ཕ་ཡུལ་དང་གྱེས་ཁར་ནོར་རྫི་བུ་མོ་ཞིག་མཐོང་བ།

གལ་ཏེ མིག་ཟུང་བཙུམ་ནས་ཁྱོད་ལ་བལྟ་དགོས་ཚེ
བདག་གིས་ཚོད་ཚོད་ལ་ཁོད་ཡངས་པའི་རྩྭ་ཐང་ཞིག་མཐོང་སྲིད་ལ
དབྱར་ཟླ་དྲུག་པས་རྩྭ་ཐང་གི་ངོ་གདོང་མེ་ཏོག་གིས་བརྒྱན་སྲིད་ན
ཁྱོད་ཀྱི་ནོར་ཁྱུ་གར་འདེད་སེམས་ཀྱིས་འཚོ་མཁན་དེ་ཡང་བདག་ཡིན་ངེས

གལ་ཏེ རྣ་བ་བཀབ་ནས་ཁྱོད་ལ་ཉན་དགོས་ཚེ
བདག་གིས་ཚོད་ཚོད་ལ་ཁུ་སིམ་མེའི་མཚན་མོ་རིང་བོ་ཞིག་ཐོས་སྲིད་ལ
དུང་ཟླ་དཀར་བོས་མཚན་མོའི་ཐུ་འོག་འོད་ཟེར་གྱིས་ཕྱེ་སྲིད་ན
ཁྱོད་ཀྱི་སྙིང་ཆུང་འཕར་ལྡིང་བརྩེ་བས་སྒུལ་མཁན་དེ་ཡང་བདག་ཡིན་ངེས
                                         2007-03-02

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་དང་གྱེས་ཁར་ནོར་རྫི་བུ་མོ་ཞིག་མཐོང་བ།

2008-12-24 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

གལ་ཏེ མིག་ཟུང་བཙུམ་ནས་ཁྱོད་ལ་བལྟ་དགོས་ཚེ
བདག་གིས་ཚོད་ཚོད་ལ་ཁོད་ཡངས་པའི་རྩྭ་ཐང་ཞིག་མཐོང་སྲིད་ལ
དབྱར་ཟླ་དྲུག་པས་རྩྭ་ཐང་གི་ངོ་གདོང་མེ་ཏོག་གིས་བརྒྱན་སྲིད་ན
ཁྱོད་ཀྱི་ནོར་ཁྱུ་གར་འདེད་སེམས་ཀྱིས་འཚོ་མཁན་དེ་ཡང་བདག་ཡིན་ངེས

གལ་ཏེ རྣ་བ་བཀབ་ནས་ཁྱོད་ལ་ཉན་དགོས་ཚེ
བདག་གིས་ཚོད་ཚོད་ལ་ཁུ་སིམ་མེའི་མཚན་མོ་རིང་བོ་ཞིག་ཐོས་སྲིད་ལ
དུང་ཟླ་དཀར་བོས་མཚན་མོའི་ཐུ་འོག་འོད་ཟེར་གྱིས་ཕྱེ་སྲིད་ན
ཁྱོད་ཀྱི་སྙིང་ཆུང་འཕར་ལྡིང་བརྩེ་བས་སྒུལ་མཁན་དེ་ཡང་བདག་ཡིན་ངེས
                                         2007-03-02

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།