དེ་རིང་གི་ང་།


ཐོབ་ཤོར་ཁྲི་སྟོང་འབུམ་གྱི་འཐབ་ར་ནས།།
གཞན་གྱི་རྒྱབ་དཔུང་མེད་པའི་སྤྲང་འཁྱམས་ང་།།
བརྩོན་པ་དྲག་པོས་བཞུད་ལམ་མྱུལ་མྱུལ་ཏེ།།
དབྱངས་གསལ་སོ་བཞིའི་ཁྱིམ་དུ་བསླེབས་པས་དགའ།།

ཕུགས་མདུན་དགའ་མ་བསུ་བའི་ལམ་བར་དུ།།
ལན་མང་འགྱེལ་ཡང་ཞུམ་ནས་མ་བསྡད་པར།།
ཐོག་མའི་དམ་བཅའ་མ་བརླག་དེ་རིང་ང་།།
རང་གི་དགའ་མ་ལྷན་དུ་གླུ་དབྱངས་གྱེར།།

ཤེས་བྱ་རིག་པའི་རྒྱུ་སྐར་འབུམ་གྱི་ཁྲོད།།
གློག་དང་མྱུར་བའི་རིག་སྟོབས་མི་ལྡན་ཡང་།།
དཀའ་སྤྱད་བརྩོན་པའི་ཆུ་མོ་ཆད་མེད་ངང་།།
མནའ་དེང་རྒྱ་མཚོའི་གླིང་ལ་འབབ་འདོད་ང་།།

འབུར་བཅོམ་དྲག་ཆར་ཁྲོད་ནས་ཡོང་བའི་ང་།།
མགོ་ལུས་ཡོངས་རྫོགས་ཆར་གྱིས་བརླན་ན་ཡང་།།
རང་གི་ཚོར་བ་འབེབ་སའི་ཤོག་དཀར་དེ།།
ལྷད་མེད་དཀར་གཙང་ཡིན་དུས་ཅི་འདྲ་སྐྱིད།།

ང་རབ་ང་བདེན་ང་མཐོའི་དུས་རབས་འདིར།།
དམའ་སའི་རྒྱལ་སར་དགའ་བའི་གངས་ཕྲུག་ང་།།
མ་འོངས་བཞུད་ལམ་འཇིགས་རུང་ཆེ་ན་ཡང་།།
མནའ་དེང་ཤེས་བྱའི་མཛའ་མོར་འཁྱུད་བཞིན་འགྲོ།།

                            ༢༠༡༡  ༤   ༢༡  ཉིན་རང་ཁྱིམ་དུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་ང་།

2011-06-15 རིག་འཛིན། ཀློག་གྲངས། མཆན ཡོད།


ཐོབ་ཤོར་ཁྲི་སྟོང་འབུམ་གྱི་འཐབ་ར་ནས།།
གཞན་གྱི་རྒྱབ་དཔུང་མེད་པའི་སྤྲང་འཁྱམས་ང་།།
བརྩོན་པ་དྲག་པོས་བཞུད་ལམ་མྱུལ་མྱུལ་ཏེ།།
དབྱངས་གསལ་སོ་བཞིའི་ཁྱིམ་དུ་བསླེབས་པས་དགའ།།

ཕུགས་མདུན་དགའ་མ་བསུ་བའི་ལམ་བར་དུ།།
ལན་མང་འགྱེལ་ཡང་ཞུམ་ནས་མ་བསྡད་པར།།
ཐོག་མའི་དམ་བཅའ་མ་བརླག་དེ་རིང་ང་།།
རང་གི་དགའ་མ་ལྷན་དུ་གླུ་དབྱངས་གྱེར།།

ཤེས་བྱ་རིག་པའི་རྒྱུ་སྐར་འབུམ་གྱི་ཁྲོད།།
གློག་དང་མྱུར་བའི་རིག་སྟོབས་མི་ལྡན་ཡང་།།
དཀའ་སྤྱད་བརྩོན་པའི་ཆུ་མོ་ཆད་མེད་ངང་།།
མནའ་དེང་རྒྱ་མཚོའི་གླིང་ལ་འབབ་འདོད་ང་།།

འབུར་བཅོམ་དྲག་ཆར་ཁྲོད་ནས་ཡོང་བའི་ང་།།
མགོ་ལུས་ཡོངས་རྫོགས་ཆར་གྱིས་བརླན་ན་ཡང་།།
རང་གི་ཚོར་བ་འབེབ་སའི་ཤོག་དཀར་དེ།།
ལྷད་མེད་དཀར་གཙང་ཡིན་དུས་ཅི་འདྲ་སྐྱིད།།

ང་རབ་ང་བདེན་ང་མཐོའི་དུས་རབས་འདིར།།
དམའ་སའི་རྒྱལ་སར་དགའ་བའི་གངས་ཕྲུག་ང་།།
མ་འོངས་བཞུད་ལམ་འཇིགས་རུང་ཆེ་ན་ཡང་།།
མནའ་དེང་ཤེས་བྱའི་མཛའ་མོར་འཁྱུད་བཞིན་འགྲོ།།

                            ༢༠༡༡  ༤   ༢༡  ཉིན་རང་ཁྱིམ་དུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།