མེ་ཏོག་ཆོས་སྒྲོན།

སྤྱིར་ན། ཁ་པར་ཞིག་གི་སྐུད་ལམ་བརྒྱུད་ནས།
ཁྱེད་ཀྱིས་འདོད་འདུན་མང་བོ་ཞིག་གསང་དགོས་མི་འདུག
སྤྱིར་ན། འཕྲིན་ཤོག་ཅིག་ལ་ཤོང་ཚད་ཀྱི་ཐ་སྙད་ཚོགས་ཀྱིས།
ཁོ་བོའི་སེམས་ལ་ལག་སྙོབས་བྱས་ཆོག་ཆོག་ཡིན།
མེ་ཏོག་ཆོས་སྒྲོན། མི་ལོ་ཉི་ཤུས་བཟོས་ཤིང་གྲུབ་པའི་ཁྱེད་རང༌།
འདི་ལྟར། ལོ་ཟླ་དང་ལང་ཚོའི་གཙང་ངོགས་ན།
ཤིང་ལོ་ཇི་བཞིན། ཡུན་ཙམ་ལ་རླུང་གིས་སྐྱོད། ཡུན་ཙམ་ལ་རླབས་ཀྱིས་སྐྱོད།
རང་ཉིད་ལ་རང་ཉིད་མ་གཏོགས་ཅི་ཞིག་ལྷག་འདུག
སྟོང་འདང་གི་ཀློང་ན། དབྱར་ལྗོངས་བཞིན་མཛེས་པ།
ནམ་ཡང་རང་ལ་དབང་དཀའ་བའི་ཡུལ་ལྗོངས་གཞན་ཞིག
མེ་ཏོག་ཆོས་སྒྲོན། ཆུ་མོ་ཤང་ཤང་གི་གླུ་སྒྲའི་ཁྲོད་དུ།
མེ་ཏོག་ལྷུག་ལྷུག་གི་བྲོ་གར་ཁྲོད་དུ། སེམས་པ་གཅིག་གི་རྨི་ལམ་དེ།
ད་དུང༌། རྫོགས་རྒྱུ་མི་འདུག་གམ།
མེ་ཏོག་ཆོས་སྒྲོན། ཟླ་བ་ཕྱེད་ཀ་ཡིན་པའི་ཁེར་རྐྱང་གི་མཚན་མོ་རེ་རེར།
ཡིད་སེམས་ཀྱི་རྨ་ཁ་སྐྱུར་ཆང་གིས་གསོ་རན་དུས།
སྐྱོ་ངལ་གྱི་རླུང་བུ། ཐག་རིང་ཐག་རིང་ནས་འབབ་བམ།
སྨྲེང་སུན་གྱི་ཁ་བ། ཐག་རིང་ཐག་རིང་ནས་འབབ་བམ།
མེ་ཏོག་ཆོས་སྒྲོན། ནམ་རྒྱུན། རང་སེམས་ན་ཡོད་ཡོད་འདྲ་བའི།
ཁོ་བོའི་མྱུལ་མི་ཚར་བའི་མཆོད་རྟེན་བསྐྱར་བཞེངས་བྱེད་ཞོར།
རྒྱང་རིང་ལ་ཕྱོགས་པའི་སེམས་པ་ཕྲ་མོས།
མཛུབ་བར་ནས་གསོག་པའི་ལོ་ཟླ་ག་ཚོད་མིག་ཆུས་བསྐྱལ་ཚར།
ཡང་ན། ལོ་རྗེས་མའི་དུས་ཆད་ཀྱི་ཉིན་མོ།
མོན་ཡུལ་ནས་ལོག་ཡོང་བའི་ཁུ་བྱུག་སྔོན་མོས་བསྐྱལ་འོང་ན།
སྤྲིན་དཀར་དང་ལུག་ཁྱུ་དུམ་བུར་ཆད་པའི་གཙང་འགྲམ་དུ།
ནག་སྣུམ་གྱི་སྐྲ་ལོ་བསྐྱར་དུ་ཤད་ཀྱིན།
དྲན་གདུང་གི་མཆི་མ་འདོན་མཚམས་ཞོག་དང༌།
སེམས་འགྱུར་དྲོན་མོ་ཞིག་དང་འཛུམ་མདངས་དྭངས་མོ་ཞིག་རུམ་ནས།
ཁྱེད་ཀྱི་མཛའ་བོ། ཐག་རིང་ན་ཡོང་གིན་ཡོད།
                 ༢༠༠༥ ༤ ༡༠

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེ་ཏོག་ཆོས་སྒྲོན།

2008-11-06 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།