དུང་སེམས་ཆུ་མིག་བཞུར་རྒྱུན།

སེང་ཆེན།༼པེ་ཅིང༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-06-09

           __སྒྲོལ་མར་བླངས་པའི་མཛའ་གླུ།
                              
དྲན་ཤིང་ཐ་གུས་བཀྱིགས་པའི།།
སེམས་ཀྱི་ཕོ་ཉ་གཞོན་ནུ།།
ལན་གཅིག་ཁྱེད་དང་མཇལ་བས།།
དུངས་པའི་སྒྲོག་གིས་བཅིངས་སོང་།།
སུ་ཡིན་གར་ཡོང་མ་འདྲི།།
ལོ་ཟླའི་གོང་ཁ་བརྒྱུད་ནས།།
བརྩེ་བ་སེམས་སུ་གཉེར་བཞིན།།
ཁྱེད་ཀྱི་ཤག་ཏུ་ཐོན་ཡོད།།
བརྩེ་དུང་བརྩེ་དུང་ཟེར་བ།།
ཁྱེད་ཀྱིས་མི་ཤེས་མ་གསུངས།།
ངས་ཀྱང་རྟོགས་པ་མིན་ཡང་།།
དུངས་པའི་བདེན་པ་ལོས་ཤེས།།
མཛའ་བའི་སེམས་གཏམ་གློད་དུས།།
མ་བཤད་མི་ཉན་མ་གསུངས།།
དུངས་པའི་སྙིང་གཏམ་ཟེགས་མ།།
སེམས་ཀྱི་ཆུ་མིག་རྒྱུན་ཡིན།།
ཁྱིམ་གྱི་སྒྲིག་སྲོལ་དམ་ཡང་།།
ཕ་མའི་བཀའ་གསུངས་བཙན་རུང་།།
མི་འགྱུར་བརྩེ་སེམས་མཚོ་ལ།།
མཐུན་པའི་ཉ་མོ་ལོས་འཁྱུག།
དྲན་པའི་སྣང་དུ་འཆར་བ།།
ཟླ་འོད་བསིལ་བའི་མཚན་དུ།།
སེམས་དང་སེམས་པ་འདྲེས་སའི།།
ན་ཆུང་གཞི་འཛོམས་གླིང་ག།
ཡིད་ཀྱི་གཏིང་དུ་རྣག་པ།།
སྙིང་གཏམ་དམར་པོ་མེ་དཔུང་།།
སེམས་ཀྱི་ཟབ་སར་སྦར་ཡང་།
དུངས་པའི་དྲོད་ཁོལ་མ་སྦྱིན།།
ཨ་རོགས་སྒྲོལ་མ་ལོ་ལོ།།
སེམས་པ་ཤོག་ཙེ་འདྲ་བོ།།
བརྩེ་བའི་སྣུམ་གྱིས་སིམ་པ་།།
ད་ནི་དག་ཐབས་མི་འདུག
དུངས་པའི་ཆུ་མིག་ཀྱ་ཀྱུར།།
སེམས་ཀྱི་གྲམ་གཞུང་བརྒྱུད་པ།།
ཚོར་བས་བརླན་གཤེར་བསིལ་མ།།
མི་ཚོར་མ་ཤེས་མ་ལབ།།
རྒྱུས་ཆེན་བུ་ལོ་ང་མིན།།
དཔོན་ཆེན་སྐུ་སྲས་ང་མིན།།
གཞུང་དྲང་ཁྲེད་ཡོད་ཚུལ་མཐུན།།
ལྡོམ་པོ་བུ་ལོ་ང་ཡིན།།
ཁྱི་ལ་ནོམ་པ་མེད་རུང་།།
ལག་ཏུ་དངུལ་ལོར་ཉུང་ཡང་།།
སྐྱིད་སྡུག་མཉམ་དུ་མྱོང་བ།།
དམ་ཚིག་རྡོ་རྗེ་མདུད་ཡིན།།
དྲན་པའི་སྒོ་གླེགས་ཕྱེ་ནས།།
དུངས་པའི་གཟིམ་ཆུང་འགྲིམས་དུས།།
མཛའ་བའི་ཆུ་མིག་རྒྱུན་དེས།
སེམས་པའི་བུ་ག་བརྟོལ་ཡོང་།།
རྣ་རྒྱན་ཨ་ལོང་ཆ་འགྲིག།
མཛུབ་དཀྲིས་དུང་གི་ཟླ་བ།།
ཞལ་རས་མེ་ཏོག་འཛུམ་ཆུང་།།
ཕོ་ངའི་སྙིང་དུ་བརྐོས་སོང་།།
ལྷུན་ཆགས་གཞན་ཕན་ཀུན་མཐུན།།
གཡོ་མེད་སྒྱུ་བྲལ་དྲེགས་སྟོངས།།
ངག་འཇམ་ཚིག་གི་ལྷོད་ཤ།།
ཕོ་ངའི་སེམས་སུ་བཞད་སོང་།།
བརྩེ་བའི་ཁོལ་དུ་གྱུར་ཞིང་།།
དྲན་པས་རྒྱ་རུ་ཚུད་པའི།།
ཉི་ཤུའི་མཐོང་ག་འཛིན་པའི།།
བུ་ཕོའི་སེམས་ཀྱི་རི་མོ།།
མི་ཚེ་དགུང་འདེགས་དར་ཤིང་།།
ལང་ཚོ་དར་ལྕེ་ཕྲ་མོ།།
བརྩེ་བའི་བསིལ་རླུང་འཇམ་པོ།།
ཁྱེད་ཀྱི་ཉམས་ལ་ཆགས་སོང་།།
ཐག་རིང་ལམ་གྱི་འགྲུལ་བཞུད།།
ཚེ་གཅིག་དམིགས་ས་ཡིན་རུང་།།
དུངས་ཞེན་ལོ་མའི་སླད་དུ།།
འགྲུལ་བཞུད་རྒྱང་དུ་སྤྱུགས་ཆོག།
བདེན་པ་སེམས་ཀྱི་རྒྱ་མར།།
གང་གི་ཡོ་འཁྱོག་མེད་དེ།།
བརྩེ་བ་རྒྱ་མཚོའི་སླད་དུ།།
རྒྱ་རྡོ་མེ་རུ་བཞུས་ཆོག
སྟོད་ཕྱོགས་འབྲོག་གི་བུ་མོ།།
ཕ་བཟང་གཡང་གི་བདག་མོ།
སྨད་ཕྱོགས་རོང་གི་བུ་མོ།།
མ་བཟང་འབྲུ་ཡི་བདག་མོ།།
དྭངས་གཙང་སེམས་ཀྱི་མཆོད་མེ།།
བུ་ངའི་སྙིང་དུ་སྒྲོན་དང་།།
མཛའ་བའི་འོད་ཀོར་ཟླུམ་པོས།།
ཁྱེད་ཀྱི་ཡིད་མུན་སེལ་འོང་།།
དགོང་གི་ཟླ་བ་ཁེར་འགྲོ།།
ས་ཡི་དྲན་པ་ཁེར་རྐྱང་།།
མ་བགྲོས་གཅིག་མཐུན་བང་ག།
ཁྱེད་ཀྱི་ཕྱོགས་སུ་བཅིབས་འགྲོ།
ཁུ་བྱུག་ལྷོ་ནས་སླེབས་དུས།།
ཡུན་རིང་སེམས་ཀྱི་སྒུག་པའི།།
བརྩེ་བའི་ཆུ་མིག་དྭངས་མོས།།
བདག་གི་རེ་སྐོམ་སོལ་དང་།།
གསེར་མདོག་གོས་ཀྱིས་སྤུད་པའི།།
བརྩེ་བའི་འབྲས་རྡོག་སྙིང་བོ།།
དུངས་པའི་ལོ་འདའི་གསེབ་ནས།།
ཁྱེད་ཀྱི་སེམས་སུ་སྨིན་འོང་།།
                          2011 6 1  
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུང་སེམས་ཆུ་མིག་བཞུར་རྒྱུན།

2011-06-09 སེང་ཆེན།༼པེ་ཅིང༽ ཀློག་གྲངས། མཆན ཡོད།

           __སྒྲོལ་མར་བླངས་པའི་མཛའ་གླུ།
                              
དྲན་ཤིང་ཐ་གུས་བཀྱིགས་པའི།།
སེམས་ཀྱི་ཕོ་ཉ་གཞོན་ནུ།།
ལན་གཅིག་ཁྱེད་དང་མཇལ་བས།།
དུངས་པའི་སྒྲོག་གིས་བཅིངས་སོང་།།
སུ་ཡིན་གར་ཡོང་མ་འདྲི།།
ལོ་ཟླའི་གོང་ཁ་བརྒྱུད་ནས།།
བརྩེ་བ་སེམས་སུ་གཉེར་བཞིན།།
ཁྱེད་ཀྱི་ཤག་ཏུ་ཐོན་ཡོད།།
བརྩེ་དུང་བརྩེ་དུང་ཟེར་བ།།
ཁྱེད་ཀྱིས་མི་ཤེས་མ་གསུངས།།
ངས་ཀྱང་རྟོགས་པ་མིན་ཡང་།།
དུངས་པའི་བདེན་པ་ལོས་ཤེས།།
མཛའ་བའི་སེམས་གཏམ་གློད་དུས།།
མ་བཤད་མི་ཉན་མ་གསུངས།།
དུངས་པའི་སྙིང་གཏམ་ཟེགས་མ།།
སེམས་ཀྱི་ཆུ་མིག་རྒྱུན་ཡིན།།
ཁྱིམ་གྱི་སྒྲིག་སྲོལ་དམ་ཡང་།།
ཕ་མའི་བཀའ་གསུངས་བཙན་རུང་།།
མི་འགྱུར་བརྩེ་སེམས་མཚོ་ལ།།
མཐུན་པའི་ཉ་མོ་ལོས་འཁྱུག།
དྲན་པའི་སྣང་དུ་འཆར་བ།།
ཟླ་འོད་བསིལ་བའི་མཚན་དུ།།
སེམས་དང་སེམས་པ་འདྲེས་སའི།།
ན་ཆུང་གཞི་འཛོམས་གླིང་ག།
ཡིད་ཀྱི་གཏིང་དུ་རྣག་པ།།
སྙིང་གཏམ་དམར་པོ་མེ་དཔུང་།།
སེམས་ཀྱི་ཟབ་སར་སྦར་ཡང་།
དུངས་པའི་དྲོད་ཁོལ་མ་སྦྱིན།།
ཨ་རོགས་སྒྲོལ་མ་ལོ་ལོ།།
སེམས་པ་ཤོག་ཙེ་འདྲ་བོ།།
བརྩེ་བའི་སྣུམ་གྱིས་སིམ་པ་།།
ད་ནི་དག་ཐབས་མི་འདུག
དུངས་པའི་ཆུ་མིག་ཀྱ་ཀྱུར།།
སེམས་ཀྱི་གྲམ་གཞུང་བརྒྱུད་པ།།
ཚོར་བས་བརླན་གཤེར་བསིལ་མ།།
མི་ཚོར་མ་ཤེས་མ་ལབ།།
རྒྱུས་ཆེན་བུ་ལོ་ང་མིན།།
དཔོན་ཆེན་སྐུ་སྲས་ང་མིན།།
གཞུང་དྲང་ཁྲེད་ཡོད་ཚུལ་མཐུན།།
ལྡོམ་པོ་བུ་ལོ་ང་ཡིན།།
ཁྱི་ལ་ནོམ་པ་མེད་རུང་།།
ལག་ཏུ་དངུལ་ལོར་ཉུང་ཡང་།།
སྐྱིད་སྡུག་མཉམ་དུ་མྱོང་བ།།
དམ་ཚིག་རྡོ་རྗེ་མདུད་ཡིན།།
དྲན་པའི་སྒོ་གླེགས་ཕྱེ་ནས།།
དུངས་པའི་གཟིམ་ཆུང་འགྲིམས་དུས།།
མཛའ་བའི་ཆུ་མིག་རྒྱུན་དེས།
སེམས་པའི་བུ་ག་བརྟོལ་ཡོང་།།
རྣ་རྒྱན་ཨ་ལོང་ཆ་འགྲིག།
མཛུབ་དཀྲིས་དུང་གི་ཟླ་བ།།
ཞལ་རས་མེ་ཏོག་འཛུམ་ཆུང་།།
ཕོ་ངའི་སྙིང་དུ་བརྐོས་སོང་།།
ལྷུན་ཆགས་གཞན་ཕན་ཀུན་མཐུན།།
གཡོ་མེད་སྒྱུ་བྲལ་དྲེགས་སྟོངས།།
ངག་འཇམ་ཚིག་གི་ལྷོད་ཤ།།
ཕོ་ངའི་སེམས་སུ་བཞད་སོང་།།
བརྩེ་བའི་ཁོལ་དུ་གྱུར་ཞིང་།།
དྲན་པས་རྒྱ་རུ་ཚུད་པའི།།
ཉི་ཤུའི་མཐོང་ག་འཛིན་པའི།།
བུ་ཕོའི་སེམས་ཀྱི་རི་མོ།།
མི་ཚེ་དགུང་འདེགས་དར་ཤིང་།།
ལང་ཚོ་དར་ལྕེ་ཕྲ་མོ།།
བརྩེ་བའི་བསིལ་རླུང་འཇམ་པོ།།
ཁྱེད་ཀྱི་ཉམས་ལ་ཆགས་སོང་།།
ཐག་རིང་ལམ་གྱི་འགྲུལ་བཞུད།།
ཚེ་གཅིག་དམིགས་ས་ཡིན་རུང་།།
དུངས་ཞེན་ལོ་མའི་སླད་དུ།།
འགྲུལ་བཞུད་རྒྱང་དུ་སྤྱུགས་ཆོག།
བདེན་པ་སེམས་ཀྱི་རྒྱ་མར།།
གང་གི་ཡོ་འཁྱོག་མེད་དེ།།
བརྩེ་བ་རྒྱ་མཚོའི་སླད་དུ།།
རྒྱ་རྡོ་མེ་རུ་བཞུས་ཆོག
སྟོད་ཕྱོགས་འབྲོག་གི་བུ་མོ།།
ཕ་བཟང་གཡང་གི་བདག་མོ།
སྨད་ཕྱོགས་རོང་གི་བུ་མོ།།
མ་བཟང་འབྲུ་ཡི་བདག་མོ།།
དྭངས་གཙང་སེམས་ཀྱི་མཆོད་མེ།།
བུ་ངའི་སྙིང་དུ་སྒྲོན་དང་།།
མཛའ་བའི་འོད་ཀོར་ཟླུམ་པོས།།
ཁྱེད་ཀྱི་ཡིད་མུན་སེལ་འོང་།།
དགོང་གི་ཟླ་བ་ཁེར་འགྲོ།།
ས་ཡི་དྲན་པ་ཁེར་རྐྱང་།།
མ་བགྲོས་གཅིག་མཐུན་བང་ག།
ཁྱེད་ཀྱི་ཕྱོགས་སུ་བཅིབས་འགྲོ།
ཁུ་བྱུག་ལྷོ་ནས་སླེབས་དུས།།
ཡུན་རིང་སེམས་ཀྱི་སྒུག་པའི།།
བརྩེ་བའི་ཆུ་མིག་དྭངས་མོས།།
བདག་གི་རེ་སྐོམ་སོལ་དང་།།
གསེར་མདོག་གོས་ཀྱིས་སྤུད་པའི།།
བརྩེ་བའི་འབྲས་རྡོག་སྙིང་བོ།།
དུངས་པའི་ལོ་འདའི་གསེབ་ནས།།
ཁྱེད་ཀྱི་སེམས་སུ་སྨིན་འོང་།།
                          2011 6 1  
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།