སྡུག་བསྔལ་ཁ་ཤས།

   གློག་ཀླད།
འོད་གོར་ཆུང་ཆུང་འདི
དབང་རྩའི་སྦུབས་སུ
ཧ་ཅང་ཉག་ཕྲ་བའི་ངང
སྐད་སྒྲ་མེད་པའི་ངང
འབབ་ཀྱིན་འདུག

    བོད་པ།
འདས་ཟིན་པར་ན་ཟུག་མེད་ལ
འདས་ཟིན་པར་རྨི་ལམ་ཡང་མེད
ཡོད་ཚད་འདས་སོང་པའི་རྐྱེན་གྱིས་ཡིན་ནམ
    
        མི།
རྣོ་ལྕགས་དེ་ཇི་ལྟར་སྦྱངས་རྡུང་བྱས་སམ
མི་དེ་ཡང་དེ་ལྟར་རྣོ་ལྕགས་ཀྱིས་རྡུང་ངམ
  
བརྩེ་དུང་ལ་བྱི་དོར་བྱས་པ།
མོ་མཚན་ལྟ་བུའི་ས་གཞི་འདི
ངས་ཅིས་ཀྱང་རུམ་འདོད
གཡོ་སྒྱུ་དང་ཧམ་སེམས་མེད་པར་རུམ་འདོད

     ནད་ཁང༌།
གནས་གང་ན་འང
ནད་ཀྱིས་གཟིར་བའི་མི་དེ་ཚོས
བྲེད་ཤ་དང་འཚང་ཁ་ཤིག་ཤིག་བྱེད་ཀྱིན
སྨན་རྫས་ཕོར་བ་གང་ཁྱེར་འོངས་ནས
འདི་ཟོ་ཤིག་ཟེར

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྡུག་བསྔལ་ཁ་ཤས།

2008-12-24 མགར་བ་མུ་ཏིག ཀློག་གྲངས། མཆན ཡོད།

   གློག་ཀླད།
འོད་གོར་ཆུང་ཆུང་འདི
དབང་རྩའི་སྦུབས་སུ
ཧ་ཅང་ཉག་ཕྲ་བའི་ངང
སྐད་སྒྲ་མེད་པའི་ངང
འབབ་ཀྱིན་འདུག

    བོད་པ།
འདས་ཟིན་པར་ན་ཟུག་མེད་ལ
འདས་ཟིན་པར་རྨི་ལམ་ཡང་མེད
ཡོད་ཚད་འདས་སོང་པའི་རྐྱེན་གྱིས་ཡིན་ནམ
    
        མི།
རྣོ་ལྕགས་དེ་ཇི་ལྟར་སྦྱངས་རྡུང་བྱས་སམ
མི་དེ་ཡང་དེ་ལྟར་རྣོ་ལྕགས་ཀྱིས་རྡུང་ངམ
  
བརྩེ་དུང་ལ་བྱི་དོར་བྱས་པ།
མོ་མཚན་ལྟ་བུའི་ས་གཞི་འདི
ངས་ཅིས་ཀྱང་རུམ་འདོད
གཡོ་སྒྱུ་དང་ཧམ་སེམས་མེད་པར་རུམ་འདོད

     ནད་ཁང༌།
གནས་གང་ན་འང
ནད་ཀྱིས་གཟིར་བའི་མི་དེ་ཚོས
བྲེད་ཤ་དང་འཚང་ཁ་ཤིག་ཤིག་བྱེད་ཀྱིན
སྨན་རྫས་ཕོར་བ་གང་ཁྱེར་འོངས་ནས
འདི་ཟོ་ཤིག་ཟེར

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།