གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ཀྱི་བསམ་གཞིགས།

2008-11-06 21:30:00 བསོད་ནམས་ཚེ་རིང་།(ལྷ་ས) ཀློག་གྲངས། མཆན ཡོད།

      འདས་དང་མ་འོངས་ཀྱི་བར་དུ་ཁ་ཕྱོགས་འཛོལ་ནས་འཚོ་བའི་གྲུ་ཟུར་དུ་ཧད་དེ་ལུས་པའི་རྣམ་ཤེས་གསར་པ་ཁྱུ་ཞིག་འཕག་ཚག་གི་གོམ་སྟོབས་
གནས་གང་དུ་སྤོ་དགོསམིན་་མི་ཤེས་པར་བསྡད་འདུག
     སེམས་ཤུགས་དང་འབད་འཐབ་ཀྱི་འབྲས་བུ་ལས་རེ་འདོད་ཀྱི་ཚུ་རོལ་གསར་པ་ཞིག་ཏུ་སླེབས་ཐེངས་རེ་རེ།    སླར་ཡང་ངོ་མཚར་དང་མཛེས་སྡུག་
གིས་ཁེངས་པའི་ཕ་རོལ་གསར་པ་ཞིག་གིས་འདོད་སེམས་ཀྱི་མཚོ་རླབས་ཡང་ཡང་དཀྲུག      རླབས་ཕྲེང་གི་གཡོ་ཕྱོགས་དང་བསྟུན་ནས་མདུན་བསྐྱོད་
བྱ་རྒྱུ་ནི་འཚོ་བའི་དགོས་མཁོ་ཞིག་རེད་ཀྱང༌།    རྔུལ་ཆུ་དང་དུས་ཚོད་ཀྱིས་བརྗེས་ཡོང་བའི་ཚུ་རོལ་གསར་པ་དེས།   མ་མཐར་ཡང་རང་ཉིད་ལ་སྤྲོ་སྣང་
གི་སྐྱེད་ཚལ་ཞིག་བསྐྲུན་ཐུབ་དགོས་པ་ང་ཚོའི་དམིགས་རེ་ཡིན། 
     ཆོག་ཤེས་ནི་རྣམ་ཤེས་ལ་རྒྱགས་ཕྱེ་བསྩལ་བའི་ཆོས་ལུགས་ཀྱི་བསམ་པ་ཞིག་ལས་བར་མེད་མདུན་བསྐྱོད་ཀྱི་འགག་རྡོ་ཞིག་ཏུ་བརྗོད་ཀྱང༌།   འདོད་
རྔམ་གྱི་གླང་སྨྱོན་ཨུ་ཚུགས་ཀྱིས་གཡམ་རྒྱུགས་བྱས་ན་དོན་དམ་གྱི་རྩ་ཆུ་མི་མཐོང་བར་ཕམ་ཉེས་ཀྱི་གཡང་སར་ལྷུང་འགྲོ།    དེ་ལས་ཕུགས་བསམ་གྱི་གྲུ་
ཆུང་མཚམས་འཇོག་མེད་པར་ཕ་རོལ་གསར་པའི་ཕྱོགས་སུ་མདུན་བསྐྱོད་བྱེད་ཀྱིན།  བགྲོད་ཟིན་པའི་ཕ་རོལ་ལ་ཕྱིར་མིག་དང༌།  མྱོང་བཞིན་པའི་ཚུ་
རོལ་འདིར་གཅེས་སྤྲས་བྱེད་རྒྱུ་དེ་ནི་འཚོ་བའི་ལོངས་སྤྱོད་ཞིག་ཏུ་མཐོང་ངོ༌།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།