འཁོར་བའི་ཕྱི་རོལ།


ཆེས་དྭངས་གཙང་དང་ཡིད་འོང་གི་འཇིག་རྟེན་ཞིག་ཡོད་ཚེ
དེ་ནི་རང་བཞིན་གྱིས་གྲུབ་པའི་འཁོར་བའི་ཕྱི་རོལ་ཡིན
ཆེས་ཐག་རིང་ལ་ཆེས་ཐག་ཉེ་བའི་འཁོར་བའི་ཕྱི་རོལ
སྐབས་རེར་ཁྱོད་ཀྱི་ཉེ་སར་ཡོད་ལ་ལན་རེར་ཁྱོད་ཀྱི་རིང་སར་ཡོད

ལུས་པོ་དེ་ཞི་བདེ་རྒྱ་མཚོས་བཀྲུས་ཤིང
སེམས་པ་དེ་བདེན་པའི་ཆོས་ཀྱིས་བཅོས་ཡོད་ན
ཁྱོད་རང་འཁོར་བའི་ཕྱི་རོལ་ལ་གང་འདོད་ཕྱིན་ཆོག

འཁོར་བའི་ཕྱི་རོལ་ནི་ལྷད་མེད་པའི་གནས་ལུགས་ཀྱིས་གྲུབ་ཅིང
འཁོར་བའི་ཕྱི་རོལ་ནི་དྲི་མེད་པའི་དྭངས་གཙང་གིས་གྲུབ་པས
འཁོར་བའི་ཕྱི་རོལ་གྱི་མེ་ཏོག་ལས་བསུང་ཞིམ་འཐུལ་ཅིང
འཁོར་བའི་ཕྱི་རོལ་གྱི་ཆུ་བོ་ལས་འོ་སྤྲི་མཆེད

ད་དུང འཁོར་བའི་ཕྱི་རོལ་ནས
མེ་ཤུགས་འཕུར་མདའི་གནོད་སྐྱོན་ལ་གཟབ་མི་དགོས་ཤིང
མེ་སྒྱོགས་འཕྲུལ་ཆས་ཀྱི་གཏུམ་སྤྱོད་ལ་སྐྲག་མི་དགོས

འཁོར་བའི་ཕྱི་རོལ་ན
སུས་ཀྱང་སློག་མ་མྱོང་བའི་གཤིན་ས་གཤིན་པོ་ཡོད
སུས་ཀྱང་བཅད་མ་མྱོང་བའི་ཚང་ཚིང་ནགས་ཚལ་ཡོད
ད་དུང  མཁའ་དབུགས་དྭངས་མོ་དང་སྤྲིན་པ་དཀར་བོ་ཡོད

དེ་ལྟར  འཁོར་བའི་ཕྱི་རོལ་གྱི་ཡོད་ཚད
རྨི་ལམ་གྱིས་བཏང་ཞིང་སྒྲོ་བཏགས་ཀྱིས་སྟོང་བས
འཁོར་བ་ནས་ཅི་ཡང་འཚོལ་འདོད་མཁན་ཚོ
འཁོར་བ་ནས་གནས་དེར་འབྱོར་དཀའ་ཞིང
འཁོར་བ་ནས་ཅི་ཡང་གཡུག་འདོད་མཁན་ཚོ
འཁོར་བའི་ཕྱི་རོལ་གྱི་མགྲོན་པོ་ལྷད་མེད་ཡིན

འཁོར་བའི་ཕྱི་རོལ
སྙིང་སྟོབས་ཅན་ཚོ་ཅི་དགར་བཞུག་ཆོག་པའི་གཞིས་ཁྱིམ་གསར་བ
བརྩོན་འགྲུས་ཅན་ཚོ་བག་ཡངས་ངང་བསྡད་ཆོག་སའི་གཏན་གྱི་ཞིང་ཁམས

འཁོར་བའི་ཕྱི་རོལ
འཁོར་བའི་ཕྱི་རོལ་ཏུ་གྱུར་བའི་འཇིག་རྟེན་ཆེན་པོ་ཨང
              ༢༠༠༦ ༣ ༧ཉིན།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བའི་ཕྱི་རོལ།

2008-12-13 འཆིང་གྲོལ། ཀློག་གྲངས། མཆན ཡོད།


ཆེས་དྭངས་གཙང་དང་ཡིད་འོང་གི་འཇིག་རྟེན་ཞིག་ཡོད་ཚེ
དེ་ནི་རང་བཞིན་གྱིས་གྲུབ་པའི་འཁོར་བའི་ཕྱི་རོལ་ཡིན
ཆེས་ཐག་རིང་ལ་ཆེས་ཐག་ཉེ་བའི་འཁོར་བའི་ཕྱི་རོལ
སྐབས་རེར་ཁྱོད་ཀྱི་ཉེ་སར་ཡོད་ལ་ལན་རེར་ཁྱོད་ཀྱི་རིང་སར་ཡོད

ལུས་པོ་དེ་ཞི་བདེ་རྒྱ་མཚོས་བཀྲུས་ཤིང
སེམས་པ་དེ་བདེན་པའི་ཆོས་ཀྱིས་བཅོས་ཡོད་ན
ཁྱོད་རང་འཁོར་བའི་ཕྱི་རོལ་ལ་གང་འདོད་ཕྱིན་ཆོག

འཁོར་བའི་ཕྱི་རོལ་ནི་ལྷད་མེད་པའི་གནས་ལུགས་ཀྱིས་གྲུབ་ཅིང
འཁོར་བའི་ཕྱི་རོལ་ནི་དྲི་མེད་པའི་དྭངས་གཙང་གིས་གྲུབ་པས
འཁོར་བའི་ཕྱི་རོལ་གྱི་མེ་ཏོག་ལས་བསུང་ཞིམ་འཐུལ་ཅིང
འཁོར་བའི་ཕྱི་རོལ་གྱི་ཆུ་བོ་ལས་འོ་སྤྲི་མཆེད

ད་དུང འཁོར་བའི་ཕྱི་རོལ་ནས
མེ་ཤུགས་འཕུར་མདའི་གནོད་སྐྱོན་ལ་གཟབ་མི་དགོས་ཤིང
མེ་སྒྱོགས་འཕྲུལ་ཆས་ཀྱི་གཏུམ་སྤྱོད་ལ་སྐྲག་མི་དགོས

འཁོར་བའི་ཕྱི་རོལ་ན
སུས་ཀྱང་སློག་མ་མྱོང་བའི་གཤིན་ས་གཤིན་པོ་ཡོད
སུས་ཀྱང་བཅད་མ་མྱོང་བའི་ཚང་ཚིང་ནགས་ཚལ་ཡོད
ད་དུང  མཁའ་དབུགས་དྭངས་མོ་དང་སྤྲིན་པ་དཀར་བོ་ཡོད

དེ་ལྟར  འཁོར་བའི་ཕྱི་རོལ་གྱི་ཡོད་ཚད
རྨི་ལམ་གྱིས་བཏང་ཞིང་སྒྲོ་བཏགས་ཀྱིས་སྟོང་བས
འཁོར་བ་ནས་ཅི་ཡང་འཚོལ་འདོད་མཁན་ཚོ
འཁོར་བ་ནས་གནས་དེར་འབྱོར་དཀའ་ཞིང
འཁོར་བ་ནས་ཅི་ཡང་གཡུག་འདོད་མཁན་ཚོ
འཁོར་བའི་ཕྱི་རོལ་གྱི་མགྲོན་པོ་ལྷད་མེད་ཡིན

འཁོར་བའི་ཕྱི་རོལ
སྙིང་སྟོབས་ཅན་ཚོ་ཅི་དགར་བཞུག་ཆོག་པའི་གཞིས་ཁྱིམ་གསར་བ
བརྩོན་འགྲུས་ཅན་ཚོ་བག་ཡངས་ངང་བསྡད་ཆོག་སའི་གཏན་གྱི་ཞིང་ཁམས

འཁོར་བའི་ཕྱི་རོལ
འཁོར་བའི་ཕྱི་རོལ་ཏུ་གྱུར་བའི་འཇིག་རྟེན་ཆེན་པོ་ཨང
              ༢༠༠༦ ༣ ༧ཉིན།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།