡང་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་ལམ་ནས་དབྱེ་ཞིབ་བྱས་ན། རྩོམ་དེ་ནི་སྲོལ་རྒྱུན་གྱི་མི་ཆོས་ཀུན་སྤྱོད་ཀྱི་བསམ་བློ་མཚོན་པའི་རྩོམ་ཡིག་ལེགས་པོ་ཞིག་རེད་ཅེས་ཀུན་གྱིས་གླེང་ངེས་རེད། རྒྱུ་མཚན་ནི་དྲིན་ཆེན་ཕ་མའི་བཀའ་དྲིན་གསོལ་བ་དེ་ནི་ང་ཚོ་མིའི་རིགས་ཀྱི་ཡ་རབས་སྤྱོད་བཟང་གི་སྲོལ་རྒྱུན་བཟང་པོ་ཞིག་རེད་ལ། དྲིན་ཆེན་ལ་དྲིན་ལན་འཇལ་ན་ཀུན་གྱིས་མཐེ་བོང་འགྲེངས་ནས་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ངེས་ཤིང་། མི་ཚུལ་དང་མཐུན་པའི་མི་བུ་ཞིག་རེད་ཅེས་ཚང་མས་ཡི་རངས་གུས་བཀུར་བྱ་ངེས་པས་རེད། ལྷག་པར་དུ་དཔལ་འབྱོར་ འཕེལ་རྒྱས་མྱུར་བའི་དེང་སང་གི་དུས་སྐབས་དེར་མི་རྣམས་ཀྱི་མི་ཆོས་ཀུན་སྤྱོད་ནི་མར་ངོའི་ཟླ་བཞིན་དུ་གྱུར་བཞིན་ཡོད་ པས། དེས་མི་རྣམས་ལ་གོ་བསྐོན་སློབ་གསོའི་ནུས་པ་ངེས་ཅན་སྦྱིན་ཡོད། འོན་ཀྱང་།“རྩོམ་རིག་རྐྱང་བའི་ངོས་ནས་བཤད་ན། རྩོམ་རིག་གི་བཟང་ངན་ནི་བསམ་བློ་གང་ཞིག་མཚོན་ཡོད་པའི་སྟེང་ཁོ་ནས་འབྱེད་པ་མ་ཡིན་པར། བསམ་བློ་དེ་མཚོན་པའི་ ཚད་ཇི་ལྟ་བུ་ཞིག་ལ་སླེབས་ཡོད་པའི་སྟེང་ནས་འབྱེད་དགོས་པ་དང་ཕྱེ་བར་གྱུར་བ་ཞིག་ཡིན” ⑦ཞེས་པ་ལྟར། བརྩམས་ཆོས་གང་དེའི་དུས་རབས་དེའི་ངོས་ནས་བརྗོད་ན། དེ་ནི་བསམ་བློ་གསར་བ་ཞིག་དང་ལྟ་ཚུལ་གསར་བ་ཞིག་གཏན་ནས་མ་ ཡིན། རྒྱུ་མཚན་ནི་དྲིན་ལ་དྲིན་ལན་འཇལ་དགོས་ཞེས་པ་དེ་ནི་མི་རྣམས་ཀྱིས་རྒྱུན་པར་ཁ་ནས་མ་ཎི་འདོན་འདོན་བྱེད་ཀྱིན་ ཡོད་པས་སོ།།
རྩོམ་དེའི་རྣམ་པ་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བལྟས་ན། བརྩམས་སྒྲུང་གསར་བའི་ཆ་ལྡན་ཡང་བསམ་བློའི་བསྟན་དོན་ཐད་ནས་བཤད་ན་བསམ་བློ་གསར་བའི་ཚད་དེ་མཐོན་པོ་ཞིག་ལ་སླེབས་མིན་འདུག་ཅེས་སྨྲས་ན་ཆོག་སྙམ། ལྷག་ པར་དུ་སྐུ་ཞབས་དོན་གྲུབ་རྒྱལ་ལ་ཆ་མཚོན་ནས་བཤད་ན། མི་རབས་གསར་བ་ཞིག་དང་བསམ་བློ་གསར་བའི་མཚོན་བྱེད་ མི་སྣ་ཞིག་ཡིན་ཀྱང་རྩོམ་དེར་བསམ་བློ་གསར་བའི་འོ་སྤྲིས་ཀྱི་དབེན་པ་ཞིག་རེད། སྒོས་སུ་རྩོམ་པ་པོ་ཞིག་གི་ངོས་ནས་བརྗོད་ ན། མི་བུ་གཞན་གྱི་མ་རིག་པའི་གནས་དང་གཞན་གྱི་གསལ་ཤེས་དང་ཆ་རྒྱུས་མེད་པའི་སྣང་ཚུལ་ཞིག་གམ་གཞན་གྱི་ཞིབ་ཆ་ མ་ཐོན་པའི་གནས་དང་མཚམས་སྦྱོར་བྱེད་དཀའ་བའི་གནས་དག་རྩོམ་མཁན་གྱིས་རྣམ་དཔྱོད་ཀྱི་ཚོར་བ་དང་རིག་པ་རྒོད་ ཅིང་སྐྱེན་པའི་སྒོ་ནས་གསལ་པོར་བསྟན་ཐུབ་ན་ད་གཟོད་ཕུལ་བྱུང་གི་རྩོམ་པ་པོ་ཞིག་ཏུ་གྱུར་སྲིད་ལ། གཞན་གྱིས་ཀྱང་ཁྱེད་ ཉིད་རྩོམ་མཁན་རྣལ་མ་ཞིག་ཏུ་བརྩི་ངེས་རེད། དཔེར་ན། ཁོང་གིས་བརྩམས་གནང་མཛད་པའི《སྤྲུལ་སྐུ》ལྟ་བུར་མཚོན་ནས་བཤད་ན། དེ་ནི་དངོས་གནས་མི་རབས་གསར་བ་ཞིག་གི་སེམས་ཁོང་ནས་བཞུར་བའི་བསམ་བློ་མཚོན་པའི་ཚད་ཟབ་པོ་ཞིག་ ཏུ་སླེབས་ཡོད་ལ།  སྤྱི་ཚོགས་ཐོག་ཤུགས་རྐྱེན་ངེས་ཅན་ཡོད་པའི་བརྩམས་ཆོས་ཞིག་ཏུ་གྱུར་ཐུབ་པའི་རྒྱུ་རྐྱེན་ཡང་དེ་རེད།
   གཉིས་ནས་དེང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མིག་དབང་ཐོག་ནས་བལྟས་ན། རྩོམ་དེའི་ནང་རྩོམ་པ་པོས་བསྟན་གནང་བའི་མི་ སྣ་དེ་ནི་འགྱོད་གདུང་གི་ཀློང་དུ་གནས་པའི་མི་ཞིག་བཞེངས་སྐྲུན་བྱས་ཡོད་ལ། འགྱོད་གདུང་བྱ་དགོས་པའོ་རྒྱུ་རྐྱེན་ཡང་སྒོ་ ཕྱིར་བུད་ནས་ཕའི་དྲིན་ལན་མཇལ་མ་ཐུབ་པ་དེ་ཡིན་པ་བསྟན་གནང་ཡོད། འོ་ན། མི་ཚེ་གང་པོ་སྒོ་ཕྱིར་མ་བུད་པར་ཕ་མའི་ གམ་དུ་བསྡད་དེ་དྲིན་ལན་ཁོ་ན་འཇལ་ནས་བསྡད་ན། ང་ཚོའི་ཕུགས་བསམ་དང་བྱ་གཞག་དོན་གཉེར་ཇི་ལྟར་བྱ་རྒྱུ་ཡིན། གལ་སྲིད་དཔེར་ན་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་མི་ལ་རས་པ་དང་། རྗེ་ཙོང་ཁ་པ་སོགས་སྒོ་ཕྱིར་མ་བུད་པར་མི་ཚེ་ གང་པོ་ཕ་མའི་གམ་དུ་དྲིན་ལན་དང་ཞབས་ཕྱི་ཁོ་ན་བསྒྲུབ་ནས་བཞུགས་ན། ཀུན་གྱིས་བླ་ནས་བླ་རུ་བཀུར་བའི་མི་སྣ་གྲགས་ ཅན་དེ་འདྲ་ཞིག་ང་ཚོའི་ལོ་རྒྱུས་ཐོག་འབྱུང་སྲིད་དམ། དེ་བཞིན་དུ་རྩོམ་གྱི་མི་སྣ་ཨ་ཁུ་ལྷ་བཟོ་བ་ལྟ་བུར་མཚོན་ན་ཡང་རང་ གི་ལས་དོན་ཆེད་དུ་སྒོ་ཕྱིར་བུད་པ་ཞིག་དང་། རང་གི་མི་ཚེའི་རིན་ཐང་དང་ཕུགས་བསམ་དོན་གཉེར་ཆེད་གཞན་ཡུལ་དུ་ བུད་པ་ཡིན་པས། དེ་ནི་ཕ་མའི་དྲིན་ལན་དང་མི་བུའི་ལས་དོན་དོན་གཉེར་བར་གྱི་འགལ་འདུ་ཞིག་རེད་སྙམ། ང་ཚོ་སློབ་གྲྭ་ བ་ཞིག་གི་ངོས་ནས་བརྗོད་ན། གལ་ཏེ་ཕ་མའི་དྲིན་ལན་ཁོ་ན་བསམ་ནས་སྒོ་ཕྱིར་མ་བུད་ན་ང་ཚོའི་མི་ཚེའི་རིན་ཐང་ཇི་ལྟར་ མངོན་འགྱུར་བྱེད་ཐུབ་ལ། དཔལ་འབྱོར་་འཕེལ་རྒྱས་མྱུར་ཞིང་ཤེས་རིག་འགྲན་རྩོད་ཆེ་བའི་དེང་སང་གལ་ཏེ་སྒོ་ཕྱིར་མ་བུད་ ཅིང་ཤེས་ཡོན་སྦྱོང་བར་མ་ཕྱིན་ན་ཕ་མའི་དྲིན་ལན་འཇལ་རྒྱུ་ལྟ་ཅི། རང་གི་མི་ཚེ་ཡང་འཁྱོལ་དཀའ་བ་ཞིག་མ་རེད་དམ།
    རྒན་བདུད་ལྷ་རྒྱལ་མཆོག་གིས་ཀྱང་། དེ་ནི་བསམ་བློ་གསར་རྙིང་བར་གྱི་གདམ་གསེས་ཞིག་རེད་ལ། མཐར་གཏུགས་ནས་ བཤད་ན་འཇིག་རྟེན་མི་ཆོས་དང་ལོ་རྒྱུས་འཕེལ་རྒྱས་བར་གྱི་འགལ་བ་ཞིག་རེད་ཅེས་གསུངས་པ་དེ་ཡང་གནས་ལུགས་རྫོགས་པའི་སྐད་ཆ་ཞིག་རེད་སྙམ། ཡིན་ཀྱང་། རྩོམ་པ་པོས་ཕ་མའི་དྲིན་ལན་འཇལ་མ་ཐུབ་པར་འགྱོད་གདུང་གི་ཁྲོད་ན་གནས་པའི་ མི་བུ་ཞིག་གི་སྣང་བརྙན་ཞིབ་འབྲི་བྱས་ནས་ང་ཚོར་ཕ་མའི་དྲིན་ལན་འཇལ་དགོས་པ་བསྟན་པས། རྩོམ་པ་པོས་བསམ་བློ་ གསར་བའི་རྒྱབ་ནས་མ་ལངས་པ་རེད། གཞན་ཡང་། ང་ཚོས་ཕྱོགས་གཞན་ཞིག་ནས་བལྟས་ན། ཨ་ཁུ་དབང་ལྡན་གྱིས་ཕའི་ དྲིན་ལན་གཏན་ནས་མ་འཇལ་བ་ཞིག་ཀྱང་མ་ཡིན་པར་དྲིན་ལན་ངེས་ཅན་ཞིག་འཇལ་ཡོད་དེ། ཕ་ཤུལ་བུ་ཡིས་འཛིན་ནས་ ཕ་ལྷ་བཟོ་བ་ལ་བུ་ཡང་ལྷ་བཟོ་བ་ཞིག་ཆགས་པ་བྱས་ཡོད་ལ། དེ་བཞིན་བཀའ་དྲིན་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་ བ་ནི་བཀའ་བཞིན་སྒྲུབ་པ་ཡིན་པར་གསུངས་པས། ཨ་ཁུ་ལྷ་བཟོ་བས་ཀྱང་ཕ་ཡི་བཀའ་བཞིན་ལྷ་བཟོའི་ལག་ཤེས་ལ་སྦྱངས་ བརྩོན་བྱས་ནས་ཚང་མ་ཧང་སངས་པའི་ལྷ་བཟོ་བ་ཞིག་ཏུ་གྱུར་ཐུབ་པ་བྱས་ལ། ཕས་ཀྱང་གྲོང་སྡེའི་ནང་གི་ལྷ་བཟོ་བ་རྒན་ པ་འགའ་སྤྱན་དྲངས་ནས་བྲིས་སྟོན་ལེགས་པོ་བྱས་པ་དང་། ཀུན་གྱིས་ཕ་ལས་བུ་འཁྱོངས་འདུག་ཅེས་བསྟོད་པའི་ཡུལ་དུ་ གྱུར་བ་སོགས་ནས་ཕའི་དྲིན་ལན་སེམས་སུ་བཅངས་མཁན་གྱི་མི་སྣ་ཞིག་ཡིན་པ་ཤེས་ནུས་སོ། །
    ཡང་གཅིག་བཤད་ན། བདག་གིས་སྣང་ངོར་ཕས་བུ་ལ་བཅངས་པའི་ཤ་དང་རུས་པ་ལྟ་བུའི་བརྩེ་དུང་དེ་བུ་ཡིས་ངོས་ནས་བརྗོད་ན་འགྱོད་གདུང་བྱ་ཡུལ་གྱི་རྒྱུ་ཞིག་ཏུ་གྱུར་འདུག་སྙམ། རྒྱུ་མཚན་ནི་གལ་ཏེ་ཕས་དེ་ལྟ་བུའི་སྒོ་ནས་བུ་དེ་བྱམས་ ཀྱིས་བསྐྱངས་མེད་ན། བུ་དེ་འགྱོད་གདུང་གི་ཀློང་དུ་ཚུད་དགོས་མེད་པ་རེད། འོན་ཀྱང་ཕས་བུ་ལ་བྱམས་བརྩེ་ཆེ་དྲགས་པའི་ རྐྱེན་གྱིས། ད་གཟོད་བུའི་སྣང་ངོར་ཕ་ནི་ཧ་ཅང་གི་དྲིན་ཅན་ཞིག་ཡིན་པའི་ཚོར་བ་སྐྱེས་ནས། རང་ཉིད་ལ་དེ་འདྲའི་ཤ་ཚ་ ཞིང་སྙིང་ཉེ་བའི་ཕ་ཞིག་ཡོད་ཀྱང་དེའི་དྲིན་ལན་འཇལ་མ་ཐུབ་རྐྱེན་ད་གཟོད་བུའི་སེམས་ལ་འགྱོད་གདུང་གི་སྣང་བ་དེ་ ཤུགས་དྲག་ཏུ་སྐྱེས་བཞིན་ཡོད་པ་རེད། དེས་ན་བརྩེ་དུང་དེ་ནི་གཅིག་ནས་ཕས་བུ་ལ་བཅངས་པའི་ལྷད་མེད་པའི་བརྩེ་དུང་ དམ་པ་ཞིག་རེད་ལ།གཉིས་ནས་བུ་དེ་འགྱོད་གདུང་གི་ཀློང་དུ་ཚུད་པར་བྱེད་མཁན་གྱི་རྒྱུ་རྐྱེན་གྱི་གནད་ཀྱང་ཡིན་པར་འདོད།
(༢)ཁ་བྱང་གི་ངོས་ནས་བཤད་ན།  རྩོམ་འདིར་བརྩེ་དུང་ཁག་འགའ་ཤས་ཞིབ་འབྲི་བྱས་ཡོད་པ་ཤེས་རྟོགས་ནུས་ཏེ།བརྩམས་སྒྲུང་དེར་གཅིག་ནས་ཕ་བུའི་བར་གྱི་བརྩེ་དུང་དང་། གཉིས་ནས་ཨ་ཁུ་ལྷ་བཟོ་བའི་ཕ་མ་གཉིས་བར་གྱི་བརྩེ་དུང་།དེ་བཞིན་“ང”དང་ཨ་ཁུ་ལྷ་བཟོ་བའི་བར་གྱི་གྲོགས་པོའི་བརྩེ་དུང་བཀོད་ཡོད། འོན་ཀྱང་། དེ་དག་ལས་ཞིབ་ཚགས་ངང་རྒྱས་འབྲི་བྱས་ཡོད་པ་ནི་ཕ་བུའི་བར་གྱི་བརྩེ་དུང་དེ་རེད་ལ། རྩོམ་པ་པོས་ཀྱང་དངོས་སུ་བསྟན་བྱའང་ཕ་བུའི་བར་གྱི་ཤ་དང་རུས་པ་ལྟ་བུའི་བརྩེ་དུང་དེ་ཡིན་པ་ང་ཚོས་རྟོགས་ནུས།  འོན་ཀྱང་བདག་གིས་སྣང་ངོར་ཁ་བྱང་དེ་ཙམ་གྱིས་འོས་ཤིང་འཚམས་པ་ཞིག་མ་ཡིན་པར་འདོད་དེ།རྩོམ་དེའི་ནང་མ་གཞི་ཤ་དང་རུས་པ་ལྟ་བུའི་བརྩེ་དུང་ཞིག་ཞིབ་ཚགས་གསོན་ཉམས་ལྡན་པའི་ངང་བྲིས་འདུག་ཀྱང་། རྩོམ་པ་པོས་བསྟན་བྱའི་ནང་དོན་དངོས་དེ་བརྩེ་དུང་དེ་མ་ཡིན་ལ། ཕ་ཡི་བུ་ལ་བཅངས་པའི་བརྩེ་དུང་དེ་དེ་ལྟ་བུའི་རླབས་ཆེན་ཡིན་པ་གསལ་བསྟན་བྱ་རྒྱུ་དེ་མིན་པར་བརྩེ་དུང་དེ་ཞིབ་འབྲི་བརྒྱུད་བུས་ཕ་བཟང་པོ་དེའི་བཀའ་དྲིན་གསོལ་མ་ཐུབ་པས་འགྱོད་གདུང་གི་མནར་བའི་མི་སྣ་ཞིག་གི་སྣང་བརྙན་ནམ་མི་བུ་ཞིག་གི་ནང་སེམས་འཇིག་རྟེན་དེ་བཞེངས་སྐྲུན་བྱ་རྒྱུ་དེ་རེད་ལ།  བརྩེ་དུང་དེ་བརྒྱུད་ནས་བརྩེ་དུང་དེ་ལ་དྲིན་ལན་འཇལ་དགོས་པ་བསྟན་རྒྱུ་དེ་རེད།
    《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་ཁ་བྱང་དེས་ང་ཚོའི་སྣང་ངོར་ཤ་དང་རུས་པའི་བརྩེ་དུང་བླ་ན་མེད་པ་ཞིག་བསྟན་རྒྱུ་རེད་སྙམ་པ་ལས། འགྱོད་གདུང་ཀློང་གི་མི་ཞིག་བསྟན་རྒྱུ་ཡིན་པ་ཆེས་ཆེར་མངོན་མེད་ཅིང་། ཁ་བྱང་དེས་རྩོམ་གྱི་བྱེ་བྲག་ པའི་ནང་དོན་གསལ་སྟོན་བྱ་བར་རམ་འདེགས་ནུས་པ་ཐོན་ཡོད་པ་ལས། རྩོམ་པ་པོས་བརྗོད་པར་འདོད་པའི་བསམ་བློའི་ནང་དོན་དངོས་དེ་འབུར་དུ་ཐོན་པར་ནུས་པ་ཆེན་པོ་ཐོན་མེད་པར་སྙམ་ལ། བུ་དེ་འགྱོད་གདུང་གི་ཀློང་དུ་ཚུད་དགོས་དོན་ཡང་བརྩེ་དུང་དེ་ལ་དྲིན་ལན་འཇལ་མ་ཐུབ་པས་ལན་པ་ཡིན་ཞིང་། མཐར་གཏུགས་ནས་བཤད་ན། བརྩེ་དུང་དེས་ལན་པ་ཡིན་པས། བརྩེ་བ་དེ་ཇི་ལྟར་ཟབ་ན་བུ་དེའི་སྡུག་བསྔལ་ངམ་འགྱོད་གདུང་དེ་བས་ཆེ་བ་རེད། དེས་ན་ཨ་ཁུ་ལྷ་བཟོ་བ་དེ་ནི་ བརྩེ་དུང་གི་ལྕགས་ཀྱུས་ཟིན་པའི་ཉ་མོ་ལྟ་བུར་གྱུར་བ་ཡིན་པས། བདག་གི་ལྟ་ཚུལ་ཡིན་ན། རྩོམ་དེའི་ཁ་བྱང་ལ《བརྩེ་དུང་གི་ལྕགས་ཀྱུས་ཟིན་པའི་ཉ་མོ》ལྟ་བུ་བཀོད་ན་དེ་བས་རྩོམ་གྱི་བརྗོད་སྙིང་འབུར་དུ་ཐོན་པར་ནུས་པ་ཅུང་ཆེ་སྙམ། རྒྱུ་མཚན་ནི་ཨ་ཁུ་ལྷ་བཟོ་བ་ཡིན་ནའང་འདྲ། ཨ་ཁུ་ལྷ་བཟོ་བའི་ཕ་ཡིན་ནའང་འདྲ། ཡང་ན་“ང”ཡིན་ནའང་འདྲ། བརྩེ་དུང་གི་དབང་གིས་འགྱོད་གདུང་གི་འདམ་རྫབ་ནང་ལྷུངས་ཡོད་པས་རེད།
(༣ )ཡུལ་ལྗོངས་ཞིབ་འབྲིའི་ངོས་ནས་བཤད་ན། “ཁོར་ཡུག་དང་ཡུལ་ལྗོངས་རིས་སུ་ཐོན་པར་འབྲི་བ་ནང་སེམས་ཀྱི་འདུ་ཤེས་ཀྱི་རང་བཞིན་དུ་སྦྱོར་མཁས་པར་བྱེད་དགོས། གལ་སྲིད་ཡུལ་ལྗོངས་ཀྱི་སྣང་ཚུལ་ཕྱི་དངོས་པོའི་རྣམ་པ་ངོ་སྤྲོད་ཙམ་དུ་བྲིས་པ་ལས་མི་སྣའི་ནང་སེམས་ཀྱི་འགྱུར་བའི་ཚུལ་དུ་མངོན་པར་སྦྱོར་མ་ཐུབ་ན་ས་ཁྲའི་རི་མོ་བཞིན་གསལ་ཁ་ཡོད་ལ་སྙིང་པོ་དང་སྲོག་གིས་མ་བཟུང་བའི་རྒྱན་རིས་ལྟ་བུར་འགྱུར་ཉེན་ཆེའོ”⑧ཞེས་སྤྱིར་ཡུལ་ལྗོངས་བྲིས་ན་ཁོར་ཡུག་གིས་མི་སྣའི་གཤིས་ཀ་མཚོན་པ་ལ་རམ་འདེགས་ཀྱི་ནུས་པ་ཐོན་དགོས་མོད།  བརྩམས་སྒྲུང་འདིའི་ནང་རྩོམ་པ་པོས་ཁོར་ཡུག་ གསོན་ཉམས་ལྡན་པའི་ངང་ཞིབ་འབྲི་གནང་འདུག་ཀྱང་། ཁོར་ཡུག་ཞིབ་འབྲི་མཛད་པའི་དམིགས་ཡུལ་གསལ་པོ་མེད་པ་སྟེ། ཁོར་ཡུག་ཞིབ་འབྲིས་མི་སྣའི་སྣང་བརྙན་དང་གཤིས་ཀ་གསལ་སྟོན་བྱ་རྒྱུར་རམ་འདེགས་ཀྱི་ནུས་པ་ཐོན་མེད། དཔེར་ན།“ང་གཞུང་ལམ་གཡས་ཟུར་གྱི་་་་་་་་ཕྱོགས་མཚམས་ཀུན་ཏུ་གསེར་འོད་ཆེམ་ཆེམ་འཕྲོ་བའི་གྲོ་ཞིང་གིས་ཁེངས་ཤིང་་་་་་་་གྲོང་ཚོ་ཆེ་ཆུང་མང་པོ་པ་ཊའི་རི་མོ་ལྟར་མཛེས་ཤིང་ཡིད་དུ་འོང་བ་དང་། ལྷུང་ལྷུང་དལ་གྱིས་འབབ་པའི་དགུ་ཆུའི་འགྲམ་གཉིས་སུ་ཡ་གལ་དངམ་གལ། ལྕང་མ་དང་གླང་མ་་་་སོགས་ཀྱིས་ཁེངས་འདུག  ནམ་མཁའ་དྭངས་ཤིང་གསལ་བས་་་་་་གསེར་མོ་ལྗོངས་ནི་གསེར་གྱི་གླིང་ཕྲན་ཞིག་དང་འདྲ”⑨ཞེས་པ་སོགས་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་ཞིབ་འབྲི་བྱས་པ་དེས་འགྱོད་གདུང་གིས་མནར་བའི་མི་སྣའི་སྣང་བརྙན་ཞིག་མངོན་པར་བྱ་རྒྱུར་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་མིན་འདུག་སྙམ།
(༤)དེ་མིན་གྱི་མི་འདང་སའི་གནས་འགའ་གླེང་ན། རྐང་བ་གྱོལ་པོ་དང་སྟོད་གུར་གྱི་མི་བུ་དེ་བྲིས་པ་བརྒྱུད་དེ་ནས་ཁེར་ཧྲེང་གི་ཉམས་ཤིག་ཐོན་འདུག་པ་དེ་ལེགས་པའི་ཆ་རུ་ངེས་མོད།རྩོམ་གྱི་ནང་མི་བུའི་ནང་སེམས་འགྱོད་གདུང་གི་ཁེངས་པ་ཞིག་ཞིབ་འབྲི་བྱས་ཡོད་ཀྱང་ཕྱི་ཡི་རྣམ་པ་འགའ་ཤས་སྐྱེ་སྟོབས་འབར་བ་ཞིག་བྲིས་གནང་འདུག་སྟེ། ཁོའི་སྨིན་མ་གནག་ཅིང་སྟུག་ལ། མིག་དཀྱུས་ཤིན་ཏུ་རིང་བ་རྒོད་ཀྱི་གཤོག་པ་བརྐྱངས་པ་ལྟར་ཞིབ་འབྲི་བྱས་ཡོད་པ། ལུའུ་ཞུན་གྱིས“མིག་ནི་ཡིད་ཀྱི་སྒེའུ་ཁུང་ལྟ་བུ་ཡིན”ཞེས་པ་དང་། ཐོར་ཟི་ཐེས“མིག་དབང་གཉིས་ཀ་ནི་ཚོར་བ་དེ་འདྲ་རྣོ་བའི་དབང་པོ་ཡིན་ཕྱིན། དེ་ལ་བརྟེན་ནས་ཁྱེད་ཚོས་སྐད་ཆ་བཤད་མཁན་དེའི་ཡིད་ཀྱི་འགྱུར་བ་ཇི་འདྲ་ཞིག་ཡིན་པ་བློས་དཔག་ཐུབ་པ་ཡིན་ནོ”⑩ཞེས་གསུངས་འདུག་མོད། རྩོམ་དེའི་ནང་རྩོམ་པ་པོས་ཨ་ཁུ་ལྷ་བཟོ་བའི་མིག་གི་དབང་པོ་དེ་ནི་རྣོ་ཞིང་སྐྱེ་སྟོབས་ཀྱི་འོད་མ་ཡལ་བར་ནག་རིག་རིག་ཅན་ཞིག་བཀོད་འབྲི་གནང་རྐྱེན། འགྱོད་གདུང་ཀློང་གི་མི་དེ་ནི་གྲུང་ཤ་དོད་ཅིང་རྣམ་རིག་བཀྲ་ལ་ སྐྱེས་སྟོབས་ཀྱི་དཔལ་འབར་བ་ཞིག་ཏུ་གྱུར་ཡོད་པས། དེས་རྩོམ་གྱི་བརྗོད་སྙིང་འབུར་ཐོན་ཡོང་རྒྱུར་གཞོགས་འདེགས་ཀྱི་ནུས་པ་ཐོན་མེད། དེ་བཞིན་སྒྲུང་རྩོམ་གྱི་མི་སྣའི་རིགས་ལ་དྲང་ཕྱོགས་མི་སྣ་དང་ལྡོག་ཕྱོགས་མི་སྣ་གཉིས་ཡོད་པས། རྩོམ་པ་པོས་ ཨ་ཁུ་ལྷ་བཟོ་བ་དེ་ཡང་སྙིང་དྲང་ཕྱོགས་མི་སྣ་ཞིག་གམ་ལྡོག་ཕྱོགས་ཀྱི་མི་སྣ་གང་ཡིན་མིན་ཁ་གསལ་ཞིབ་འབྲི་གནང་མེད་ རྐྱེན། ཀློག་པ་པོའི་སྣང་ངོར་མི་བུ་དེ་ནི་ཡ་རབས་ཅན་དང་མ་རབས་ཁྲེལ་མེད་ཅན་གང་ཡིན་མིན་ཆ་མི་འཚལ་བས། མི་སྣ་ དེ་ཚོར་ང་ཚོས་སློབ་སྦྱོང་བྱ་དགོས་སམ་ཡང་ན་སུན་འབྱིན་བྱ་དགོས་མིན་གསལ་ཆ་མེད་པར་གྱུར་ཏོ། དཔེར་ན། 《སྤྲུལ་སྐུ》དང་།《མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ》ལྟ་བུར་ཆ་མཚོན་ན། ང་ཚོས་སུ་ཞིག་དྲང་ཕྱོགས་མི་སྣ་ཡིན་པ་དང་། གང་ཞིག་ལྡོག་ཕྱོགས་ཀྱི་མི་སྣ་ཡིན་པ་གསལ་པོར་ཤེས་ནུས་སོ།།

དཔྱད་གཞིའི་ཡིག་ཆ།
①《》
② 《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་གསུམ་པ》 དཔྱད་རྩོམ་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་།
1997ལོའི་ཟླ་11པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས། 163
③ 《རང་གྲོལ་ཞིབ་འཇུག》  འདོན་ཐེངས་གཉིས་པ།  དགུ་རོང་སྤུན་གྲོལ་གྱིས་གཙོ་སྒྲིག་བྱས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
2011ལོའི་ཟླ5པར་པར་གཞི་དང་པོ་བསྒྲིགས་ཤིང་པར་ཐེངས་དང་པོ་དཔར། ཤོག་ངོས། 147—148
④⑤⑥⑦⑨《བོད་རྩོམ་གསར་བ་བདམས་བཀོད་དང་དེ་དག་གི་བཤད་པ》བདུད་ལྷ་རྒྱལ་གྱིས་སྒྲིག་རྩོམ་བྱས།
ཤོག་ངོས།  101,116,101-103,121,98
⑧《རྩོམ་རིག་གཞུང་ལུགས་གནད་བསྡུས》   རྡོ་རྗེ་རིན་ཆེན་གྱིས་བརྩམས།  མི་རིགས་དཔེ་སྐྲུན་ཁང་།
1998ལོའི་ཟླ་10པར་པར་གཞི་དང་པོ་བསྒྲིགས།  2008ལོའི་ཟླ་4པར་པར་ཐེངས 3 པ་བརྒྱབ།  ཤོག་ངོས།  235
⑩《རྩོམ་ལ་འཇུག་ཚུལ་རིག་བརྒྱའི་སྒོ་འབྱེད་ངོ་མཚར་འཕྲུལ་གྱི་ལྡེ་མིག》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ཁྲི་བསམ་གཏན་དང་རྣམ་སྲས་གཉིས་ཀྱིས་བརྩམས།  1994ལོའི་ཟླ6པར་པར་གཞི་དང་པོ་བསྒྲིགས་ཤིང་
པར་ཐེངས་དང་པོ་བཏབ།  ཤོག་ངོས། 238

       རྣམ་གླིང་རིན་ཆེན། མིང་དངོས་ལ་རིན་ཆེན་ཟེར། བོད་ལྗོངས་གཞིས་རྩེ་རྣམ་གླིང་གི་མི་ཡིན། ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་སློབ་གཉེར་ལ་འཇུག་བཞིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོན་གྲུབ་རྒྱལ་གྱི་《ཤ་དང་རུས་པའི་བརྩེ་དུང》ཞེས་པའི་བརྩམས་སྒྲུང་ལ་དཀྲོལ་ཀློག་ཅུང་ཟད་བྱས་པ།

2011-11-18 རྣམ་གླིང་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།