རེབ་གོང་།


མེས་པོ་དག་གིས་   རི་བོ་ཕྱི་ཤུན་མེད་པ་དག་ལ་བལྟས་ཏེ་
འཁོར་བ་སྡུག་བསྔལ་དང་འདིར་སྣང་ལ་སྙིང་བོ་མེད་པའི་མགུར་གླུ་བླངས་
དེ་རྗེས་   རི་རྩེ་རེ་ནས་ཁེར་རྐྱང་གི་གནས་མལ་རེ་བཟུང་ནས་བསྡད་

 སྟོད་ཀྱི་སྦྲ་ནག་ཁྲི་སྡེ་ཡི་མངའ་ཐང་ཉམས་ཞིང་
སྨད་ཀྱི་འབྲུ་དྲུག་གི་མགོ་ལྕོག་ལྡེམ་སའི་ཞིང་ས་སྐམ་དུས་
ཁྱེད་ལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་
དེ་བས་   འདི་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་ལ་འཆི་སྐར་ཡང་ཡིན་སྲིད་

རེབ་གོང་ཨཱ       རེབ་གོང་
རྣམ་ཤེས་མགུར་གླུ་ཞིག་གི་ངོ་བོར་འཐིམས་པའི་མེས་པོས་
སེམས་ཀྱི་རྡོག་ཁྲེས་ཡོད་ཚད་ཐང་ལ་བཞག་ནས་ངལ་གསོ་བྱས་
དེ་དུས་   ཁྱེད་ཀྱི་ཁྲག་རྒྱུན་རིང་མོའང་གང་དུ་བཞུར་ཞིང་གང་ལ་འཐིམས་

                                         ༢༠༡༡ལོའི་ཟླ་༤པའི་ཚེས་༡༨ཉིན་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་གོང་།

2011-05-27 མགར་ཚང་། ཀློག་གྲངས། མཆན ཡོད།


མེས་པོ་དག་གིས་   རི་བོ་ཕྱི་ཤུན་མེད་པ་དག་ལ་བལྟས་ཏེ་
འཁོར་བ་སྡུག་བསྔལ་དང་འདིར་སྣང་ལ་སྙིང་བོ་མེད་པའི་མགུར་གླུ་བླངས་
དེ་རྗེས་   རི་རྩེ་རེ་ནས་ཁེར་རྐྱང་གི་གནས་མལ་རེ་བཟུང་ནས་བསྡད་

 སྟོད་ཀྱི་སྦྲ་ནག་ཁྲི་སྡེ་ཡི་མངའ་ཐང་ཉམས་ཞིང་
སྨད་ཀྱི་འབྲུ་དྲུག་གི་མགོ་ལྕོག་ལྡེམ་སའི་ཞིང་ས་སྐམ་དུས་
ཁྱེད་ལ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཟེར་
དེ་བས་   འདི་ནི་ཁྱེད་ཀྱི་སྐྱེས་སྐར་ཡིན་ལ་འཆི་སྐར་ཡང་ཡིན་སྲིད་

རེབ་གོང་ཨཱ       རེབ་གོང་
རྣམ་ཤེས་མགུར་གླུ་ཞིག་གི་ངོ་བོར་འཐིམས་པའི་མེས་པོས་
སེམས་ཀྱི་རྡོག་ཁྲེས་ཡོད་ཚད་ཐང་ལ་བཞག་ནས་ངལ་གསོ་བྱས་
དེ་དུས་   ཁྱེད་ཀྱི་ཁྲག་རྒྱུན་རིང་མོའང་གང་དུ་བཞུར་ཞིང་གང་ལ་འཐིམས་

                                         ༢༠༡༡ལོའི་ཟླ་༤པའི་ཚེས་༡༨ཉིན་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།