དུས་དེབ་དང་ཚགས་པར་ཁ་ཤས་ཀྱི་ནག་ཉེས།

རོང་བོ་སྤོས་དཀར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-12-25

དེ་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཉི་འོད་ཀྱི་ཟེར་མ་ཁ་ཤས་མཐོང
དེ་ལས་<བདེན་པ>འི་ཡིག་འབྲུ་རེ་རེ་གསལ་ལ་མི་གསལ་བར་མངོན་འོང
བརྩེ་བ་ཚེ་སྲོག་ལ་འཐིམ་པའི་འུ་ཚང
འོད་ཟེར་གྱི་མཆུ་སྒྲོས་བལྡག་རྒྱུར་ཧ་ཅང་དུངས་པས
དུས་དེབ་དང་ཚགས་པར་གྱི་ཕུང་བོ་བརྩིགས
མིའི་རིགས་ཀྱི་ཚེ་སྲོག་ཡིན་པའི་ཕུང་བོ་དེ་དག་ལས
འགའ་ཞིག་རྩྭ་དང་རྩི་ཤིང་གི་ངོ་བོར་འཐིམ
དེ་ལས་<ལད་བཟློས་>དང་སྟོང་ཆ་སྐོང་བྱེད་ཙམ་གྱི་བརྡ་ཐོ་བསྒྲགས
 
ནར་མ་སོན་པའི་རྩོམ་སྒྲིག་པའི་རྨི་ལམ་དགུང་དུ་མཆེད་པས
ཀློག་མཁན་ཚོའི་< ཁ་བརྡ>ཤོག་ལྷེ་དང་ལྷན་དུ་སྐུར་ཅི་ཐུབ་བྱས
ར་བཟི་བའི་རྩེད་ར་ཡིན་པའི་དུས་དེབ་དང་ཚགས་པར
བསམ་བློའི་སྒོ་མོ་བརྒྱབ་ཟིན་པའི་དུས་དེབ་དང་ཚགས་པར
ཁྱེད་ཀྱིས་མཚོ་ལ་ནུབ་པའི་གངས་རིའི་འཇིག་ཉེན་ཅི་ལྟར་བསལ
མཛེས་སྡུག་ལྡན་པའི་དེ་རིང་གི་རོལ་དབྱངས་ཅི་ལྟར་འགྲེལ
ན་ཆུང་མའི་མཁུར་ཚོས་ལྟ་བུའི་ཤོག་ལྷེ་རེ་རེར
ཡག་ཚུལ་དང་རྒྱན་ཚུལ་གྱི་རི་རབ་བརྩིགས་སོང་པས
ངས    ཚེ་སྲོག་གི་དབྱངས་རྟ་ཅི་ལྟར་གྱེར་དགོས་སམ?

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་དེབ་དང་ཚགས་པར་ཁ་ཤས་ཀྱི་ནག་ཉེས།

2008-12-25 རོང་བོ་སྤོས་དཀར། ཀློག་གྲངས། མཆན ཡོད།

དེ་རིང་ཕྱོགས་བཞི་མཚམས་བརྒྱད་ནས་ཉི་འོད་ཀྱི་ཟེར་མ་ཁ་ཤས་མཐོང
དེ་ལས་<བདེན་པ>འི་ཡིག་འབྲུ་རེ་རེ་གསལ་ལ་མི་གསལ་བར་མངོན་འོང
བརྩེ་བ་ཚེ་སྲོག་ལ་འཐིམ་པའི་འུ་ཚང
འོད་ཟེར་གྱི་མཆུ་སྒྲོས་བལྡག་རྒྱུར་ཧ་ཅང་དུངས་པས
དུས་དེབ་དང་ཚགས་པར་གྱི་ཕུང་བོ་བརྩིགས
མིའི་རིགས་ཀྱི་ཚེ་སྲོག་ཡིན་པའི་ཕུང་བོ་དེ་དག་ལས
འགའ་ཞིག་རྩྭ་དང་རྩི་ཤིང་གི་ངོ་བོར་འཐིམ
དེ་ལས་<ལད་བཟློས་>དང་སྟོང་ཆ་སྐོང་བྱེད་ཙམ་གྱི་བརྡ་ཐོ་བསྒྲགས
 
ནར་མ་སོན་པའི་རྩོམ་སྒྲིག་པའི་རྨི་ལམ་དགུང་དུ་མཆེད་པས
ཀློག་མཁན་ཚོའི་< ཁ་བརྡ>ཤོག་ལྷེ་དང་ལྷན་དུ་སྐུར་ཅི་ཐུབ་བྱས
ར་བཟི་བའི་རྩེད་ར་ཡིན་པའི་དུས་དེབ་དང་ཚགས་པར
བསམ་བློའི་སྒོ་མོ་བརྒྱབ་ཟིན་པའི་དུས་དེབ་དང་ཚགས་པར
ཁྱེད་ཀྱིས་མཚོ་ལ་ནུབ་པའི་གངས་རིའི་འཇིག་ཉེན་ཅི་ལྟར་བསལ
མཛེས་སྡུག་ལྡན་པའི་དེ་རིང་གི་རོལ་དབྱངས་ཅི་ལྟར་འགྲེལ
ན་ཆུང་མའི་མཁུར་ཚོས་ལྟ་བུའི་ཤོག་ལྷེ་རེ་རེར
ཡག་ཚུལ་དང་རྒྱན་ཚུལ་གྱི་རི་རབ་བརྩིགས་སོང་པས
ངས    ཚེ་སྲོག་གི་དབྱངས་རྟ་ཅི་ལྟར་གྱེར་དགོས་སམ?

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།