ཁྱེད་ཀྱི་བརླ་ཤ་ཁོ་ན་ང་ཡི་ལོངས་སྤྱོད་དུ་དྲན་ཆོག

                                  -- སྐྱེས་ཆུང་སྨད་འཚོང་མཁན་ཞིག་ལ།@
  ནམ་ཟླ་སྟོན་དུས་ཤིག་ལ
  ལོ་ཏོག་མིན་པའི་ང་རང་སྨྱོ་ཧམ་གྱིས་དེད་ནས
  མཚན་མོ་བཅུ་གཉིས་ཀྱི་གདོང་རིས་ཁྲག་ལ་བརྫུས
 
  ས་སྨུག་འཐིབ་པའི་བཙན་རྫོང་འདིའི་མངའ་ཐང
  གླེགས་བམ་གྱི་ཤེས་རིག་ལས་རྙེད་པའི་རྡོ་བའི་ལྷ་མཁར
  གསེར་ཏོག་ལས་འདོད་པའི་ཁུ་བ་འཛག་པའི་ད་ལྟ
  ལྷ་ཁང་ཚོའི་སྒོ་མོ་ཤར་ལྟ་བྱས་པའང་དགོས་དབང་ཞིག་ཅི་ལ་མིན
  ད་དུང་ཁྱོད་ཀྱིས་གླུ་སྐད་ཉམ་ཐག་ཅིག་སེམས་པས་གྱེར་བ
  འོད་ཟེར་གྱི་གདངས་དབྱངས    མཉམ་དཀྲོལ་གྱི་རོལ་དབྱངས
  རླབས་ཆེ་བའི་གནའ་གཏམ་གྱི་གསང་བ་ཁ་ཤས་ཡིན་སོང
 
  བསམ་བློ་མང་པོ་མ་བཏང་ན་ཡང
  ཁེར་རྐྱང་དུ་སྐྲ་ལོའི་རིང་ཚུལ་གླེང་བ
  ཆང་ཕོར་ཞིག་བདག་གི་ལོངས་སྤྱོད་དུ་ཐོབ་པར་འདོད་པས་ལོས་ཡིན
  ཁྲག་དྲོན་ལ་བརྩེ་བ་འཁྱིལ་བའི་ལོ་ཟླ་རེ་རེ
  ངས་འདི་ལྟར་འདོད་པའི་བསྐྱལ་ཞིང་  ན་ཟུག་གིས་སྐྱོགས་ལ་འཆུས་དུས
  ཁྱེད་ལ་ནུ་འབུར་དང་མོ་མཚན་མེད་ཀྱང
  ལོངས་སྤྱོད་གཞན་ཞིག་གི་ཕོར་བ་ཁྱེར་ནས
  ཁེར་སྡུག་གི་དྲན་པ་ཁ་ཤས་རྨང་ནས་བཅོམ་སོང
  སྙིང་ཉེ་ཨ        ཁྱེད་ཀྱི་སྐྲ་ལོ་རིང་ཚུལ་དེ
  ད་དུང་གསང་བ་ཞིག་ཡིན་པའང་བདག་གིས་ག་ལ་བརྗེད
 
  རྨི་ལམ་དྲན་པས་རོལ་ཡང
  ལོ་ཟླ་དང་ལོ་ཟླའི་མཛེས་པ
  རྩེད་ར་སྒྲིག་སྟངས་ཀྱི་འཁོར་བ་ཉམ་ཆུང་ཞིག
  ཁྱེད་ཀྱི་བརླ་ཤ་ཁོ་ནས་ལོངས་སྤྱོད་ཀྱི་རིན་ཐང་ངོམ་དུས
  ང་རང་ར་བཟི་བའི་འབག་སྐུ་ཞིག་གྲོང་ལ་འཁྱམས་པ་དང་ཅིའི་མི་འདྲ
  ལག་ཟུང་ས་གཞིར་བསྙབསཀྱང
  སེམས་ཀྱིས་བྲིས་པའི་ཞིང་ཁམས་ཀྱི་མངའ་ཐང
  སྐྱོ་ལ་སྡུག་པའི་ཟུངས་ཁྲག་གི་ཞབས་རྗེས་ཁོ་ན
 
  དྲན་པའི་རྒྱང་རིང་ནས་འདི་ལྟར་ཕྱིར་སྐོར་བརྒྱབ་ཀྱང
  ང་རང་ཁྱི་སྨྱོན་ཅིག་ལྟར
  ཞབས་རྗེས་ཤིག་ཁྱེད་ཀྱི་ཉེ་སར་བཀོད་པ
  སྐར་མདའ་བཞིན་རབ་རིབ་མག་མོག་གིས་ཡལ་འགྲོ་བ་ཞིག་ག་ལ་ཡིན
  སྐྲ་ལོ་རིང་བའི་ང་ཡི་སྙིང་ཉེ་བ་ཨ
 
  སུ་ཡིའི་མིག་གོང་ན་ང་ལ་སྒྲོལ་ལམ་མི་འདུག
  སུ་ཡིའི ་བརླ་ཤ་ལས་ང་ལ་འོད་ཟེར་མཆེད་ཡོང
              2004......2007.3བར་ལ༌།  
              @འདི་ནི་ནུབ་གླིང་གི་བཤད་པའི་སྐྱེས་པ་སྨད་འཚོང་མཁན་ཟེར་བ་དེ་དང་མི་འདྲ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ཀྱི་བརླ་ཤ་ཁོ་ན་ང་ཡི་ལོངས་སྤྱོད་དུ་དྲན་ཆོག

2008-12-24 གངས་ཅན་རལ་བ། ཀློག་གྲངས། མཆན ཡོད།

                                  -- སྐྱེས་ཆུང་སྨད་འཚོང་མཁན་ཞིག་ལ།@
  ནམ་ཟླ་སྟོན་དུས་ཤིག་ལ
  ལོ་ཏོག་མིན་པའི་ང་རང་སྨྱོ་ཧམ་གྱིས་དེད་ནས
  མཚན་མོ་བཅུ་གཉིས་ཀྱི་གདོང་རིས་ཁྲག་ལ་བརྫུས
 
  ས་སྨུག་འཐིབ་པའི་བཙན་རྫོང་འདིའི་མངའ་ཐང
  གླེགས་བམ་གྱི་ཤེས་རིག་ལས་རྙེད་པའི་རྡོ་བའི་ལྷ་མཁར
  གསེར་ཏོག་ལས་འདོད་པའི་ཁུ་བ་འཛག་པའི་ད་ལྟ
  ལྷ་ཁང་ཚོའི་སྒོ་མོ་ཤར་ལྟ་བྱས་པའང་དགོས་དབང་ཞིག་ཅི་ལ་མིན
  ད་དུང་ཁྱོད་ཀྱིས་གླུ་སྐད་ཉམ་ཐག་ཅིག་སེམས་པས་གྱེར་བ
  འོད་ཟེར་གྱི་གདངས་དབྱངས    མཉམ་དཀྲོལ་གྱི་རོལ་དབྱངས
  རླབས་ཆེ་བའི་གནའ་གཏམ་གྱི་གསང་བ་ཁ་ཤས་ཡིན་སོང
 
  བསམ་བློ་མང་པོ་མ་བཏང་ན་ཡང
  ཁེར་རྐྱང་དུ་སྐྲ་ལོའི་རིང་ཚུལ་གླེང་བ
  ཆང་ཕོར་ཞིག་བདག་གི་ལོངས་སྤྱོད་དུ་ཐོབ་པར་འདོད་པས་ལོས་ཡིན
  ཁྲག་དྲོན་ལ་བརྩེ་བ་འཁྱིལ་བའི་ལོ་ཟླ་རེ་རེ
  ངས་འདི་ལྟར་འདོད་པའི་བསྐྱལ་ཞིང་  ན་ཟུག་གིས་སྐྱོགས་ལ་འཆུས་དུས
  ཁྱེད་ལ་ནུ་འབུར་དང་མོ་མཚན་མེད་ཀྱང
  ལོངས་སྤྱོད་གཞན་ཞིག་གི་ཕོར་བ་ཁྱེར་ནས
  ཁེར་སྡུག་གི་དྲན་པ་ཁ་ཤས་རྨང་ནས་བཅོམ་སོང
  སྙིང་ཉེ་ཨ        ཁྱེད་ཀྱི་སྐྲ་ལོ་རིང་ཚུལ་དེ
  ད་དུང་གསང་བ་ཞིག་ཡིན་པའང་བདག་གིས་ག་ལ་བརྗེད
 
  རྨི་ལམ་དྲན་པས་རོལ་ཡང
  ལོ་ཟླ་དང་ལོ་ཟླའི་མཛེས་པ
  རྩེད་ར་སྒྲིག་སྟངས་ཀྱི་འཁོར་བ་ཉམ་ཆུང་ཞིག
  ཁྱེད་ཀྱི་བརླ་ཤ་ཁོ་ནས་ལོངས་སྤྱོད་ཀྱི་རིན་ཐང་ངོམ་དུས
  ང་རང་ར་བཟི་བའི་འབག་སྐུ་ཞིག་གྲོང་ལ་འཁྱམས་པ་དང་ཅིའི་མི་འདྲ
  ལག་ཟུང་ས་གཞིར་བསྙབསཀྱང
  སེམས་ཀྱིས་བྲིས་པའི་ཞིང་ཁམས་ཀྱི་མངའ་ཐང
  སྐྱོ་ལ་སྡུག་པའི་ཟུངས་ཁྲག་གི་ཞབས་རྗེས་ཁོ་ན
 
  དྲན་པའི་རྒྱང་རིང་ནས་འདི་ལྟར་ཕྱིར་སྐོར་བརྒྱབ་ཀྱང
  ང་རང་ཁྱི་སྨྱོན་ཅིག་ལྟར
  ཞབས་རྗེས་ཤིག་ཁྱེད་ཀྱི་ཉེ་སར་བཀོད་པ
  སྐར་མདའ་བཞིན་རབ་རིབ་མག་མོག་གིས་ཡལ་འགྲོ་བ་ཞིག་ག་ལ་ཡིན
  སྐྲ་ལོ་རིང་བའི་ང་ཡི་སྙིང་ཉེ་བ་ཨ
 
  སུ་ཡིའི་མིག་གོང་ན་ང་ལ་སྒྲོལ་ལམ་མི་འདུག
  སུ་ཡིའི ་བརླ་ཤ་ལས་ང་ལ་འོད་ཟེར་མཆེད་ཡོང
              2004......2007.3བར་ལ༌།  
              @འདི་ནི་ནུབ་གླིང་གི་བཤད་པའི་སྐྱེས་པ་སྨད་འཚོང་མཁན་ཟེར་བ་དེ་དང་མི་འདྲ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།