གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ་དང་སྙན་ངག ངའི་ཆུང་མ་ལ་བདག་པོ་རྒྱོབས།

2008-11-07 13:44:00 ཀླུ་ཚང་གུ་རུ་རྒྱལ། ཀློག་གྲངས། མཆན ཡོད།

        _____འབྲོང་ཕྲུག་ལྷ་ཆེན་རྒྱལ་གྱི<<ཆང་དང་སྙན་ངག་གི་མཚན་མོ>>བཀླགས་རྗེས་བདག་གིས་ཕ་ཡུལ་
གྱི་སེམས་པ་མང་པོ་ཞིག་གི་ཟུར་སྣེ་འཁྱགས་ཚུལ་ཟབ་པའི་ཚོར་བ་ཟིན་པོར་བཀོད་པའོ།།

རུས་པ་འགུལ་ཏེ་གློ་སྙིང་གཏིང་ནས་དཀྲུགས།།
ཚོར་བ་འཕྱུར་ཏེ་སྙན་ངག་སེམས་ནས་ཐོན།།
ཐ་མག་འཐེན་ནས་ཨ་རག་ཡང་ཡང་འཐུང༌།།
ཁྱེད་རང་འཆི་རྒྱུར་འབྲོང་གི་སེམས་པ་ལགས།།

མྱི་ཚེ་གཅིག་ལ་སྙན་ངག་མང་བོ་དགོས།།
མིའི་རིགས་ཤིག་ལ་ཞི་བདེ་རྒྱལ་ས་དགོས།།
སེམས་པ་གཅིག་ལ་ཆུང་མ་བཟང་བོ་དགོས།།
བདག་སེམས་བདེ་སོང་འབྲོང་གི་བརྩེ་བ་ལགས།།

ས་ཆ་གར་འགྲོ་རྐང་པའི་རྩེ་ན་ཡོད།།
ཤོག་སྨྱུག་གཙང་མས་སེམས་ཀྱི་རི་མོ་འཛིན།།
འཁྱམས་ནས་བཙལ་བའི་ཁྲག་གི་འཁྱུག་བྲིས་ཤིག།
བདག་གིས་མཐོང་མྱོང་འབྲོང་གི་མཚན་མོ་ལགས།།

ང་ཡི་སེམས་ན་ཉི་ཟླ་ཟུང་གཅིག་ཡོད།།
ང་ཡི་ཡུལ་ན་ཕ་མ་ཆ་གཅིག་ཡོད།།
སེམས་ནས་ལུས་པའི་སེམས་ཀྱི་ཆུང་མ་ཞིག།
ཁྱེད་ལ་འབུལ་ལོ་འབྲོང་གི་སྙན་ངག་ལགས།།

                                         2006 .2 .19 དགུན་ཁ་ཞིག་ལ་བྲིས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།