གློག་བརྙན《ལག་དམར》དང་གླེང་སྟངས་ཤིག

ཐེའུ་རང་།(ཁྲིན་ཏུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-05-07

  དང་པོ། རེ་བཞག་དང་ངང་སྒུག

  རྟ་བོ་རི་ན་ཡོད་ཀྱང་འཚེར་སྐད་ཡུལ་ན་ལྷང་། ཞེས་པ་ལྟར། <ལག་དམར>ལ་རྒྱལ་ཕྱི་ནང་གི་ཚད་རིམ་མཐོ་བའི་གཟེངས་སྐྱེས་དང་མཚན་སྙན་མང་པོ་ཐོབ་པའི་གཏམ་བཟང་སྔོན་མ་ནས་རྣ་བར་ལྷུང་ཞིང་། རང་རེའི་སྤུན་ཟླ་ཞིག་མི་རིགས་དང་རྒྱལ་ཁབ་གཞན་གྱི་སྔུན་དུ་འགྲེངས་ནས། གྲུབ་འབྲས་མི་དམན་པ་བླངས་པར་དགའ་ཞིང་སྤྲོ་བཞིན<ལག་དམར>ལ་རེ་སྒུག་ཡུན་རིང་བྱས་མཐར། ཟླ4པའི་ཚེས26ཉིན། གྲོང་ཁྱེར་ཁྲི་འདུ་ནས<ལག་དམར>དང་མཇལ་བའི་སྐལ་པ་ཐོག་མར་བྱུང་བ་མ་ཟད། གློག་བརྙན་ཚར་རྗེས། འཁྲབ་འཁྲིད་པ་ཁོང་ཡང་ཡུལ་དངོས་སུ་བཅར་ནས། གློག་བརྙན་འདིའི་གཏམ་རྒྱུད་ཀྱི་བཟོ་ཁབ་སྐོར་སྟངས་དང་། ཁབ་མིག་རྒྱུ་སྟངས། ལྷག་མ་འདྲ་ལུགས། ལྷན་པ་རྒྱག་སྟངས། སྐུད་པ་སྒྲིམ་ཚུལ་སོགས་ཕྱི་ནང་གི་གབ་པ་མངོན་པའི་བརྡ་རྟགས་མང་པོ་ཞིག་ལྟད་མོ་བར་ལོངས་སྤྱོད་གནང་བས། ཟུར་ངོས་གཞན་ཞིག་ནས<ལག་དམར>དང་ཉེ་བར་བཅར་བའི་དགེ་ཕན་བསྩལ་བ་འདི་ནི་རབ་དང་མཆོག་གོ།

  གཉིས་པ། འཁྲབ་གཞུང་དང་བརྙན་མིག

  སྤྱིར་གློག་བརྙན་ནི་ཚད་ཡོད་ཀྱི་ཡུལ་དང་དུས་ཚོད་ཅིག་གི་ནང་དུ། ཚད་མེད་ཀྱི་ཡུལ་དང་དུས་ཚོད་བཞག་སྟེ། ཡུལ་དུས་ཀྱི་བྱུང་རིམ་ལ་རང་དབང་ཤས་ཆེ་བའི་གཏམ་རྒྱུད་ཅིག་སྒྲ་གཟུགས་གཉིས་ལྡན་གྱི་བརྙན་མིག་ལ་བརྟེན་ནས་བརྗོད་པར་བྱ་བའི་སྒྱུ་རྩལ་མཚོན་ཐབས་ཤིག་སྟེ། གཏམ་རྒྱུད་ཞིབ་བརྗོད་དང་། རྒྱབ་ལྗོངས་ཀྱི་རིག་གནས། མཚོན་ཐབས་དང་མཚོན་དོན། བརྙན་མིག་གི་སྐད་ཆ་དང་ཁ་དོག ཡུལ་དུས་ཀྱི་མཆོང་བསྐྱོད་དང་ཕྱིར་ལྡོག མི་སྣའི་ཁ་བརྡ་དང་རོལ་མོ། འཁྲབ་སྟོན་པའི་ཉམས་རྩལ། བརྙན་མིག་གི་སྐྱོང་སྐུམ་དང་གཅོད་གཏུབ་སོགས་ཕྱོགས་སྣ་མང་པོ་ཞིག་བསྡུས་ཤིང་བཟླུམས་པའི་རྩལ་དང་ཤེས་རབ་ཀྱི་གོང་འདུས་ཤིག་ཡིན་ན། དེ་ལྟ་བུའི་ཚད་མཐོ་བའི་སྒྱུ་རྩལ་བརྩམས་ཆོས་ཤིག་ལེགས་འགྲུབ་འབྱུང་བ་ལ། མཐུན་རྐྱེན་མང་པོ་འཛོམས་དགོས་པ་བཤད་མི་དགོས་མོད། གཙོ་བོར་འཁྲབ་འཁྲིད་པའི་སྒྱུ་རྩལ་བློ་སྦྱོང་དང་ཤེས་རབ་ལ་འབྲེལ་བ་ཏན་ཏན་ཡོད་པ་ཞིག་ལོས་ཡིན་རེད།

  སྔོན་ཆད། གུས་པས་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་སྒྲུང་དང་གློག་བརྙན་སྐོར་ཞིག་ལ་བལྟས་མྱོང་། མྱོང་སྣང་ལ་ཁོའི་བརྩམས་སྒྲུང་དང་གློག་བརྙན་གང་ཡིན་ནའང་། ཅི་ཞིག་བརྗོད་པའི་དགོངས་དོན་ཕལ་བ་དང་། ཇི་ལྟར་བརྗོད་པའི་ཐབས་ལམ་གཙོ་བོར་བཟུང་འདུག་སྙམ། ད་ཐེངས<ལག་དམར>ལ་བལྟས་པའི་ཚོར་བའང་དེ་དང་གཅིག་མཚུངས་སོ།། མ་གཞི། <ལག་དམར>ནི་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང<ལུག་ཅིག་ལྔ་ལམ་དུ་བརྫངས་པ>ཞེས་པ་དང་། དབུས་ཀྱི་རྩོམ་མཁན་ཚེ་རིང་ནོར་བུ་ལགས་ཀྱི་བརྩམས་སྒྲུང<ལག་དམར >གཉིས་ཀ་མཉམ་དུ་བསྡེབས་ཏེ་འཁྲབ་གཞུང་དུ་བཅོས་པ་ཞིག་ཡིན་སྐད། ཁོ་བོ་ཐོས་པ་ཆུང་བས<ལག་དམར>གྱི་ཕ་དང་མ་རུ་གྱུར་བའི་བརྩམས་སྒྲུང་དེ་གཉིས་ཀ་སྔོན་ཆད་ཀློག་མ་མྱོང་། འོན་ཀྱང་། ཧ་ཅང་ཉམས་མཚར་ཆེ་བ་ཞིག་ལ། གློག་བརྙན་དུ་སྒྲུང་གཉིས་མཉམ་དུ་བསྡེབས་པའི་རྗེས་སམ་ཤུལ་ལམ། གྲིབ་མ་ནི་དམིགས་པ་ཡོད་པའི་སྒོ་ནས་བསམ་བཞིན་དུ་བལྟས་ཤིང་བརྟགས་ནའང་། རབ་རིབ་མག་མོག་ཟ་ཟུར་ཙམ་ཡང་གོ་རིག་མཐོང་ཚོར་མེད་པ་ཞིག་ཏུ་བཅོས་གྲུབ་པ་ནི། པདྨ་ཚེ་བརྟན་ལགས་ཀྱི་འཁྲབ་གཞུང་གསར་རྩོམ་གྱི་ཤེས་རབ་དང་། འཁྲབ་འཁྲིད་ཀྱི་ཆུ་ཚད་དང་རྩལ་ལག་ལོས་ཡིན་འདོད་ལ། བརྩམས་སྒྲུང་འབྲི་མཁན་ཞིག་འཁྲབ་གཞུང་ལ་འཇུས་པའི་ཐུན་མོང་མ་ཡིན་པའི་ཤེད་དང་སྟོབས་ཀྱང་ལོས་ཡིན་སྙམ།

  གློག་བརྙན་ཞིག་ལ་མཚོན་ན། མི་སྣའི་ཁ་བརྡ་དང་། ཁེར་བཤད། འགྲེལ་བརྗོད་སོགས་ལས་ཀྱང་བརྙན་མིག་གིས་བརྡ་སྤྲོད་པ་མང་ཤོས་ཡིན་པས། ཧྥ་རན་སིའི་གློག་བརྙན་གཞུང་ལུགས་སྨྲ་བ་མཱ་སིར•མཱ་ཏིན་གྱིས་གློག་བརྙན་གྱི་སྐད་ཆ་ཞེས་པའི་བརྡ་དོན་གྱི་འབབ་གཞིར་བརྙན་མིག་དང་བརྙན་རིས་གཙོ་བོར་བཞག་པའི་རྒྱུ་མཚན་ཡང་དེ་ལོས་ཡིན། <ལག་དམར>གྱི་བརྙན་མིག་དང་གཏམ་རྒྱུད་མཚོན་ཐབས་ནི། ཁོང་གི་གློག་བརྙན་སྔ་མ་དག་ལས་ཆེས་ཆེར་འགོངས་ཤིང་འཕགས་འདུག་པ་མ་ཟད། ཐབས་རྩལ་དང་བརྡ་དོན་སྣ་མང་གིས་གྲུབ་པ་ཞིག་རེད་འདོད། དཔེར་ན། སྦྱིན་པ་གཉིས་ཀས་རླངས་འཁོར་ནང་ནས་ཁ་བརྡ་བྱེད་སྐབས་སོ་སོའི་གདོང་ཕྱེད་མ་གཏོགས་མི་མངོན་པ་དང་། དེས་ཕྱེད་དམ་ཆའམ་ངོས་གཉིས་སམ་དུ་མར་གྲུབ་པའི་མི་གཤིས་ཀྱི་རང་བཞིན་ཞིག་བཤད་ཀྱིན་འདུག་ལ། དོན་དུ་མིང་གཅིག་པའི་སྦྱིན་པ་གཉིས་ཀ་མི་གཅིག་ཡིན་པ་དང་། མི་གཅིག་གི་ནང་སེམས་དང་རང་གཤིས་ཀྱི་འགལ་འདུ་མཚོན་སྟངས་ཤིག་ཡིན་པའང་རྟོགས། ལུག་བསད་རྗེས་ཆུ་ནང་དུ་རླངས་འཁོར་དང་སྦྱིན་པའི་གྲིབ་གཟུགས་ཤར་པ་དང་། ནམ་མཁར་སྤྲིན་པ་ཕོན་པོ་རྒྱུ་བའི་ཚེ་ན། ཚེ་མི་རྟག་སྤྲིན་དང་གྲིབ་མའི་ངང་ཚུལ་དང་འདྲ་བའི་དཔེ་དོན་གཉིས་ཀྱི་སྣང་བརྙན་ཏབ་ཅིག་ལ་གྲུབ་སླ། ཡང་ལག་དམར་སྦྱིན་པ་ས་ནག་ལམ་གྱི་དཀྱོགས་མཚམས་སུ་སླེབས་དུས། ཏག་ཏག་མུན་རུབ་ཅིང་། ལམ་གྱི་དཀྱོགས་མགོ་དེ་ནས་མིང་གཅིག་པའི་སྦྱིན་པ་གཉིས་ཀ་ལམ་མི་འདྲ་བ་གཉིས་སུ་གྱེས་ཤིང་། ལག་དམར་འགྲོ་སའི་ལམ་དེར “ས་ནག་ལམ”ཟེར་བ་དང་། ཕྱོགས་སྟོན་གྱི་མདའ་ཐིག་ཁ་དོག་དམར་པོ་ཡིན་པ་སོགས་ཀྱིས། ལག་དམར་སྦྱིན་པ་དམར་པོ་ཁྲག་གི་ཤ་འཁོན་ལེན་པར་ལམ་ནག་པོ་ཞིག་ལ་ཞུགས་ནས་ཡོད་པའི་གཏམ་རྒྱུད་ཀྱི་དགོངས་པ་དེ། བརྙན་མིག་གི་སྐད་ཆས་མངོན་པར་མཚོན་ཞིང་གོང་དུ་བསྟད་ཡོད།

  གཞན་ཡང་། <ལག་དམར>གྱི་བརྙན་མིག་མང་པོ་ཞིག་ཞིབ་བརྗོད་ཀྱི་བརྙན་མིག་མ་ཡིན་པར་མཚོན་རྟགས་བརྙན་མིག་གིས་གྲུབ་ཡོད་པས། ང་ཚོར<ལག་དམར>ནི་གཏམ་རྒྱུད་ཅིག་ཏུ་གྲུབ་མེད་པའམ། <ལག་དམར> དུ་གཏམ་རྒྱུད་མེད་པའི་སྣང་བ་ཞིག་སྟེར་མོད། གློག་བརྙན་དང་བརྙན་འཕྲིན་ཟློས་གར་མི་འདྲ་བས། དགོས་པ་གལ་ཆེན་མེད་ན། གློག་བརྙན་ལ་བརྙན་མིག་སྐུམ་པའམ་སྡུད་རྒྱུ་ནི་ཤིན་ཏུ་གལ་སྙམ། བདག་གིས་དེ་ལ “བརྙན་མིག་གི་རྐྱོང་སྐུམ”ཟེར་གྱི་ཡོད་ལ། དེ་ནི་འཛུགས་སྐྲུན་རིག་པའི་བརྡ་ཆད་ཅིག་ནས། གློག་བརྙན་ཆེད་ལས་ཀྱི་བརྡ་ཆད་ཅིག་ཏུ་གྱུར་པའི་མཱོན་ཐྲ་ལྗི(Montage)ཞེས་པའི་དོན་དུ་གོ་ན་འགྲིག་ཅིང་། དེ་ལ་ཞིབ་བརྗོད(叙事蒙太奇)དང་མཚོན་རྟགས། (表现蒙太奇)གཉིས་སུ་དབྱེ་བ་ལས། <ལག་དམར>གྱི་བརྙན་མིག་མང་པོ་ཞིག་ནི་ཕྱི་མའི་རིགས་ཏེ། སྐུམ་ཞིང་སྡུད་པའི་བརྙན་མིག་ཏུ་གཏོགས་སྙམ། དཔེར་ན། སྦྱིན་པ་གཉིས་ཀ་ཁམས་པའི་ཇ་ཁང་དུ་སླེབས་དུས་ཀྱི་སྦྱིན་བདག་མའི་ཕྱིར་དྲན་ཁྲོད་ཀྱི་ཇ་ཁང་ཕྱི་ནང་གི་མི་སྣ་དང་ཁ་བརྡ། ཡུལ་ལྗོངས། གནམ་གཤིས། ཉམས་འགྱུར་སོགས་ནི་བརྙན་མིག་གཅིག་ཡིན་པ་དེ་དང་དེ་བཞིན་ནོ། །

  ཡང་ཁ་ལོ་བ་སྦྱིན་པ་ལམ་ལ་ཆས་པ་ནས། ལག་དམར་སྦྱིན་པར་ཐུག་རག་བར་གྱི་དུས་ཚོད་སྐར་མ་ཉི་ཤུ་ཙམ་ལ། འཁྲབ་ཚིག་ཅི་ཡང་མེད་པའི་རླངས་འཁོར་ཕྱི་ནང་གི་བརྙན་མིག་ཁོ་ནས་གྲུབ་ཡོད། གློག་བརྙན་ཧྲིལ་པོའི་དུས་ཚོད་སྐར་མ་བརྒྱད་ཅུ་ལྷག་ལས། སྐར་མ་ཉི་ཤུ་བསམ་བཞིན་དུ་འཁྲབ་ཚིག་མེད་པའི་ལམ་གྱི་བརྙན་མིག་ཅིག་ལ་འགྲོ་སོང་བཏང་བ་ནི། སྤྱིར་ན་ཕོ་ཚོད་ཆེ་བའི་གདམ་ག་ཞིག་ཡིན་མོད། <ལག་དམར>དུ་སྐར་མ་ཉི་ཤུའི་རིང་གི་ཕྱིའི་ཡུལ་ལྗོངས་ཀྱི་ཁ་དོག་དང་རྣམ་པ། ནང་གི་མི་སྣའི་བྱ་བྱེད་དང་རྣམ་འགྱུར་ཐམས་ཅད། རྗེས་ཀྱི་གཏམ་རྒྱུད་ཀྱི་འཇིགས་ཞེད་དང་སེམས་ཁྲལ་ལ་འབྲེལ་བ་ཏན་ཏན་ཡོད་ཅིང་། དེ་ཉིད་མཛེས་པར་སྤུད་པའི་རྒྱུན་དུ་གྱུར་ཡོད་པ་ནི། སྤྱིར་<ལག་དམར>གྱི་བརྙན་མིག་གི་རྒྱན་དང་། སྒོས་པདྨ་ཚེ་བརྟན་གྱི་འཁྲབ་འཁྲིད་ཀྱི་ཆུ་ཚད། བྱེ་བྲག་སྦྱིན་པའི་འཁྲབ་སྟོན་གྱི་རྩལ་ཅིག་ཀྱང་རེད་འདོད་དོ།།

  དེ་མིན་གློག་བརྙན་འདིའི་རོལ་མོ་དང་ཁ་དོག བྱེ་བྲག་གི་བརྙན་མིག་མང་པོ་ཞིག་གི་མཚོན་ཐབས་སོགས་ནི་ཧ་ཅང་ཡག་ནའང་། རེ་རེ་བཞིན་བརྗོད་པའི་ཤེས་རབ་ཀྱིས་དབུལ་ཞིང་རྒྱུན་ཤེས་ཀྱིས་རྨོངས་པས་རེ་ཞིག་བསྐྱུར་བར་བྱ།

  གསུམ་པ། སྙིང་རྗེ་དང་རྣམ་རྟོག

  བོད་ནི་རྣམ་རྟོག་ཅན་གྱི་མི་རིགས་ཤིག་རེད། སྤྱིར་མི་ནི་རྣམ་རྟོག་ཅན་གྱི་སྲོག་ཆགས་ཤིག་རེད། མིའི་རིགས་ཀྱི་རྒྱུད་ལ་རྣམ་རྟོག་གི་ས་བོན་དུས་ག་ཚོད་ཅིག་ལ་འབུས་པ་དང་། རྐྱེན་ཅི་ལ་ཕྲད་དེ་འབུས་པ་ནི་བཤད་པར་དཀའ་ནའང་། དེ་ནི་ཆོས་ལུགས་ཀྱི་སེམས་ཁམས་ཁོ་ནར་གཏོགས་པ་ཞིག་མ་ཡིན་པར། མིའི་ལྷན་སྐྱེས་ཀྱི་རང་བཞིན་ཞིག་སྟེ། རྨོངས་པ་དང་འཇིགས་པར་འཕྲད་དུས་ཀྱི་ནང་སེམས་ཀྱི་གཉོས་སོ་མངོན་སྟངས་ཤིག་ལོས་ཡིན་སྙམ།

  དེས་ན། ང་ཚོ་མི་སྣ་གཙོ་བོ་ཁ་ལོ་བ་སྦྱིན་པས་ཐེངས་བཞི་ལ་བཟླས་པའི “ལྟས་ངན”ཞེས་པའི་འཁྲབ་ཚིག་དམིགས་བསལ་བ་འདིའི་སྣེ་མོར་འཇུས་ནས་ལུག་གཅིག་ལྔ་ལམ་དུ་བརྫངས་པའི་གཏམ་རྒྱུད་ཀྱི་སྤྱི་ཁོག་མྱུལ་ན། ཁ་ལོ་པ་སྦྱིན་པ་སྟབས་ཉེས་ནས་ས་སྟོང་ལུང་སྟོང་ཞིག་ནས་ལུག་གཅིག་བསད་པ་དང་། དེའི་དོན་དུ་སེམས་ཁྲལ་བྱས་པ། དེར་བསྔོ་སྨོན་ཞུས་པ། ཞུ་རྟེན་ལ་སྒོར་ལྔ་བརྒྱ་བྱིན་པ། མཐར་ལུག་རོ་དུར་ཁྲོད་དུ་བསྐྱལ་ནས་བྱ་སྦྱིན་གནང་བའི་བྱ་བྱེད་མཚར་པོ་དེ་ནི། སྡིག་བཤགས་དང་སྦྱིན་པ་དང་བརྩེ་བ་སོགས་ཀྱི་སྟེང་དུ་སྦྱོར་བ་ལས། ཁོའི་ནང་སེམས་ཀྱི་རྣམ་རྟོག་ཅིག་གམ་འཇིགས་སྐྲག་ཅིག་དང་སྐྱ་བཏབ་ནས་ཡོད་ཅེས་ན་གཏམ་རྒྱུད་དང་ལྷག་ཏུ་ཐག་ཉེ་ལ། འཚོ་བ་དངོས་དང་སྦྱར་ནའང་སྦྱོར་བདེ་བོ་ཞིག་རེད་སྙམ། དེ་མིན་ན། རང་ཅག་ཚོར་དུད་འགྲོ་ཞིག་ལ་བསྔོ་བ་ཞུས་ཞིང་། དུར་ཁྲོད་དུ་བྱ་སྦྱིན་གནང་བའི་སྲོལ་ཀ་ཡོད་ཚོད་མ་རེད་ལ། སྲོལ་ཀ་དེ་འདྲ་བ་ནི་དགེ་བའམ་སྙིང་རྗེ་ཆེན་པོའི་ཀུན་སྤྱོད་ཅིག་ཏུ་ལྟ་བའི་འདོད་ལུགས་ཀྱང་ཡོད་ཚོད་མིན་ཨང་། འོན་ཀྱང་། མི་རྣམ་རྟོག་གིས་སྨྱོས་ན་མི་ལས་དགུ་ལས་དྲན་ལ། མི་འཇིགས་ཞེད་ཀྱིས་དེད་ན་ཅི་བྱེད་འདི་བྱེད་མེད་པའི་སྦྱོར་བ་མཚར་པོ་རེའང་འབྱུང་ངེས་པས། ལུག་རོ་དང་འབྲེལ་བའི་སྦྱོར་བ་དེ་ནི། ཁ་ལོ་བ་སྦྱིན་པ་འཇིགས་ཞེད་དང་རྣམ་རྟོག་གིས་བསྡམས་སྐབས། འཇིགས་པ་དང་རྣམ་རྟོག་སེལ་ཐབས་ཀྱི་ “ཆོ་ག”ལྟ་བུ་ཞིག་ལས། བརྩེ་བ་དང་སྙིང་རྗེས་བསྐུལ་བའི “སྦྱིན་པ”ཞིག་རེད་ཅེས་ན་ཐལ་འགྲོ་སྙམ།

  སྤྱིར་བཏང་དུ། ཐང་སྟོང་ཞིག་ནས་ལུག་གཅིག་བསད་ཚེ། དེ་མ་ཐག་ཏུ། མ་འགྲིག སྡིག་པ་བསགས་སོང་འདོད་མཁན་དང་། ལྟས་ངན་དུ་ལྟ་ཞིང་རྣམ་རྟོག་སྐྱེ་མཁན། ལུག་ལ་བདག་པོ་མེད་པས་ལུག་ཤ་རང་ལ་འཐོབ་འགྲོ་འདོད་མཁན། ཡང་ལུག་བདག་ཐོན་ན་སྣོག་ཨེ་རྒྱག་སྙམ་སྟེ་ལམ་སང་འབྲོ་མཁན་སོགས་ཅི་རིགས་ཡོད་སྲིད། གཏམ་རྒྱུད་འདིར་སྦྱིན་པས་རང་གིས་ལུག་ཅིག་བསད་པ་མཐོང་མ་ཐག་མ་ཎི་མ་བཏོན་ལ། ཁ་ནས་སྡིག་བཤགས་ཀྱི་སྐད་ཆ་ཡང་མ་ཐོན། འོན་ཀྱང་། ལག་དམར་སྦྱིན་པ་རླངས་འཁོར་དུ་བསྡད་རྗེས། ཁོས “ལྟས་ངན་རེད། ས་སྟོང་ནས་ལུག་ཅིག་བསད་སོང”ཞེས་བཤད། དེ་ནས་ཅུང་ཙམ་འགོར་རྗེས། ཡང་བསྐྱར། “དེ་རིང་ལྟས་ངན་རེད། ད་ཆག་སྒོ་མ་བྱུང་ན་འགྲིག བརྒྱ་ཆ་བརྒྱ་ཆ་ལྟས་ངན་རེད།”ཅེས་བཤད་། དེའི་རྗེས་སུ། དགོན་པར་སོང་ནས་བསྔོ་བ་ཞུ་དུས་ཀྱང་། “ལྟས་ངན་འདྲ་ཨེ་ཡིན་ནམ། བསྔོ་བ་ཞིག་བྱེད་དགོས”ཞེས་ཞུས་པ་ལས། ལུག་གཅིག་བསད་པའི་སྡིག་བཤགས་སུ་བསྔོ་བ་ཞུ་ལུགས་ཀྱི་སྐད་ཆ་ཚིག་གཅིག་མ་བཤད་པར་བལྟས་ན། ཁོའི་སེམས་སུ་ལྗིད་ཏིག་གེར་ལྷུང་བའི་སེམས་ཁྲལ་གྱི་ཁུར་པོ་དེ་ནི། ཁྲག་དམར་ཙར་ཙར་གྱི་ལུག་རོ་མ་ཡིན་ལ། ལུག་ཅིག་ལྔ་ལམ་དུ་བརྫངས་པའི་བྱས་ཉེས་ཀྱི་འགྱོད་གདུང་ཡང་མ་ཡིན་པར། ས་སྟོང་ལུང་སྟོང་དེ་ནས། གར་ཡོང་མི་ཤེས་པའི་ལུག་ཅིག་བསད་པའི་ནང་སེམས་ཀྱི་རྣམ་རྟོག་དང་འཇིགས་ཞེད་ཡིན་པ་འདྲ།

  <ལག་དམར>གྱི་གཏམ་རྒྱུད་སྤྱིའི་ཐིག་རྩ་དེད་དེ་སོང་ན། ལུག་ཅིག་ལྔ་ལམ་དུ་བརྫངས་རྗེས་ཀྱི་སྦྱིན་པའི་བྱ་བྱེད་དག་ནི། སྙིང་རྗེ་དང་བརྩེ་བའི་མདོ་དོན(主题)ཞིག་ཏུ་བཞག་འདུག་ལ། འཁྲབ་འཁྲིད་པ་རང་གིས་ཀྱང་དེ་འདྲ་ཞིག་ཏུ་འགྲེལ་བཤད་གནང་གིན་འདུག་མོད། སྦྱིན་པས་ལྟས་ངན་ཞེས་པའི་སྐད་ཆ་ཐེངས་བཞི་ལ་བཟླས་པ་ཡིས། ང་ཚོའི་འདང་རྒྱག་གི་རྟ་ཁའང་སྙིང་རྗེ་དང་བརྩེ་བའི་རབ་ཁ་ནས། ལྟས་ངན་དང་རྣམ་རྟོག་གི་གཤམ་ཁར་མི་དཀྱོགས་ཐབས་མེད་བཟོས་སོང་ཨང་།

  ཁོ་བོས་ལུག་རོ་དང་འབྲེལ་བའི་སྦྱིན་པའི་བྱ་བྱེད་དེ་རྣམ་རྟོག་གི་སེམས་བྱུང་ཞིག་ཏུ་ངོས་འཛིན་དོན་ནི། ལྟས་ངན་རེད་ཅེས་པའི་སྐད་ཆ་ཁོ་ནས་ཀྱང་མ་ཡིན། གལ་ཏེ། འདི་ཉིད་རྣམ་རྟོག་ཅིག་ལ་ངོས་བཟུང་ན། གཏམ་རྒྱུད་ཀྱི་ཕྱེད་ཕྱི་མའི་འབྲེལ་ཐག་ལྟ་བུའང་ཉན་འདུག་སྟེ། ཁོ་རང་ལག་དམར་སྦྱིན་པར་ཕྲད་པ་ནི། ཁོས་ས་སྟོང་ནས་ལུག་ཅིག་བསད་པ་ལྟས་ངན་དུ་བསྒོམས་པའི་རྣམ་རྟོག་གི “འབྲས་བུ”ཡིན་ལ། ལུག་རོ་ཁུར་ནས་བསྔོ་བ་ཞུས་པ་སོགས་ཀྱང་། ལྟས་ངན་བཟློག་པའི “ཆོ་ག”ཙམ་དུ་ངོས་བཟུང་ན་མ་གཏོགས། དེ་ལས་འདས་པའི་ཆོས་དང་རིག་གནས་ཀྱི་ནང་རྫོང་བརྩིགས་པའི་བོད་མི་ཞིག་གི་བརྩེ་བ་དང་ཐེག་པ་དང་སེམས་དཔའ་ཆེན་པོའི་སྙིང་ཁམས་བཞེངས་ཡོད་ཟེར་ན་འུད་དུ་མི་འགྲོའམ་སྙམ་པའི་དོགས་པའང་ཆེ། སྤྱིར་རང་ཅག་ལ་སྙིང་རྗེ་དང་བརྩེ་བ་དང་སྦྱིན་པའི་སྙིང་སྟོབས་བླ་ན་མེད་པ་ཞིག་གཤིས་སུ་གྲུབ་ཅིང་ལས་སུ་གཉེར་ནས་ཡོད་ནའང་། སྦྱིན་པའི་ “སྦྱིན་པ”འདི་ལྟ་བུའི་དངོས་ཡོད་འཚོ་བ་མེད་པ་མ་ཟད། འདི་འདྲ་བའི་རྨི་ལམ་དང་སྨོན་འདུན་ཞིག་ཀྱང་ཡོད་རེ་དཀའ་ཨང་།

  བཞི་པ། དགེ་སྡིག་དང་འགལ་འདུ།

  མི་སེམས་ནི་དགེ་སྡིག་གཉིས་ལས་གྲུབ། མི་ནི་དགེ་སྡིག་གཉིས་ཀྱི་སྦྱོར་བར་བརྟེན་ཞིང་འཚོ། མི་སེམས་ནི་འགལ་འདུ་ལས་གྲུབ། མི་ནི་འགལ་འདུ་སྣ་ཚོགས་ཀྱིས་དམ་དུ་བཏགས། མི་སེམས་ནི་བརྩེ་གདུང་གིས་གྲུབ། མི་ནི་བརྩེ་གདུང་གིས་གསོན་ཞིང་འཆི། <ལག་དམར>ཀྱིས་མི་རིགས་ཤིག་གི་རིག་གནས་ལྟ་གྲུབ་ཀྱི་སྙིང་པོ་མཚོན་ཡོད་ཟེར་བ་ལས། མི་ཞིག་གི་རང་སེམས་ཀྱི་འགལ་འདུ་དང་ཆགས་སྡང་དང་ཁེར་རྐྱང་སོགས་མཚོན་ཡོད་ཟེར་ན་ལྷག་ཏུ་འགྲིག་ལ། <ལག་དམར>ནི་མི་རིགས་ཤིག་གི་འཚོ་བའི་བྲིས་རིས་ཡིན་ཟེར་བ་ལས། མི་སྒེར་རང་མཚན་པ་ཞིག་གི་སེམས་ཁམས་ཀྱི་སྐྱ་རིས་ཡིན་ཟེར་ན་ལྷག་ཏུ་འགྲིག་སྙམ། <ལག་དམར>དུ་སྦྱིན་པ་གཉིས་བྱུང་ནའང་། དོན་དུ་དེ་ནི་མི་གཅིག་གི་རང་གཤིས་དང་། ནང་སེམས། འཚོ་བ། རྨི་ལམ། དད་མོས་སོགས་ཀྱི་ངོས་མི་འདྲ་བའམ། འགལ་བའམ། བར་ཐག་གམ། གས་ཁ་མཚོན་པའི་ཆེད་བཟོས་ཀྱི་བརྡ་དོན་ཞིག་རེད།

  འཁྲབ་འཁྲིད་པས་བསམ་བཞིན་དུ་ལག་དམར་སྦྱིན་པར་དགྲ་ཤ་ལེན་དུ་མ་བཅུག་པར་ཕྱིར་མངགས་པ་ནི། <ལག་དམར>གྱི་མདོ་དོན་ཏེ། སྙིང་རྗེ་དང་བརྩེ་བ་དང་སྦྱིན་པའི་མཚོན་དོན་མཐོ་རླབས་སུ་འདེད་འདོད་པ་ཞིག་དང་། ཡང་ན་དེ་ལས་ཀྱང་ཟབ་པའི་བསམ་བློ་སྟེ། མི་གཤིས་ཀྱི་དགེ་བའི་སྟོབས་ཀྱིས་སྡིག་པའི་རང་བཞིན་འདུལ་བར་ནུས་པའི་མི་གཤིས་དང་མཚན་ཉིད་རིག་པའི་ལྟ་གྲུབ་ཀྱི་ཟབ་ས་ཞིག་ལའང་སྙོབ་རྩིས་ཡིན་པ་འདྲ་ལ། གཏམ་རྒྱུད་སྤྱིའི་སྒྲིག་གཞིར་བལྟས་ནའང་དེ་འདྲ་ཞིག་ཡིན་དགོས་པའམ་ཡིན་འོས་ནའང་། མཐར་ཁ་ལོ་བ་སྦྱིན་པས་རྨི་ལམ་ནང་ནས་ལག་དམར་སྦྱིན་པའི་ཆ་ལུགས་བྱས་ཏེ་རྒན་པོ་དམར་ཙ་བསད་པ་ཡིས། གོང་ཞུས་ཀྱི་མཚན་ཉིད་རིག་པའི་བསམ་བློའི་ཟབ་ཚད་དེ་རྨེག་མེད་དུ་བཟོས་ཤིང་། མི་གཤིས་ཀྱི་སྡིག་པའི་ཆ་ནི་ག་དུས་ཡང་གཞོམ་དུ་མེད་པ་ཞིག་གམ། ཡང་ན། སྦྱིན་པའི་ནང་སེམས་ཀྱི་ཤ་འཁོན་ནི། ད་རུང་ཡང་གདིང་གདིང་ཞིག་ན་སྲ་མཁྲེགས་གེར་ལུས་བསྡད་ཡོད་པ་ཞིག་ཏུ་བསྐྲུན་ཡོད།

  འཁྲབ་འཁྲིད་པས་ཡུལ་དངོས་གནས་རྨི་ལམ་གྱི་སྐོར་ལ་འགྲེལ་བཤད་གནང་བ་དང་། གློག་བརྙན་གྱི་མཇུག་ཏུ་རྨི་ལམ་དང་འབྲེལ་བའི་ཚིག་ཐུང་ཞིག་ཡོད་པ་གང་ལ་བལྟས་ནའང་། འཁྲབ་འཁྲིད་པའི་རྨི་ལམ་དེ་འདྲ་ཞིག་བཟོས་པའི་དམིགས་པ་ནི་ཧ་ཅང་གསལ་ཐག་ཆོད་ནའང་། མ་བསམ་ས་ནས་རྨི་ལམ་དེས་འཁྲབ་འཁྲིད་པའི་འདོད་འདུན་དང་གཏམ་རྒྱུད་ཧྲིལ་པོར “ངོ་ལོག”བྱས་འདུག་སྙམ། འོན་ཀྱང་། དེ་ནི་ཉེས་པ་དང་སྐྱོན་དུ་བརྗོད་ཀྱང་མི་རིགས་ཏེ། ང་ཚོས་རྨི་ལམ་འདི་ནི་དགེ་སྡིག་གཉིས་སུ་རྒྱལ་སུ་ཕམ་གྱི་འགྲན་སྡུར་ལྟ་བུ་ཞིག་ལ་ངོས་མ་བཟུང་པར། མི་གཤིས་ཀྱི་འགལ་འདུ་ཞིག་ལ་ངོས་བཟུང་ནའང་འགྲིག་ནི་འགྲིག་མོད། བརྒྱ་ལ་དེ་ལྟར་གོ་བ་བླངས་ན། གཏམ་རྒྱུད་ཧྲིལ་པོའི་གཞུང་ཤིང་གུག་འགྲོ་སྙམ་པའི་སེམས་ཁྲལ་སྐྱེའོ།།

  ལྔ་པ། རྗེས་ལུས་དང“རྗེས་ལུས།”

  རྨི་ལམ་གྱི་ནང་དུ་བྱ་རྒོད་ཅིག་རང་དབང་གིས་འཕུར་བ་དེ། གློ་བུར་ལ་གནམ་གྲུ་ཞིག་ལ་འགྱུར་བ་ནི་དེང་རབས་དང་རྗེས་ལུས། སྲོལ་རྒྱུན་དང་གསར་པ། ཡང་ན། མི་རིགས་དང་འཛམ་གླིང་གི་མཚོན་དོན་དུ་འཁྲབ་འཁྲིད་པ་རང་གིས་གསལ་པོར་སྨྲས་བྱུང་ལ། དཔྱད་བརྗོད་པ་རེ་གཉིས་ཀྱིས་ཀྱང་དེ་ལུགས་སུ་དཔྱད་པ་མཐོང་། འོན་ཀྱང་། བདག་གི་སྣང་བ་ཞིག་ལ། པདྨ་ཚེ་བརྟན་ལགས་ཀྱིས་རྗེས་ལུས་དང་དེང་རབས་ཀྱི་མཚོན་རྟགས་སུ། བྱ་རྒོད་ཅིག་གནམ་གྲུར་གྱུར་པའི་བརྙན་མིག་བཀོལ་བ་ནི། མཚོན་ཐབས་ཧ་ཅང་རྡུགས་ཐུག་ཅིག་གམ། ཤིན་ཏུ་རྗེས་ལུས་ཤིག་རེད་འདོད། ཡང་ན་ལག་དམར་གྱི་གཏམ་རྒྱུད་དང་འབྲེལ་བ་ཡེ་མེད་པའམ། དེ་རིང་གི་དུས་ཚོད་འདིར་དགོས་པ་ཡེ་མེད་པའི་བརྙན་མིག་ལྷག་མ་ཞིག་ཀྱང་མིན་ནམ་སྙམ། གློག་བརྙན་འདི་མི་ལོ་ཉི་ཤུའི་ཡར་སྔོན་དུ་བྱུང་པ་ཡིན་ན། ལྟ་མཁན་གྱི་སྣང་བར་མཚོན་ཐབས་འདི་ཡག་ལ་མཚོན་དོན་ཡང་ཟབ་པ་འདྲ་བོར་སྣང་སྲིད་མོད། དུས་དེ་རིང་། <ལག་དམར> དུ་བརྙན་མིག་འདི་བྱུང་བ་ཡིན་ན། ཁོ་བོའི་ཡིད་ལ་རང་གྲོལ་ལགས་ཀྱི<རྐང་ལམ་ཕྲ་མོ>དྲན་དུ་བཅུག་པ་ཙམ་ལས། ཚོར་བ་དང་རྟོག་པ་ཕྲ་མོ་ཙམ་ཡང་བསྐྱེད་པར་མ་ནུས་པས། པདྨ་ཚེ་བརྟན་ལགས་ཀྱིས་མི་རིགས་འདིའི་རྗེས་ལུས་ཀྱི་མཚོན་ཐབས་སུ་གནམ་གྲུ་ཞིག་བཞག་པ་ནི། <ལག་དམར>གྱི་སྒྱུ་རྩལ་མཚོན་ཐབས “རྗེས་ལུས”ཤིག་རེད་འདོད་དོ།།

  གཞན་ཡང་གློག་བརྙན་འདིའི་མཚོན་ཐབས་ཀྱི་མཛེས་པ་ནི་སང་རས་ལྟ་བུ་ཞིག་ཡིན་ན། གློག་བརྙན་གྱི་མཇུག་ན་ཡོད་པའི་རྨི་ལམ་དང་འབྲེལ་བའི་གཏམ་དཔེ་དེ་ནི་ཁེ་གྲིའམ་ཐག་པ་ཞིག་དང་འདྲ་སྟེ། དེས་མི་སེམས་ཀྱི་དབང་བོ་མཚར་སྣང་གིས་བྲིད་པའི་ཡིད་འོང་གི་སང་རས་ཧྲུལ་ཧྲུལ་གཙབས་ཤིང་དམ་པོར་བསྡམས་སོང་བའི་སྣང་བ་ཞིག་སྟེར་བས། དེ་ནི་གློག་བརྙན་འདིའི་མཚོན་ཐབས་ཀྱི་སྐྱོན་ཆ་ཞིག་ཏུ་མི་བགྲངས་ཐབས་མེད་རེད།

  དྲུག་པ། བོད་བརྙན་དང<ལག་དམར>

  སྤྱིར་བོད་པ་འཁྲབ་འཁྲིད་པས་བཟོས་པའི་གློག་བརྙན་ཕལ་ཆེ་བ། བོད་ཀྱི་འཚོ་བ་མཚོན་པའི་གཏམ་རྒྱུད་གང་རུང་ཞིག་གིས་གྲུབ་ཡོད་ལ། དེས་བོད་ཀྱི་རིག་གནས་ཀྱི་སྙིང་སྟོབས་སམ། འཚོ་བའི་ངོ་བོ། རིན་ཐང་ལྟ་བ་སོགས་གཏིང་ཟབ་མོར་མཚོན་ནས་ཡོད་ལུགས་ཀྱི་སྐད་ཆ་ནི། འཁྲབ་འཁྲིད་པ་དང་ལྟད་མོ་བ། དཔྱད་བརྗོད་པ་སོགས་མང་པོ་ཞིག་གིས་གླེང་གི་ཡོད་ལ། གློག་བརྙན་རང་ངོས་ཀྱི་གཏམ་རྒྱུད་ཀྱི་ཕྱི་ཚུལ་ནས་བལྟས་ན། བདེན་བདེན་བདེན་འགྲིག་འགྲིག་ཅིག་ཏུ་སྣང་བ་དང་། བོད་ཀྱི་རིག་གནས་ལ་ཆ་རྒྱུས་མེད་པའི་མི་རིགས་གཞན་གྱི་བསམ་པར་ཡ་མཚན་པ་ཞིག་ཏུ་འདོད་ཀྱི་ཡོད་མོད། བོད་མི་ཞིག་གིས་བོད་ཀྱི་རིག་གནས་ལྟ་གྲུབ་དང་། བག་ཆགས་འདུ་ཤེས། ཡུལ་སྲོལ་དད་མོས་སོགས་ཀྱི་ངོས་ནས། བོད་ཀྱི་འཚོ་བ་མཚོན་པའི་གློག་བརྙན་ཞིག་ལ་བལྟས་ན། ཁོ་ཚོས་བོད་ཀྱི་འཚོ་བའམ་རིག་གནས་ཀྱི་ཕྱིའི་སྣང་ཚུལ་ཙམ་རབ་རིབ་མག་མོག་སད་སུད་ཅིག་ཏུ་བཟོས་ཡོད་པ་ལས། བོད་ཀྱི་རིག་གནས་ཀྱི་རྐང་མར་ཟིན་པ་ནི་མི་འདུག བློ་ཕམ་པ་ཞིག་ལ<ལག་དམར>གྱིས་ཀྱང་ཁོང་གི་གློག་བརྙན་གཞན་དག་དང་འདྲ་བར་དགོངས་དོན་གྱི་ལྗིད་ཤུགས་དེ་བོར་འདུག་སྙམ་མོ།། ཁོ་བོས་དེ་སྔོན<ལག་དམར>གྱི་གཏིང་ན་མི་རིགས་ཀྱི་ཤ་རྩི་དང་སྙིང་ཁྲག་མི་འདུག་ཅེས་བཤད་པར། གློག་བརྙན་ཅིག་ལ་སྒྱུ་རྩལ་གྱི་མཚོན་ཐབས་དང་། མིའི་རྩ་བའི་རང་བཞིན་དང་།མིའི་རིགས་དང་རང་བྱུང་ཁམས་མཚོན་པའི་དགོངས་དོན་ལས། མི་རིགས་ཤིག་གི་ཡུལ་སྲོལ་རིག་གནས་སོགས་ལ་ཁ་འཕྲོད་དགོས་དོན་མི་འདུག་ཅེས་ཏེ་སྨྲ་མཁན་ཡང་ཡོད། ལོས་ཡིན་ཏེ། གློག་བརྙན་ཞིག་གིས་འགྲོ་བ་ཐུན་མོང་གི་ཚེ་སྲོག་དང་། རང་དབང་། སྐྱིད་སྡུག མིའི་ནང་སེམས་ཀྱི་འགལ་འདུ་སོགས་མངོན་པར་མཚོན་ནུས་ན་དེ་ནི་བཟང་དང་རྒྱན་དུ་བརྩི་རིགས་པ་འཁྲུལ་མེད་ཡིན།

  འོན་ཀྱང་། གློག་བརྙན་ཞིག་ཡིན་ན་གཏམ་རྒྱུད་དང་ཁ་འབྲལ་ཐབས་ཡེ་མེད། གཏམ་རྒྱུད་དེ་ནི་མི་རིགས་དང་ཡུལ་ལུང་། རིག་གནས་དང་དད་མོས་གང་ལ་གཏོགས་ནའང་ཆོག་པ་ཞིག་རེད། གློག་བརྙན་གྲགས་ཅན། <གནམ་གྱི་སྤྱན>ལྟ་བུར་མཚོན་ན། གཏམ་རྒྱུད་ནི་ཚེ་སྲོག་གི་འཇིགས་པ་དང་ཕྲད་དུས་ཀྱི་མིའི་ནང་སེམས་ཀྱི་འགལ་འདུ་དང་། རང་དབང་དང་འདྲ་མཉམ་གྱི་འགལ་འདུ། འདོད་འདུན་དང་སྒྲིག་ཁྲིམས་ཀྱི་འགལ་འདུ། ཡང་ན་སྙིང་རྗེ་དང་གདུག་རྩུབ་ཀྱི་འཐབ་རྩོད་ཅིག་ཡིན་མོད། གཏམ་རྒྱུད་ཀྱི་གཏིང་ན། ཡུལ་ལུང་དང་རྒྱབ་ཁབ་ཞིག་གི་ཆབ་སྲིད་དང་ཁྲིམས་ལུགས། ཚན་རིག་དང་མི་ཆོས་ཀྱི་སྙིང་སྟོབས་ལྡེམ་མེར་ལྷིང་ངེར་བསྐྱིལ་ཞིང་མངོན་ནས་ཡོད་ཨང་།

  བོད་མི་འཁྲབ་འཁྲིད་པ་ཞིག་ཡིན་ན། ཡིན་ཅིག་མིན་གཉིས་བོད་ཀྱི་འཚོ་བ་བྲི་དགོས་པའི་ངེས་པ་མེད་ནའང་། བརྒྱ་ལ་གློག་བརྙན་ཞིག་ཏུ་བོད་ཀྱི་འཚོ་བའི་གཏམ་རྒྱུད་བྲིས་པ་ཡིན་ན། དེ་ནི་ཕྱི་ཚུལ་གྱི “ཁྱབ་སྒྲོག”ཙམ་མ་ཡིན་པར་ནང་སྙིང་ཟིན་པར་བྱ་རྒྱུ་ནི་གནད་དང་འགག་ཡིན་ལ། དེ་ནི་སྒྱུ་རྩལ་གྱི་མཛེས་པས་ཐེག་དགོས་པའི་དགོངས་དོན་གྱི་ལྗིད་ཚད་ཀྱང་ཡིན་ནོ།། དེ་ལྟར། དགོངས་དོན་གྱི་སྙིང་པོ་དང་རྩ་བ་དང་སྲོག་རྩར་བབས་ནས་བཤད་ན། ཁོ་བོའི་སྣང་བར། ལུག་རོ་ཞིག་དགོན་པར་ཁྱེེར་ནས་བསྔོ་བ་ཞུས་ཤིང་། དུར་ཁྲོད་དུ་བསྐྱལ་ནས་བྱ་སྦྱིན་གནང་བའི<ལག་དམར>གྱི་གཏམ་རྒྱུད་ལས། ཤན་པ་ཞིག་གིས་སྡིག་བཤགས་ཀྱི་སེམས་དཔང་བསྟད་དེ། རྐྱང་ཕྱག་འཚལ་བཞིན་དབུས་ལམ་སྙེག་དུས། མདུན་ཕྱོགས་སུ་ངལ་དུབ་ཀྱིས་བསྲིངས་པའི་ཐལ་མོའི་སྣེ་ན། འབུ་ཕྲན་ཞིག་འགྲོ་བཞིན་ཡོད་པ་ལག་པས་བླངས་ཤིང་། ལམ་གྱི་མར་གཤམ་དུ “ཚེ་ཐར”བཏང་བའི་<གངས་རིན་པོ་ཆེ>འི་གཏམ་རྒྱུད་ཀྱི་བརྙན་མིག་དེ་ཡག་ཅིང་ཟབ་བོ།།

  བདུན་པ། མི་ཕོ་དང་རྒྱབ་སྐྱོར།

  “ཨ་ཕ། <ལག་དམར>ལ་ཨེ་བལྟས།”

  “བལྟས་བཞག རིན་མེད་དུ་ལྟ་བའི་གོ་སྐབས་བྱུང་སོང་།”

  “རིན་མེད་དུ་བལྟས་ན་མི་འགྲིག ཡིན་ཅིག་མིན་གཉིས་རིན་པ་བྱིན་ཏེ་ཚར་གཅིག་ལྟོས། དེ་ནི་རྒྱབ་སྐྱོར་ཆེན་པོ་རེད།”

  <ལག་དམར>ལ་བལྟས་ཏེ་ཉིན་གཉིས་འགོར་རྗེས། ང་དང་དགེ་རྒན་སྐོར་ཞིག་མཉམ་དུ་བསྡད་ཅིང་། ཇ་ཐོག་ནས<ལག་དམར>སྐོར་ལ་སོ་སོའི་མྱོང་སྣང་བརྗོད་སྐབས། བདག་གི་དགེ་རྒན་ཞིག་གིས་གོང་གི་ཁ་བརྡ་ཐུང་ངུ་དེ་ཁོས་ད་རུང་ཡང་<ལག་དམར་>ཚར་གཅིག་བལྟ་དགོས་པའི་རྒྱུ་མཚན་དུ་བགྲངས་བྱུང་། དགེ་རྒན་གྱི་བུ་མོའི་སྐད་ཆ་དེར་ང་རང་སེམས་འགུལ་ཆེན་པོ་ཐེབས་སོང་།

  རེད་དེ། པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་མི་ཕོ་ཞིག་རེད། ཁོང་གིས་པདྨ་ཚེ་བརྟན་ཞེས་པའི་མིང་བྱང་འདི་ཁུར་ནས་ས་ལྒང་གི་ཤར་ནུབ་ཀུན་ཏུ་རྒྱུ་ཞིང་། གློག་བརྙན་ལས་རིགས་སུ་མཚན་སྙན་རྒྱས་པར་རང་ཅག་སུ་ཡིན་ཡང་དགའ་ཞིང་གུས་ཤིང་བསྟོད་པར་རིགས་ལ། མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་འོས། ཡང་པདྨ་ཚེ་བརྟན་དང་པདྨ་ཚེ་བརྟན་ལྟ་བུ་དག་གིས་ཀྱང་། ཁོང་ལ་རེ་བཞག་དང་རྒྱབ་སྐྱོར་ཚད་མེད་གནང་མཁན་གྱི་རིགས་གཅིག་སྤུན་ཟླ་ཀུན་གྱི་བརྩེ་གདུང་དང་ཤ་རྩི་སྣང་མེད་དུ་མི་འཇོག་པར་གོམ་གང་མདུན་སྤོས་ཀྱི་སྒྱུ་རྩལ་གྱི་ལས་རིགས་སུ་འབད་ཅིང་། སྔར་བས་ཀྱང་གྲུབ་འབྲས་ལོན་པའི་རེ་བ་དང་སྨོན་འདུན་སྙིང་ནས་ཞུའོ།།
 
རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན《ལག་དམར》དང་གླེང་སྟངས་ཤིག

2019-05-07 ཐེའུ་རང་།(ཁྲིན་ཏུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།