དུངས་པའི་ཁྲག༼ཞར་བཀོད་གཅིག་ཡོད༽

ཁྲག་སྙུག༼དངུལ་རྭ་ལྷ་སྡེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-05-25


དགའ་བ་ནི་སུས་ཀྱང་བཀོལ་ཆོག་པའི་ཐ་སྙད་ཅིག་རེད
དགའ་བ་ནི་སུས་ཀྱང་མྱང་ཐུབ་པའི་བརྡ་མཚོན་ཙམ་རེད
དགའ་བ་མེད་ན
མྱིའི་ནང་སེམས་ལ་ཁ་དོག་བྲལ་ཞིང
མྱིའི་ཟུངས་ཁྲག་ལ་དྲོད་ཁོལ་མེད
དགའ་བ་མེད་ན
མྱི་ནི་མྱི་མ་ཡིན་པར
མྱི་ནི་ཆེས་སྤྱིར་བཏང་གི་སྲོག་ཆགས་ཙམ་རེད

ང་ཁྱེད་ལ་དགའ་དོན
ཁྱེད་མཛེས་དྲགས་པས་མ་རེད
ང་ཁྱེད་ལ་དགའ་དོན
ཁྱེད་ཀྱི་ལུས་སྟེང་ནས་འགྲོ་བ་མྱི་སུ་ལའང་མེད་པའི
བདག་སེམས་ཀྱི་གསོན་དྲི་སྣོམ་ཐུབ་པས་ཡིན
འདི་ནི་དུངས་པའི་ཁྲག་ཡིན
            
          གླེང་སློང་བ
ཁྱེད་རང་མེ་ཏོག་ཅིག་ཏུ་དཔེ་བཞག་ན
ང་ནི་སྣང་བར་ཡན་པའི་སྦྲང་ཆུང་ཞིག་གི་ཚབ་བྱེད
ཁྱེད་རང་སྦྲང་ཆུང་ཞིག་གི་ཚབ་བྱེད་ན
ང་ནི་རྣམ་པར་བཀྲ་བའི་མེ་ཏོག་ཅིག་གི་དཔེ་ལེན
ཡིན་ནའང་མེ་ཏོག་དང་སྦྲང་ཆུང་གང་ཡང་མ་ཡིན་པའི་ཁྱེད
ངའི་བར་སྣང་འདིར་འཕུར་ནས་ལོ་ཟླ་ག་ཚོད་འགོར
 
མིང་གིས་བོས་ཀྱང་ཨ་ལན་མི་སྟེར་བའི་ཁྱེད
ལག་པས་བསྲིངས་ཀྱང་ཡ་ལན་མི་སྤྲོད་པའི་ཁྱེད
ཁྱེད་བསམ་ན་ངའི་མིག་ཆུ་འཐོར་གི
 
དྲན་གདུང་སྙན་ངག་གིས་བརྫིས་པའི་ང
མིག་ཆུ་སྙིང་དམར་གྱིས་མིད་པའི་ང
ང་ཁོ་ནར་དབང་བའི་ཁྱེད་ཀྱི་འཇིག་རྟེན
ང་གཅིག་པུར་ཡོད་པའི་ཁྱེད་ཀྱི་ནམ་མཁའ
ནམ་མཁའ་དེ་སུ་ཞིག་གི་གཏོར་འགྲོ་བསམ་གི
 
གཉོམ་ལ་ཆུང་བའི་ངའི་སྙིང་དམར་ལུ་གུ་འདྲ་བོ
ཁྱེད་ཀྱི་ལག་ནང་དུ་བཞག་པའི་ཉིན་དེ་ནས
ཉིན་དེ་ནས་བཟུང
ཁྱེད་ཀྱིས་ངའི་སེམས་པ་སོ་ཁམ་དུ་བཏབ་ཡོད
 
ཁྱེད་དྲན་པའི་མཚན་ལམ་རིང་མོ
བསམ་གཞིག་ལྟ་བུའི་ཐ་མག་རྐང་གཅིག་གིས་རྔུབ
ཁྱེད་མེད་པའི་ཁེར་ལམ་ཕྲ་མོ
དྲན་གདུང་ལྟ་བུའི་བདུད་རྩི་ཕོར་གང་གིས་བཟི
 
བུ་མོ སེམས་ཀྱི་ཟབ་སར་འཁོར་བའི་བུ་མོ
ཁྱེད་ལ་གཏད་པའི་མིག་ཟུང་ཆ་གཅིག་གི་སྙན་ངག
སྙན་ངག་དེ་དུངས་བའི་ཁྲག་གིས་བྲིས་ལ
ཁྲག་དེ་ནི་དམར་པོ་དམར་རྐྱང་ཡིན
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུངས་པའི་ཁྲག༼ཞར་བཀོད་གཅིག་ཡོད༽

2011-05-25 ཁྲག་སྙུག༼དངུལ་རྭ་ལྷ་སྡེ༽ ཀློག་གྲངས། མཆན ཡོད།


དགའ་བ་ནི་སུས་ཀྱང་བཀོལ་ཆོག་པའི་ཐ་སྙད་ཅིག་རེད
དགའ་བ་ནི་སུས་ཀྱང་མྱང་ཐུབ་པའི་བརྡ་མཚོན་ཙམ་རེད
དགའ་བ་མེད་ན
མྱིའི་ནང་སེམས་ལ་ཁ་དོག་བྲལ་ཞིང
མྱིའི་ཟུངས་ཁྲག་ལ་དྲོད་ཁོལ་མེད
དགའ་བ་མེད་ན
མྱི་ནི་མྱི་མ་ཡིན་པར
མྱི་ནི་ཆེས་སྤྱིར་བཏང་གི་སྲོག་ཆགས་ཙམ་རེད

ང་ཁྱེད་ལ་དགའ་དོན
ཁྱེད་མཛེས་དྲགས་པས་མ་རེད
ང་ཁྱེད་ལ་དགའ་དོན
ཁྱེད་ཀྱི་ལུས་སྟེང་ནས་འགྲོ་བ་མྱི་སུ་ལའང་མེད་པའི
བདག་སེམས་ཀྱི་གསོན་དྲི་སྣོམ་ཐུབ་པས་ཡིན
འདི་ནི་དུངས་པའི་ཁྲག་ཡིན
            
          གླེང་སློང་བ
ཁྱེད་རང་མེ་ཏོག་ཅིག་ཏུ་དཔེ་བཞག་ན
ང་ནི་སྣང་བར་ཡན་པའི་སྦྲང་ཆུང་ཞིག་གི་ཚབ་བྱེད
ཁྱེད་རང་སྦྲང་ཆུང་ཞིག་གི་ཚབ་བྱེད་ན
ང་ནི་རྣམ་པར་བཀྲ་བའི་མེ་ཏོག་ཅིག་གི་དཔེ་ལེན
ཡིན་ནའང་མེ་ཏོག་དང་སྦྲང་ཆུང་གང་ཡང་མ་ཡིན་པའི་ཁྱེད
ངའི་བར་སྣང་འདིར་འཕུར་ནས་ལོ་ཟླ་ག་ཚོད་འགོར
 
མིང་གིས་བོས་ཀྱང་ཨ་ལན་མི་སྟེར་བའི་ཁྱེད
ལག་པས་བསྲིངས་ཀྱང་ཡ་ལན་མི་སྤྲོད་པའི་ཁྱེད
ཁྱེད་བསམ་ན་ངའི་མིག་ཆུ་འཐོར་གི
 
དྲན་གདུང་སྙན་ངག་གིས་བརྫིས་པའི་ང
མིག་ཆུ་སྙིང་དམར་གྱིས་མིད་པའི་ང
ང་ཁོ་ནར་དབང་བའི་ཁྱེད་ཀྱི་འཇིག་རྟེན
ང་གཅིག་པུར་ཡོད་པའི་ཁྱེད་ཀྱི་ནམ་མཁའ
ནམ་མཁའ་དེ་སུ་ཞིག་གི་གཏོར་འགྲོ་བསམ་གི
 
གཉོམ་ལ་ཆུང་བའི་ངའི་སྙིང་དམར་ལུ་གུ་འདྲ་བོ
ཁྱེད་ཀྱི་ལག་ནང་དུ་བཞག་པའི་ཉིན་དེ་ནས
ཉིན་དེ་ནས་བཟུང
ཁྱེད་ཀྱིས་ངའི་སེམས་པ་སོ་ཁམ་དུ་བཏབ་ཡོད
 
ཁྱེད་དྲན་པའི་མཚན་ལམ་རིང་མོ
བསམ་གཞིག་ལྟ་བུའི་ཐ་མག་རྐང་གཅིག་གིས་རྔུབ
ཁྱེད་མེད་པའི་ཁེར་ལམ་ཕྲ་མོ
དྲན་གདུང་ལྟ་བུའི་བདུད་རྩི་ཕོར་གང་གིས་བཟི
 
བུ་མོ སེམས་ཀྱི་ཟབ་སར་འཁོར་བའི་བུ་མོ
ཁྱེད་ལ་གཏད་པའི་མིག་ཟུང་ཆ་གཅིག་གི་སྙན་ངག
སྙན་ངག་དེ་དུངས་བའི་ཁྲག་གིས་བྲིས་ལ
ཁྲག་དེ་ནི་དམར་པོ་དམར་རྐྱང་ཡིན
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།