མི་ངན་གྱི་ལྐོག་གསོད།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-16

མཐའ་དབུས་བྲལ་བའི་ས་གཞི་འདི་ཉིད་ཚོར་ཤེས་བྲལ་བའི་བེམ་པོ་སྟེ།།
བྱེ་མའི་ཐལ་བ་རླུང་གིས་སྤུར་དུས་ཀུན་གྱི་མིག་ལ་ས་རྡུལ་འདེབས།།
དམར་པོ་མེ་ཡི་རླབས་ཀྱི་རྩེ་ན་རང་སྲོག་འདོར་བའི་ཕྱེ་མ་ལེབ།།
འཚངས་ཀའི་ངང་དུ་འདུ་བའི་ཉི་མར་རང་ཉིད་སྙིགས་མར་གྱུར་ལ་ལྟོས།།

འཇིགས་སུ་རུང་བའི་འོབས་ཀྱི་མཐིལ་ན་སྙིང་སྡུག་དགའ་མ་གཅེར་བུར་ལུས།།
ལྷ་ཡི་ལུས་ལ་སྲིན་པོའི་གདོང་ཅན་ལྕགས་ཀྱི་སྡེར་མོ་བགྲད་པ་ཚོས།།
ང་ཡི་དོན་སྙིང་གསོན་པོར་བྲུས་ཏེ་རྒྱུ་མ་ས་རུ་འཐེན་པ་འདི།།
ཁྱེད་ཀྱིས་གཟིགས་སམ་བདེན་པའི་གཤོག་པ་དར་གྱིས་བརྐྱངས་པའི་མི་བུ་དག།

འཇིག་རྟེན་མི་ཡི་གཏམ་རྒྱུད་མཚར་བོ་ཤོག་སྐྱ་ཆུ་རུ་སྦངས་པ་བཞིན།།
སྙིང་བོ་མེད་པའི་གྲས་སུ་འདེད་མཁན་མིག་ཟུང་རྡུལ་གྱིས་གཡོགས་པ་ཚོས།།
གསེར་གྱི་དུང་ཕོར་ཀླད་ལ་བསྐོར་ནས་ཕྱགས་མར་འདེབས་པའི་ངང་ཚུལ་འདི།།
དཔྱོད་པའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་མུན་ནག་ཁམས་ཀྱི་ལུང་བསྟན་ཡིན།།

མཐོང་ངམ་ཉི་ཟླའི་གཟི་བྱིན་དཀར་པོར་གནམ་འོག་འདེཊ་པའི་སྟོབས་ཤུཊ་ཡོད།།
གསན་ནམ་ལ་དགུ་ལུང་དགུ་བརྒྱུད་པའི་བརྡ་འཕྲིན་གསར་བས་མི་ཚོགས་གཡོ།།

ཁྱེད་ཀྱི་དམག་གི་ཀི་སྒྲ་གཟན་པོས་གླིང་བཞི་ཡོམ་ཡོམ་འདར་བྱས་པའི།།
གཅམ་པའི་ཚིག་གི་འཕྲེང་བ་འཐོར་ཚེ་སྙིང་ལ་ཁྲག་ཤེད་རྒྱས་གྱུར་ཀྱང༌།།
ངན་དགུའི་ཁུར་པོ་ཕྲག་ཏུ་ལྷུང་བ་སུ་ལ་གསང་ཐབས་བྲལ་བའི་ཕྱིར།།
འཕོང་ཚོས་རྗེན་པར་ལྷང་ལ་བུད་པའི་རྣམ་ཐར་འདི་ལ་ཞེ་རེ་འཇིགས།།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ངན་གྱི་ལྐོག་གསོད།

2008-12-16 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

མཐའ་དབུས་བྲལ་བའི་ས་གཞི་འདི་ཉིད་ཚོར་ཤེས་བྲལ་བའི་བེམ་པོ་སྟེ།།
བྱེ་མའི་ཐལ་བ་རླུང་གིས་སྤུར་དུས་ཀུན་གྱི་མིག་ལ་ས་རྡུལ་འདེབས།།
དམར་པོ་མེ་ཡི་རླབས་ཀྱི་རྩེ་ན་རང་སྲོག་འདོར་བའི་ཕྱེ་མ་ལེབ།།
འཚངས་ཀའི་ངང་དུ་འདུ་བའི་ཉི་མར་རང་ཉིད་སྙིགས་མར་གྱུར་ལ་ལྟོས།།

འཇིགས་སུ་རུང་བའི་འོབས་ཀྱི་མཐིལ་ན་སྙིང་སྡུག་དགའ་མ་གཅེར་བུར་ལུས།།
ལྷ་ཡི་ལུས་ལ་སྲིན་པོའི་གདོང་ཅན་ལྕགས་ཀྱི་སྡེར་མོ་བགྲད་པ་ཚོས།།
ང་ཡི་དོན་སྙིང་གསོན་པོར་བྲུས་ཏེ་རྒྱུ་མ་ས་རུ་འཐེན་པ་འདི།།
ཁྱེད་ཀྱིས་གཟིགས་སམ་བདེན་པའི་གཤོག་པ་དར་གྱིས་བརྐྱངས་པའི་མི་བུ་དག།

འཇིག་རྟེན་མི་ཡི་གཏམ་རྒྱུད་མཚར་བོ་ཤོག་སྐྱ་ཆུ་རུ་སྦངས་པ་བཞིན།།
སྙིང་བོ་མེད་པའི་གྲས་སུ་འདེད་མཁན་མིག་ཟུང་རྡུལ་གྱིས་གཡོགས་པ་ཚོས།།
གསེར་གྱི་དུང་ཕོར་ཀླད་ལ་བསྐོར་ནས་ཕྱགས་མར་འདེབས་པའི་ངང་ཚུལ་འདི།།
དཔྱོད་པའི་གྲུ་གཟིངས་རྒྱ་མཚོར་ནུབ་པའི་མུན་ནག་ཁམས་ཀྱི་ལུང་བསྟན་ཡིན།།

མཐོང་ངམ་ཉི་ཟླའི་གཟི་བྱིན་དཀར་པོར་གནམ་འོག་འདེཊ་པའི་སྟོབས་ཤུཊ་ཡོད།།
གསན་ནམ་ལ་དགུ་ལུང་དགུ་བརྒྱུད་པའི་བརྡ་འཕྲིན་གསར་བས་མི་ཚོགས་གཡོ།།

ཁྱེད་ཀྱི་དམག་གི་ཀི་སྒྲ་གཟན་པོས་གླིང་བཞི་ཡོམ་ཡོམ་འདར་བྱས་པའི།།
གཅམ་པའི་ཚིག་གི་འཕྲེང་བ་འཐོར་ཚེ་སྙིང་ལ་ཁྲག་ཤེད་རྒྱས་གྱུར་ཀྱང༌།།
ངན་དགུའི་ཁུར་པོ་ཕྲག་ཏུ་ལྷུང་བ་སུ་ལ་གསང་ཐབས་བྲལ་བའི་ཕྱིར།།
འཕོང་ཚོས་རྗེན་པར་ལྷང་ལ་བུད་པའི་རྣམ་ཐར་འདི་ལ་ཞེ་རེ་འཇིགས།།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།