གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོ། ཐག་རིང་གི་འོ་ཇ་མངར་མོ།(ཞར་བཀོད་གཉིས་ཡོད)

2008-11-06 21:06:00 རས་པ། ཀློག་གྲངས། མཆན ཡོད།

ངས་ཐག་རིང་གི་འོ་ཇ་དང
འོ་ཇ་ཡི་མངར་ཁ་བསམ་ཞོར
རླབས་བཞིན་སྐྱོམ་པའི་འཚོ་བའི་ངོགས་ནས
གཉེར་རིས་ལྟ་བུའི་རི་མོ་དེ་མངའ་ཐང་དུ་བསུས་བྱུང་ཨང

ཁེར་སྡུག་གི་བཞུད་ལམ་རིང་མོར
ལྷིང་འཇགས་ཀྱིས་འཁྱིལ་བའི་ལ་གཞས་གཏོང་ཞོར
དྲན་སྣང་གིས་བཟི་སྐྱོམ་བྱས་པའི་ཕུང་བོ
ཉམས་ཉེས་ཤོར་བའི་རི་དྭགས་ཤིག་གི་རྟེན་དུ་འགྲེལ
ཐག་རིང་གི་འོ་ཇ་དང་འོ་ཇ་ཡི་མངར་ཁ་ཡིན་པའི་རྒྱང་རིང་གི་མཁའ་སྤྱོད་མ

མཚན་སྨག་གིས་མིག་ཟུང་ལ་འདང་བརྩེ་སྦྱིན་ཞིང
སེམས་ཁོང་དུ་དཔུང་འཇུག་བྱེད་དུས
གངས་རི་དང་སྤང་ལྗོངས་ཀྱི་ཚོས་ཁ་རེ་རེ
གཏན་བརྗེད་གནང་བའི་སྙན་ངག་གི་སྨྱུག་ཁ་རུ
འདོད་བརྩེ་འབར་བའི་མངར་ཁ་ཞིག་གི་རྟོག་བཏགས་འཁྱིལ་ཨང
                          ༢༠༠༥ལོའི་ཟླ་༦པའི་ཚེས༡༦གི་དགོང་མོར།

                    མཚན་གུང༌།
མུན་ནག་གི་ལྟོ་བ་རུ་སྦྲུམ་པའི་བྱིས་པ་ཞིག
གང་ལྟར་སྨྱུག་ཁ་རུ་བཙས་བྱུང
བུད་མེད་ལྟ་བའི་ཟླ་བའི་མངལ་ཁ་རུ
ཆུ་ཐིགས་ཤིག   འཇིག་རྟེན་སུ་འཕོ་ཞིང
ནམ་མཁའི་འཇིངས་ཡངས་ས་རུ་ང་རང་སྐྱེས་བྱུང

སྐར་ཚོགས་བླུགས་སའི་ཕོར་བ་ཁྲི་ཕྲག
མཚན་མོ་འདིར     ཁུ་སིམ་སིམ
                  ༢༠༠༥ལོའི་ཟླ༡པོའི་ཚེས༢ཉིན།      

                  ཁ་བ་བཞུས་ཀྱང་མིག་ཆུ་ཉིད།
ཉི་འོད་གྱོན་པས་ཁ་བ་བཞུས་བྱུང
ང་ཡི་ཕྲ་ཆུང་མིག་ལ་རྒྱན་ཞིག་བཏབ

རླུང་ཆེན་བསུས་པས་གངས་རི་ཉིལ་བྱུང
སེམས་ཀྱི་གྲམ་གཞུང་སྐྱ་བོར་གྲང་རླུང་ལྡང
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།