སྐྱ་མིར་ཕུལ་བ།

སྐྱ་མི་ཁྱོད་ཉིན་མོའི་བུ་ཕྲུག་མིན་ལ
མཚན་མོའི་གསང་ལམ་བརྒྱུད་པའི་ཇག་པའང་མིན་འདྲ
བཤུལ་ལམ་གྱི་བར་ཐག་འཇལ་བྱེད་ཀྱི་ཞབས་ཟུང་དང་
དེ་ལ་རང་མཚན་གྱི་ལྷམ་ཟུང་ཅིག་སྒྲོག་ལྟར་གྱོན་ཡོད་ཀྱང་
ཁྱེད་ཀྱིས་  ས་གཞིའི་བརྟན་ཞིང་གཡོ་བའི་སྒང་གཤོང་དང་
དུས་ཀྱི་ཆུ་རྒྱུན་ལ་སོམ་ཉིའི་ཆུ་རིས་བརྒྱབ་ཡོད
ཁྱོད་ཀྱིས་རླུང་གི་ཁ་ཕྱོགས་ཅི་རིགས་ལ་བརྩེ་དུང་གི་རྩ་བ་ཕུལ
ཁྱོད་ཀྱིས་དགུ་ཚིགས་ལས་ལྷུང་བའི་སྐར་ཕྲན་ཞིག་ལ་
རང་གི་ཚེ་སྲོག་གི་གཤོག་ཟུང་གཡར  ཁྱོད་རང་
མེ་ཏོག་གི་ཕྲེང་བ་དཀར་བོ་བཤིག་བཞིན་ང་ཚོའི་གམ་ལ་སླེབས
ཁྱོད་ཀྱིས་སུའི་ཆེད་དུ་ཡང་མིན་པར་
རང་ཉིད་ཀྱི་ལྐོག་ཏུ་གྱུར་བའི་འཕྲུལ་སེམས་དེ་གླེང་
ཁྱོད་ཀྱིས་རྨོངས་སྤུ་དང་ཁ་བའི་ཁ་དོག་གླེང་
ཁྱོད་ཀྱིས་རི་བོའི་གཏོས་དང་གཉིས་སུ་སོང་བའི་
རྡོ་ཁང་སྔོན་མོ་ཞིག་གི་ཆགས་འཇིག་དང་ཐོབ་ཤོར་དྲན་ཞིང་
ཁྱོད་ཀྱིས་ཕ་ཡུལ་དང་ཁ་ཐག་རིང་བའི་ཡུལ་གྲུ་དག་གི
བུད་མེད་དང་  དེ་དག་གི་མེ་ལྕེ་དང་  དེ་དག་གི་ཆུ་བོ
དེ་དག་གི་ཕྱི་དང་ནང་གི་འདོད་པ  གསང་གབ་མེད་པའི་
དོན་དམ་གྱི་འདོད་པ་དག་གང་རུང་གླེང་ངོ
ཁྱོད་ཀྱིས་རང་གི་སེམས་དང་གཞི་གཅིག་ཏུ་འདྲེས་པའི་
བུད་མེད་ཚོའི་རྨི་ལམ་གྱི་ཞིང་བཀོད་གླེང་
ཁྱོད་ཀྱིས་རང་ཉིད་གླེང་གིན་རང་བཞིན་ཀྱང་གླེང་ལ
ཁྱོད་ཀྱིས་ཐ་སྙད་ཀྱི་མེ་ཕུང་ཁྲོད་
རང་ཉིད་ཁ་བ་ཞིག་དང་འདྲ་བར་
གྲང་འཁྱག་གིས་ཞུ་ནས་ཡལ་འགྲོ་བ་གླེང་
ཁྱོད་ཀྱིས་ཡལ་བ་ལ་ཕྱིར་ཡོང་ཡོད་མེད་གླེང་
ཁྱོད་ཀྱིས་ཕྱིས་སུ་འབྱུང་བ་ང་ཚོ་ཡིན་མིན་དང་
ང་ཚོ་ལ་ཁྱོད་ཚོ་དང་ཁྱོད་ཚོའི་ཡབ་མེས་དག་གི་
འཛམ་གླིང་གི་སུམ་ཆའི་གཉིས་ཙམ་མངའ་ལ་
བཅུག་པའི་གཏམ་རྒྱུད་གླེང་ཞིང་
ཁྱོད་ཚོ་ལས་བརྒྱུད་ཡོང་བའི་ངར་འཛིན་གླེང་
ཁྱོད་ཀྱིས་ང་ཚོ་ལ་ང་ཚོའི་ཕྱི་མའི་ཕྱི་མ་གླེང་
ཁྱོད་ཀྱིས་ང་ཚོའི་ཕྱི་མའི་ཕྱི་མ་དག་ལ
ང་ཚོ་དང་ཁྱོད་ཚོའི་བར་གྱི་གླེང་ལུགས་གླེང་
ཁྱོད་ཀྱིས་འདི་ལྟར་ཁྱོད་རང་ཡོད་པ་ནས་མེད་པའི་བར་དང་
ཁྱོད་རང་མེད་པ་ནས་ཡོད་པ་བར་གྱི་གོ་རིམ་རྣམས
མི་ཀུན་ལ་རིས་མེད་དུ་གླེང་
དུས་ལས་ཡོལ་བ་མེད་པར་གླེང་
དུས་ཀྱིས་འགག་པ་མེད་པར་གླེང་ 
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱ་མིར་ཕུལ་བ།

2008-12-16 ངལ་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།