ཝུ་བ་སོབ་སོབ་ཀྱི་དུས་རབས།

                             ༡
ངའི་རང་དབང་གི་ཝུ་བ་སོབ་སོབ   ངའི་བཙའ་རལ་དུ་གྱུར་བའི་ལུས་ཀྱི་ལྷུ་ལག
ངའི་ལྷུམས་སུ་ཞུགས་པའི་ནད་རྙིང་དང་འབུ་ཕྲ  ཚི་དྲེགས་དང་ཟ་འཕྲུག
ངའི་སོ་བར་ནས་བསལ་བའི་ཤ་སྐྱི་ལེབ་མོ་དང 
ངས་བཏུང་གིན་པའི་ཁྲག་དམར་བརྡོལ་བའི་ཚིག་འབྲུའི་གཙང་པོ
རྒྱ་མཚོ  ཝུ་བ་སོབ་སོབ  ཝུ་བ་སོབ་སོབ
ངའི་ལྷོག་ལྷོག་གདུ་བའི་གཙང་པོ  ཝུ་བ་སོབ་སོབ

                             ༢
ཡ་མཚན་པའི་གར་གྱི་སྟེགས་བུ  སྒོ་དང་སྒེའུ་ཁུང་ཅི་ཡང་མེད་ཅིང 
གྲིབ་མ་ཡང་མེད    ཡ་མཚན་པའི་གར་གྱི་སྟེགས་བུ
གཅེར་བུར་ཀེང་རུས་ཁྲོད་ན་ལུས་པའི་གཞོན་ནུ  སྐྲ་ལོ་རིང་པོར་བསྐྱུར་མཁན་ཞིག
ཡ་མཚན་པའི་གར་གྱི་སྟེགས་བུ   མཚན་མ་དང་མྱོས་བུམ་ཅི་ཡང་མེད་ཅིང  
ཅི་ཡང་མེད   ཅི་ཡང་མེད   དགོད་སྒྲ་མཐའ་དག་གཟུགས་བརྙན་ལས་འདས
ཅི་ཡང་མེད

                             ༣
ངའི་རྒྱ་འཐོར་བཞིན་པའི་ཀླད་པའི་འཕྲུལ་འཁོར  ཕྱོགས་དང་ཕྱོགས་ལ་བཀྱེད་པའི   མིག་དང་མཆུ་ཏོ     སྡེར་མོ་དང་ཨ་ཐང་ཆད་པའི་བ་སྤུ  
བ་སྤུ་ལ་སིམ་པའི་གཙང་པོ་དང      གཙང་པོའི་ཁྲོད་ཀྱི   
གསལ་དྭངས་ཀྱི་ཐིགས་པ་ཆ་གཅིག
ངའི་ཉི་མ་དང་ཟླ་བ   ངའི་པང་དུ་བདེ་བའི་ཉི་མ་བདེ་བར་བཞུགས
ངའི་མལ་སར་བདེ་བའི་ཟླ་བ་བདེ་བར་བཞུགས
ངའི་གཙང་པོས་ཁྲིད་བཞིན་པའི་བྱིས་པ་དག   ངའི་ཨ་ཐང་ཆད་པའི  
སྡེར་མོ་དང་མིག་དང་མཆུ་སྒྲོས་ཀྱི་གྲོག་རོང་བདེ་བར་བཞུགས

                             ༤
ཅི་ཡང་མེད   དགོད་སྒྲ་མཐའ་དག་གཟུགས་བརྙན་ལས་འདས
ཡ་མཚན་པའི་གར་གྱི་སྟེགས་བུ   སྒོ་དང་སྒེའུ་ཁུང་ཅི་ཡང་མེད

                             ༥
ཆང་ཕོར་དག་བདེ་བར་བཞག་ནས   ངའི་ཨ་ཐང་ཆད་པའི་མཆུ་སྒྲོས
སྐོམ་དུ་མ་འཇུག   ཆང་ཕོར་ལས་བདེ་སྐྱིད་འཁྲུངས་ཤིང
ཆང་ཕོར་ལས་འདྲ་མཉམ་དང་རང་དབང་འཁྲུངས
བུད་མེད་དང་སྙན་ངག  སྙན་ངག་པ་མང་པོ་ཞིག་ཀྱང་ཆང་ཕོར་ལས་འཁྲུངས
འཇིག་རྟེན་འདིའི་གཟུགས་བརྙན་ངོ་མ་ཆང་ཕོར་ལས་འཁྲུངས་ཤིང
མིའི་རིགས་ཀྱི་ཤ་རུས་རྗེན་པོ་འདི་དག་ཀྱང་ཆང་ཕོར་ལས་འཁྲུངས
ཞིབ་ཏུ་བཤད་ན   ཆང་ཕོར་འདི་གཙོ་བོར་འུ་ཅག་གིས་གྲུབ་ཡོད

                             ༦

བསམ་མ་ཤེས་པར་འབབ་བཞིན་པའི་ཆར་བ་འདི་ཙམ་དང
སྟོང་འཇགས་ཀྱི་ང་རོ་རླུང་ཁྲོད་ན་འཁྱམ་པ་ལས    ཅི་ཡང་མེད
ཅི་ཡང་མེད   འཁྱག་རོམ་གྱི་སྦུབས་སུ་འཛུལ་བའི་གཙང་པོ་ཉིད་ལས

                             ༧
ངའི་ལུས་ཀྱི་ལྷུ་ལག  རང་དབང་གི་ཝུ་བ་སོབ་སོབ
རྣོ་ལྕགས་ཀྱི་ཚེམས་བར་ན་སྤུངས་བའི   ཝུ་བ་སོབ་སོབ
མེ་ལོང་དུ་ཤར་བའི་གཟུགས་བརྙན་འཁྱོག་པོ    གཟུགས་བརྙན་འཁྱོག་པོ
རླུང་གི་བར་མཚམས་ནས   བརླན་གཤེར་དག་གློ་བུར་རྒྱས་ཤིང
གློ་བུར་དུ་གཙང་པོའི་རུས་རྐང་དང   གཙང་པོའི་ནད་སྙིང་ཁུར་ནས
ངའི་མལ་ས་བཙལ་ནས་ལྷགས    ངའི་མིག་མདུན་གྱི
སྒོ་དང་སྒེའུ་ཁུང་ཅི་ཡང་མེད་པའི་གར་གྱི་སྟེགས་བུ    གྱང་ལྡེབས་དག་ན
ཐུར་དུ་དཔྱངས་པའི་མགོ་བོ་དང   བུད་མེད་ཀྱི་མཚན་མ་དག
སྐྲ་ལོ་རིང་པོ་འཛིངས་པའི་འོག་ན     ཤུགས་ཀྱིས་མཆེད་པའི་ཟུངས་ཁྲག་གི་རྒྱུན

                             ༨
ངའི་རལ་གྲི་དང   ངའི་མདའ་གཞུ  
ངའི་ནགས་རྫོངས་སུ་འཁྱམ་པའི་རྔོན་པ་དང   ཁེར་རྐྱང་གི་རླུང
སྒོ་དང་སྒེའུ་ཁུང་ཅི་ཡང་མེད་པའི་གར་སྟེགས་སུ་ཁྲིད་ནས་འོངས
མཚན་མ་དག་ལ་གློ་བུར་དགོད་སྒྲ་ཤོར་ཅིང   གློ་བུར་ངའི་མིག་མདུན་དུ
མྱོས་བུམ་དང   བུ་སྣོད་ཀྱི་འདབ་མ་དག་ཕྱོགས་བཞིར་བརྐྱངས་ནས་འོངས

                             ༩
ཆང་ཕོར་གྱི་ཁ་ན་བདེ་བར་བཞུགས་པའི   ཉི་མ་གཞོན་ནུ
རང་དབང་གི་ཝུ་བ་སོབ་སོབ་ལ་འཐམ་པའི    ཉི་མ་གཞོན་ནུ

                             ༡༠
གནའ་བོའི་ཡུ་མོ   ངའི་མདའ་གཞུ་དང་རལ་གྲི་ལ་སིམ་པའི
ཟུངས་ཁྲག་དང་རོལ་དབྱངས་འདྲེས་མ
ཕྱོགས་བཞིར་བཀྱེད་ནས  ཕྱོགས་བཞིར་བཀྱེད་ནས
ཝུ་བ་སོབ་སོབ་དུ་འཕྱུར་འོངས་བའི    ཆང་ཕོར་དང་གཙང་པོ
གྱང་ལྡེབས་སུ་བཀལ་བའི་འབྲོང་རྭ་སྐམ་པོ     སེར་ཁ་དག
ཕྱོགས་བཞིར་བཀྱེད་ནས   ཕྱོགས་བཞིར་བཀྱེད་ནས

                             ༡༡
ངའི་བཙའ་རལ་དུ་གྱུར་བའི་ལུས་ཀྱི་ལྷུ་ལག   སྲོ་མང་དང་ཤིག་གིས་བཟུང་བའི
སྐྲ་ལོ་དང་ངའི་སློག་ཚར   ལྟག་རྒྱབ་ཀྱི་སྐྲ་ལོ་རིང་མོ
ངའི་ལུས་ཡོངས་ན་འཕྱུར་བཞིན་པའི   རོ་ལངས་ལྟ་བུའི
ཝུ་བ་སོབ་སོབ་དག   
"རྨི་ལམ་གྱི་རྒྱ་མཚོའི་གཏིང་ནས་འཕགས་འོངས་བའི  རང་དབང་གི
ཆུ་ཡི་ཝུ་བ་གཉིས"①

                             ༡༢
སྨྱོན་པའི་ཁྱུ་ཚོགས     རྟ་མཆོག་གི་ཁྱུ་ཚོགས་དང་འདྲ་བར
རང་དབང་གི་ཝུ་བའི་དཀྱིལ་དུ་མར་སིམ   ཝུ་བ་སོབ་སོབ་ཏུ་འཕྱུར་འོངས
རྡུལ་འཚུབ་གྱི་ཝུ་བའང་འཕྱུར་འོངས   ཆེས་མཐའ་མའི་སྐད་ཅིག་མའི་དུས་ཀྱི
ཡང་ཞིང་ལྡང་བའི་གོང་བུ་གཅིག    ངའི་མེ་ལོང་ལྟ་བུའི་གངས་རིའི་རྒྱབ་རོལ་གྱི
རླུང་གི་ཝུ་བ་བཞིན་འཕྱུར་འོངས  རིམ་གྱིས་མར་སིམ  ཡུན་གྱིས་མི་སྣང་བར་གྱུར

                                                  2006.3-5.10
རྒྱའི་སྙན་ངག་པ་ཀོའུ་ཁྲིན་གྱི་ཚིག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཝུ་བ་སོབ་སོབ་ཀྱི་དུས་རབས།

2008-12-16 ལྡོང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།