མ་ཎི་འཁོར་ལོ།

སྙན་བཟང་གཡུང་དྲུང་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-14

སྲོད་དུས་ཀྱི་བསམ་གཞིགས་བཞུར་བའི་ཤུལ་ན
རྒས་གཉེར་གྱི་རི་མོ་ཡོད་ཚད་ཀློང་ལ་འཐིམས་ཤིང
བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་ནས་བྱང་སེམས་ཀྱི་མིག་ཟུང་བཙུམས་པའི
མ་ཎི་འཁོར་ལོ
གནའ་བོའི་སྲོལ་རྒྱུན་དང་མི་རབས་ཀྱི་སྐྱེ་འཆི་གྲངས་མེད
ད་དུང་བྱེ་བ་སྟོང་ཕྲག་གི་རྣམ་ཤེས་འཁྱམས་པོ་ཁྱོད་ལ་འཐམས་ནས་སྲོག་རྩ་རྒྱས
དགེ་སྡིག་གི་དབྱངས་རྟ་དང་གསོལ་འདེབས་ཟད་པོ
འཁོར་བ་དང་ལས་དབང་ལྷན་དུ་སྐྱོ་ཞིང་འཁོར་བའི
མ་ཎི་འཁོར་ལོ
ཁྱོད་ནི་ནམ་ཡང་མཐོ་སྒང་ལ་འཁོར

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཎི་འཁོར་ལོ།

2008-12-14 སྙན་བཟང་གཡུང་དྲུང་ཚེ་རིང་། ཀློག་གྲངས། མཆན ཡོད།

སྲོད་དུས་ཀྱི་བསམ་གཞིགས་བཞུར་བའི་ཤུལ་ན
རྒས་གཉེར་གྱི་རི་མོ་ཡོད་ཚད་ཀློང་ལ་འཐིམས་ཤིང
བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་ནས་བྱང་སེམས་ཀྱི་མིག་ཟུང་བཙུམས་པའི
མ་ཎི་འཁོར་ལོ
གནའ་བོའི་སྲོལ་རྒྱུན་དང་མི་རབས་ཀྱི་སྐྱེ་འཆི་གྲངས་མེད
ད་དུང་བྱེ་བ་སྟོང་ཕྲག་གི་རྣམ་ཤེས་འཁྱམས་པོ་ཁྱོད་ལ་འཐམས་ནས་སྲོག་རྩ་རྒྱས
དགེ་སྡིག་གི་དབྱངས་རྟ་དང་གསོལ་འདེབས་ཟད་པོ
འཁོར་བ་དང་ལས་དབང་ལྷན་དུ་སྐྱོ་ཞིང་འཁོར་བའི
མ་ཎི་འཁོར་ལོ
ཁྱོད་ནི་ནམ་ཡང་མཐོ་སྒང་ལ་འཁོར

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།