མུན་པའི་གླིང་གི་ཁྱེད།

བཅུད་པར་རྫ་སྐྱེས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-07

                          _____ན་གཞོན་སྙན་ངག་པ་ཁྲི་སེམས་དཔའི<<མཚན་མོ་ཡ་མཚན་མོ>>ཞེས་པ་བཀླགས་རྗེས་ཀྱི་ཚོར་སྣང་མྱུར་བྲིས་མ།

དོ་ནུབ  རྡ་སའི་གཙང་ངོགས་ན  མཚན་ལྗོངས་རིང་མོ
ངའི་སེམས་པ་རྨས་སའི་ཐང་སྟོང་གི་ལ་རིང་ཡིན
ས་སྲོད་ཀྱི་རྨི་ལམ་ཟབ་ས་ན  ཁྱེད་ཀྱིས་ཁེར་རྐྱང་གི་མེ་ཁ་གསོ་དུས
ངའི་སེམས་གཏིང་ན་འཐིབས་པའི་མཚན་མོ་འདིའི་སྟོན་ནམ་ཁྲོད་ན
ཁྱེད་རང  མུན་པའི་གཏིང་རིམ་ལ་འཁྱིལ་བའི་རྒྱང་འབོད་ཐོག་མ་ཡིན

དེ་རིང་ཐོབ་ཤོར་མང་བའི་ང་ཚོ་ལ་མུན་ནག་གི་རྫི་བོ་ཧ་ཅང་ཉུང
དོ་ནུབ་རྒྱང་རིང་ན  ཁྱེད་རང་ངའི་དྲན་ཤིང་རྨས་པའི་ཟླ་བ་ཆུང་ཆུང་བཞིན
སེམས་པའི་གཏིང་རིམ་དཀྲོག་པའི་མཚན་མོ་འདིའི་རྔོན་པ་ཡིན
རྒྱང་རིང་གི་སྐར་ཚོགས་འདི  ད་དུང  མུན་ཁྲོད་ན་འཕྱི་དྲགས་ཀྱང
སང་ཉིན་གྱི་མཚན་མོ་འདི  རྨས་ཟིན་པའི་སེམས་གཏིང་གི་རྨ་ཁ་ཡིན

དོ་ནུབ  རྡ་སའི་གཙང་ངོགས་ནས་རྒྱང་རིང་ལ་ཉན་དུས
བྱེ་ཐང་གི་གྲམ་རླུང་རྒོད་ས་ནས་ཁྱི་སྤྱང་གིས་ངུ་ཟུག་བསླངས་ཤིང
ཁེར་རྐྱང་གི་མཚན་མོ་ལྷགས་པས་ཟ་དུས  ད་དུང
ཁྱེད་རང་མུན་པའི་གླིང་ན་རྨུ་ཐག་ལ་འཇུས་པའི་བླ་སྲོག་ལྷག་མ་ཞིག

དོ་ནུབ  རྡ་སའི་གཙང་ངོགས་ནས་རྒོད་པོ་ཚོ་ཕྱོགས་བཞིར་འཕུར་ཤུལ་ན
ང་རང་ཁུ་སིམ་པའི་ཟླ་འོད་རབ་རབ་ཅིག་གི་ཀློང་ན་མཚན་མོ་འདིའི་ཉེས་ཅན་ཡིན
ཟླ་འོད་མེད་ས་ན  ས་གཞི་འདི་སྨག་ནག་གིས་ཟ་དུས  དོ་ནུབ
ཁྱེད་རང་བུ་ཡུག་གིས་དེད་པའི་གྲང་ངར་གྱི་རྣོ་དབལ་རེད
ཕྱིར་དྲན་རེ་རེ  རྒྱང་རིང་རྒྱང་རིང་གི་མུན་པའི་གླིང་ན
སྟོན་ལྗོངས་ཀྱི་ལོ་མ་ལྟ་བུའི་ས་གཞི་ལ་ཟགས་དུས  ད་དུང
ཁྱེད་རང་མཚན་མོའི་ཁྲག་གིས་བངས་པའི་ན་ཟུག་གི་ལྷག་འཕྲོ་ཡིན

དོ་ནུབ  རྡ་སའི་གཙང་ངོགས་ན  ང་རང་མུན་ནག་གི་རྫི་བོ་བཞིན
ཁྱེད་རང་ལྟ་བུའི་མཚན་མོའི་མུན་ཁྲོད་ལ་བསྐུངས་ནས
ངའི་བྲང་ཁོག་འདི   མི་ཡུལ་ལ་བཤམས་སྟོན་ཞིག་བྱས་ཀྱང
མི་ཡུལ་འདི  ཧམ་པའི་དུར་ཁྲོད་ཀྱི་ཆག་འཇིག་དམར་བོ་རེད
རྨ་འབྲིའི་ངོགས་ན  ཟླ་འོད་མ་མཐོང་བའི་སྟག་ཤར་ཚོ་ཇག་ལ་ཆས་དང
ད་དུང  ང་ཚོ་ཚང་མ་མཚན་མོའི་བླ་སྲོག་ལྷག་མ་ཡིན
ས་སྟོང་དང་ལུང་སྟོང་གི་རི་སྤྱང་གྲོགས་ལ་མ་བཀུག་པའི་ལོ་ཟླ་རེ་རེ
དོ་ནུབ་མཚན་མོ་འདིའི་བག་ཆགས་ན་འབར་བའི་མེ་ལྕེ་དམར་བོ་ཡིན

མཚན་མོ་འདི   མི་ཡུལ་གྱི་སེམས་པ་རྨས་ཤུལ་ན  བླ་སྲོག་མང་བོ་ཞིག་གི་ཁ་ཆེམས་དང
མཚན་མོ་འདི  མི་ཡུལ་གྱི་ཐོབ་ཤོར་དང་ཟུངས་ཁྲག་ས་ལ་ཟགས་པའི་ཉི་མ་དམར་བོ་ཡིན
                               ༢༠༠༦ ༣ ༨མཚན་མོར་བྲིས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་པའི་གླིང་གི་ཁྱེད།

2008-11-07 བཅུད་པར་རྫ་སྐྱེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།