ཞུགས་འབུལ།


གོ་རིམ་མེད་པའི་རི་མོ་སྣ་ཚོགས།
ཇི་ལྟར་བསུབ་ཀྱང་ཤོག་ངོས་དེ་གཙང་མར་བཟོ་མ་ཐུབ།
བར་བར་ནས་ཟགས་འོངས་པའི་སྐད་འབོད་དེ་དག་གིས།
རྐང་རྗེས་གཅིག་པོ་གཞོབ་ཐུལ་ལེར་བཏང་སོང་དུས།
རྣམ་ཤེས་ཀྱི་ཁ་ཕྱོགས་དེ་གང་ནས་འཚོལ།
སྦྱིན་སྲེག་ཁང་གི་ནག་རོག་རོག་གི་གདུང་ཁང་ལས།
དཀར་བོང་བོང་གི་རུས་པ་ཙམ་ལྷག་དུས།
ལོ་ངོ་མང་བོའི་ཁེར་རྐྱང་གི་སྐྱོ་གདུང་།
དྲི་མས་མ་གོས་པའི་དཔྲལ་རུས་སུ་བབས་ན་མི་འགྲིག་གམ།
སེམས་པ་དང་སེམས་པ་བསྲེས་པའི་གཏམ་རྒྱུད།
ངེད་ཅག་གིས་རུས་པ་སྤར་མོ་གང་ལས་ཕྱིར་དྲན་བྱེད་དགོས་པ་ཨེ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞུགས་འབུལ།

2011-06-13 འཆིང་གྲོལ། ཀློག་གྲངས། མཆན ཡོད།


གོ་རིམ་མེད་པའི་རི་མོ་སྣ་ཚོགས།
ཇི་ལྟར་བསུབ་ཀྱང་ཤོག་ངོས་དེ་གཙང་མར་བཟོ་མ་ཐུབ།
བར་བར་ནས་ཟགས་འོངས་པའི་སྐད་འབོད་དེ་དག་གིས།
རྐང་རྗེས་གཅིག་པོ་གཞོབ་ཐུལ་ལེར་བཏང་སོང་དུས།
རྣམ་ཤེས་ཀྱི་ཁ་ཕྱོགས་དེ་གང་ནས་འཚོལ།
སྦྱིན་སྲེག་ཁང་གི་ནག་རོག་རོག་གི་གདུང་ཁང་ལས།
དཀར་བོང་བོང་གི་རུས་པ་ཙམ་ལྷག་དུས།
ལོ་ངོ་མང་བོའི་ཁེར་རྐྱང་གི་སྐྱོ་གདུང་།
དྲི་མས་མ་གོས་པའི་དཔྲལ་རུས་སུ་བབས་ན་མི་འགྲིག་གམ།
སེམས་པ་དང་སེམས་པ་བསྲེས་པའི་གཏམ་རྒྱུད།
ངེད་ཅག་གིས་རུས་པ་སྤར་མོ་གང་ལས་ཕྱིར་དྲན་བྱེད་དགོས་པ་ཨེ་རེད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།