ཨ་ཁུ་ཉི་མའི་ཉིན་གཅིག

              ༡
གསེར་གྱི་ཞུན་ཐིགས་ལྟ་བུའི་ཉི་འོད།
ཕན་ཚུན་ལག་རྡང་སྦྲེལ་བའི་རི་བོའི་རྩེ་ལ་བླུགས།
ཆོན་ཐག་གི་སྣེ་རུ།
བ་མོས་བཅོམས་པའི་དབུ་ལ་བྱིལ་བྱིལ་བྱེད་བཞིན།
“གནའ་སྔ་མོ་སྔ་མོ་ཞིག་ལ་་་་་་་”
ཡང་བསྐྱར་གཏམ་རྒྱུད་དེའི་དབུ་བསླངས་སོང་།
                    ༢
གཡུལ་ལ་ཆས་པའི་རྨ་ཆུའི་འགྲམ་ན།
ཀླད་དུ་འཁོར་བའི་ཉི་འོད་ལ་བྱོལ་བཞིན།
རྒྱང་རིང་རྒྱང་རིང་གི་གནས།
མེས་པོའི་ཞབས་རྗེས་མེད་པའི་རི་བོ་དེའི་ཕ་རོལ་ནས།
སུ་ཞིག་གིས་དཔུང་འཇུག་བྱེད་པར་ཡིད་མ་ཆེས།
                  ༣
ལ་འོག་ཏུ་ལྷུང་བའི་ཉི་འོད་དེའི་ཁྲོད།
ཐེད་བཞིན་པའི་ལ་ཁའི་དར་ལྕོག
འཕུར་ལ་ཉེ་བའི་སྦྲ་ནག་ལ་གཟིགས།
དེ་དང་ལྷན་དུ།
གཏམ་རྒྱུད་ལས་གྲུབ་པའི་མི་དག་ལ་སེམས་ཁུར་ཞིག
                 ༤
ཉི་འོད་མེད།
ཟླ་བའང་མེད།
གཟིམ་ཁད་ཀྱི་མར་མེ་དེའི་འོག་ནས།
ཞིག་ཉེ་པའི་ཐབ་ཀ་དེའི་ལོགས་ནས།
ཡིད་མི་ཆེས་པའི་ཉམས་ཤིག་སྟོན་བཞིན།
ཁེར་རྐྱང་དུ་ལུས་སོང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་ཉི་མའི་ཉིན་གཅིག

2011-05-27 ནམ་མཁོ། ཀློག་གྲངས། མཆན ཡོད།

              ༡
གསེར་གྱི་ཞུན་ཐིགས་ལྟ་བུའི་ཉི་འོད།
ཕན་ཚུན་ལག་རྡང་སྦྲེལ་བའི་རི་བོའི་རྩེ་ལ་བླུགས།
ཆོན་ཐག་གི་སྣེ་རུ།
བ་མོས་བཅོམས་པའི་དབུ་ལ་བྱིལ་བྱིལ་བྱེད་བཞིན།
“གནའ་སྔ་མོ་སྔ་མོ་ཞིག་ལ་་་་་་་”
ཡང་བསྐྱར་གཏམ་རྒྱུད་དེའི་དབུ་བསླངས་སོང་།
                    ༢
གཡུལ་ལ་ཆས་པའི་རྨ་ཆུའི་འགྲམ་ན།
ཀླད་དུ་འཁོར་བའི་ཉི་འོད་ལ་བྱོལ་བཞིན།
རྒྱང་རིང་རྒྱང་རིང་གི་གནས།
མེས་པོའི་ཞབས་རྗེས་མེད་པའི་རི་བོ་དེའི་ཕ་རོལ་ནས།
སུ་ཞིག་གིས་དཔུང་འཇུག་བྱེད་པར་ཡིད་མ་ཆེས།
                  ༣
ལ་འོག་ཏུ་ལྷུང་བའི་ཉི་འོད་དེའི་ཁྲོད།
ཐེད་བཞིན་པའི་ལ་ཁའི་དར་ལྕོག
འཕུར་ལ་ཉེ་བའི་སྦྲ་ནག་ལ་གཟིགས།
དེ་དང་ལྷན་དུ།
གཏམ་རྒྱུད་ལས་གྲུབ་པའི་མི་དག་ལ་སེམས་ཁུར་ཞིག
                 ༤
ཉི་འོད་མེད།
ཟླ་བའང་མེད།
གཟིམ་ཁད་ཀྱི་མར་མེ་དེའི་འོག་ནས།
ཞིག་ཉེ་པའི་ཐབ་ཀ་དེའི་ལོགས་ནས།
ཡིད་མི་ཆེས་པའི་ཉམས་ཤིག་སྟོན་བཞིན།
ཁེར་རྐྱང་དུ་ལུས་སོང་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།