ས་མཐའ་ནས་སླར་ཡང་བོད་ལ་སྨྲས་པ།

ཞལ་འཛུམ་ཁོག་གི་ཞེ་སྡང་དུག་གི་མདངས།།
ཕལ་བའི་ལུགས་ཀྱིས་རྒོལ་བར་མི་ནུས་པ།།
འདྲེ་དང་གདོན་གྱི་དམག་སྣ་འདྲེན་པའི་བུ།།
ང་ཡི་གྲོགས་སུ་བྱོན་ལ་རམ་འདེགས་མཛོད།།

མེས་པོའི་ཕྱག་སྲོལ་བུ་དང་ཚ་བོས་བསྐྱངས།།
དེ་ཡི་ལས་འཕྲོ་ལྷ་ཀླུ་གཉན་ལ་བཅོལ།།
མི་མཐུན་དགྲ་བགེགས་གསོལ་བའི་མགོ་ནག་བོད།།
ཞིག་གསོལ་རང་མདངས་བྲལ་བའི་མཁར་རྫོང་ཉིད།།

ལྟས་ངན་གདོན་གྱི་སྒྱོགས་རྡོ་གནམ་ལ་འཕངས།།
བྲོས་པས་མ་ཐར་རང་གི་མགོ་ལ་ལྷུང༌།།
འཕྲུལ་སྣང་ཕྱག་རྒྱ་ཆེན་པོའི་རོ་གཅིག་གིས།།
རང་རིག་གར་དུ་རྩེན་པའི་བྱང་ལམ་བཅད།།

རྣམ་རྟོག་སྣང་བས་བཙལ་བས་ཕོ་བྲང་དུ།།
སྒྱུ་མའི་ལྷ་མོའི་ཚོགས་དང་དགའ་སྟོན་རོལ།།
རང་འདོད་ཆོས་སུ་རློམ་པའི་གཟུགས་བརྙན་འདི།།
ད་དུང་ཁ་བ་ཅན་ལ་ཡལ་དུ་མེད།།

རིག་པའི་བླ་སྲོག་མུན་པའི་དོང་ལ་ཟུག།
དོང་གི་ཕུག་ན་མགོན་མེད་སྐྱབས་སྦྱིན་ཞིག།
སྐྱབས་དེར་བདེན་མཐའ་ཡོད་མེད་ཐེ་ཚོམ་གྱིས།།
རྩོད་པའི་འུར་སྒྲ་སྟོང་བའི་དབྱིངས་སུ་མཆེད།།

སུས་ཀྱང་འདེགས་པའི་བཅོས་མའི་ལུས་པོ་འདི།།
ལྷ་དང་འདྲེ་ཡི་བྲན་དུ་བཀོལ་ཆེ་བས།།
རྨོངས་པའི་དད་པ་བརྩེགས་པའི་ན་བུན་དེ།།
རབ་རིབ་ཆུ་བུར་མིག་གིས་ལིང་ཏོག་ཉིད།།

མི་ཐེག་སྡུག་གི་ཁུར་བོ་ཡལ་ངེས་པའི།།
མི་ཟད་ཕྱི་མའི་ལམ་ལ་ཁ་ཕྱོགས་པའི།།
མི་བུ་ལྷ་འདྲེ་ཀུན་གྱི་སྤྱན་ལོག་ཅན།།
མི་ཆུང་ལྷ་ཆབ་སྦྱིན་པའི་འཆར་སྒོ་ཙམ།།
                      ༢༠༠༦ ༤ ༤ཉིན་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་མཐའ་ནས་སླར་ཡང་བོད་ལ་སྨྲས་པ།

2008-12-13 ལྷ་ཆབ་སྦྱིན་པ། ཀློག་གྲངས། མཆན ཡོད།

ཞལ་འཛུམ་ཁོག་གི་ཞེ་སྡང་དུག་གི་མདངས།།
ཕལ་བའི་ལུགས་ཀྱིས་རྒོལ་བར་མི་ནུས་པ།།
འདྲེ་དང་གདོན་གྱི་དམག་སྣ་འདྲེན་པའི་བུ།།
ང་ཡི་གྲོགས་སུ་བྱོན་ལ་རམ་འདེགས་མཛོད།།

མེས་པོའི་ཕྱག་སྲོལ་བུ་དང་ཚ་བོས་བསྐྱངས།།
དེ་ཡི་ལས་འཕྲོ་ལྷ་ཀླུ་གཉན་ལ་བཅོལ།།
མི་མཐུན་དགྲ་བགེགས་གསོལ་བའི་མགོ་ནག་བོད།།
ཞིག་གསོལ་རང་མདངས་བྲལ་བའི་མཁར་རྫོང་ཉིད།།

ལྟས་ངན་གདོན་གྱི་སྒྱོགས་རྡོ་གནམ་ལ་འཕངས།།
བྲོས་པས་མ་ཐར་རང་གི་མགོ་ལ་ལྷུང༌།།
འཕྲུལ་སྣང་ཕྱག་རྒྱ་ཆེན་པོའི་རོ་གཅིག་གིས།།
རང་རིག་གར་དུ་རྩེན་པའི་བྱང་ལམ་བཅད།།

རྣམ་རྟོག་སྣང་བས་བཙལ་བས་ཕོ་བྲང་དུ།།
སྒྱུ་མའི་ལྷ་མོའི་ཚོགས་དང་དགའ་སྟོན་རོལ།།
རང་འདོད་ཆོས་སུ་རློམ་པའི་གཟུགས་བརྙན་འདི།།
ད་དུང་ཁ་བ་ཅན་ལ་ཡལ་དུ་མེད།།

རིག་པའི་བླ་སྲོག་མུན་པའི་དོང་ལ་ཟུག།
དོང་གི་ཕུག་ན་མགོན་མེད་སྐྱབས་སྦྱིན་ཞིག།
སྐྱབས་དེར་བདེན་མཐའ་ཡོད་མེད་ཐེ་ཚོམ་གྱིས།།
རྩོད་པའི་འུར་སྒྲ་སྟོང་བའི་དབྱིངས་སུ་མཆེད།།

སུས་ཀྱང་འདེགས་པའི་བཅོས་མའི་ལུས་པོ་འདི།།
ལྷ་དང་འདྲེ་ཡི་བྲན་དུ་བཀོལ་ཆེ་བས།།
རྨོངས་པའི་དད་པ་བརྩེགས་པའི་ན་བུན་དེ།།
རབ་རིབ་ཆུ་བུར་མིག་གིས་ལིང་ཏོག་ཉིད།།

མི་ཐེག་སྡུག་གི་ཁུར་བོ་ཡལ་ངེས་པའི།།
མི་ཟད་ཕྱི་མའི་ལམ་ལ་ཁ་ཕྱོགས་པའི།།
མི་བུ་ལྷ་འདྲེ་ཀུན་གྱི་སྤྱན་ལོག་ཅན།།
མི་ཆུང་ལྷ་ཆབ་སྦྱིན་པའི་འཆར་སྒོ་ཙམ།།
                      ༢༠༠༦ ༤ ༤ཉིན་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།