ཨ་མ། དེ་རིང་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད།


ཨ་མ   ཁྱེད་ཀྱིས་སྦྲ་སྒོ་ཁྱོགས་དང
ངས་རང་གིས་ཐེག་ཚོད་ཅིག་ཁུར་ནས་ཕྱིར་རང་ཁྱིམ་ལ་ལོགས་ཡོད
སྦྲ་སྒོ་དེ་ནམ་རྒྱུན་དང་མི་འདྲ་བར་མཐོན་པོར་མ་བཀྱག་ན
ངས་རིག་པའི་གཤོག་ཟུང་སྤྲད་ནས་ཡོད
ངས་སྤོབས་པའི་མེ་ལྕེ་ཁྱེར་ནས་ཡོད
 
 ཨ་མ   དེ་རིང་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད
གཏམ་རྒྱུད་འདི《མི་རོ་རྩེ་སྒྲུང》མིན་ལ
《མདོ་མཛངས་བླུན》ཡང་མིན
གཏམ་རྒྱུད་འདིའི་ཁ་བྱང་ལ་སྙན་ངག་ཟེར་ལ
སྙན་ངག་ཀྱང་དེ་རིང་བྱུང་བ་ཞིག་ག་ལ་ཡིན 
 
ཁྱེད་ཀྱིས་ཡི་གེ་མི་ཤེསཔའི་རྐྱེན་གྱིས
སྙན་ངག་ཟེར་དུས་ཐག་རིང་ཞིག་ཏུ་འདོད་མོད
ཁྱེད་ཀྱིས་སྙན་ངག་ནི་སྐད་ཆ་ཞིག་ཏུ་ངེས་བཟུང་ན་ཆོག
སྐད་ཆ་དེ་ཡང་རྫུན་གྱིས་མ་སླད་པའི་སྐད་ཆ་ཞིག
 
 
ཁྱེད་ཀྱིས་སྙན་ངག་མ་ཤེས་ཀྱང་འགྱོད་པ་སྐྱེས་མི་དགོས
ངས་ཁྱེད་དང་མིང་སྲིང་ཚོའི་ཆེད་དུ་སྙན་ངག་འབྲི་གྱིན་ཡོད
ངས་རང་གི་ལྟོ་མདུན་དོར་ནས་སྙན་ངག་འབྲི་གྱིན་ཡོད
ངས་རང་གི་ཁེ་གྲགས་བོར་ནས་སྙན་ངག་འབྲི་གྱིན་ཡོད
 
 ནམ་ཞིག་ང་ལ་ཁྱེད་ཀྱིས་དང་ལེན་བྱེད་མི་ཐུབ་པའི་སེམས་གཤིས་ཤིག་ཆགས་སྲིད
ནམ་ཞིག་ང་ལ་ཁྱེད་ཀྱི་ཡིད་ལ་འགོངས་པའི་སྤོབས་པ་ཞིག་སྐྱེས་སྲིད
འདི་ནི་གཏམ་རྒྱུད་ལ་ཁ་དོག་འཛོམས་པའི་ཉིན་མོ་ཡིན
འདི་ནི་གཏམ་རྒྱུད་ལ་བླ་སྲོག་ཐོགས་པའི་ཉིན་མོ་ཡིན
 
ངས་རང་གི་མགོ་ལུས་བྱེ་མར་བརྡུངས་ནས་རླུང་ལ་བསྐུར་བསམ་དུས
ཁྱེད་ཀྱིས་ང་ལ་སེམས་ཁྲལ་མ་བྱེད
ངས་སྤྱོད་པ་མི་དང་མི་མཐུན་པའི་ཟློས་གར་རེ་འཁྲབ་དུས
ཁྱེད་ལ་རྣམ་རྟོག་མ་སྐྱེས
འདི་ནི་སྙན་ངག་ཅིག་ཡིན     འདི་ནི་ཚོར་བ་ཞིག་ཡིན
 
 ཨ་མ དེ་རིང་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད
གཏམ་རྒྱུད་འདིའི་ཁ་བྱང་ལ་སྙན་ངག་ཟེར
                                       2010.5.4ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ། དེ་རིང་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད།

2011-05-21 ཀླད་གོར། ཀློག་གྲངས། མཆན ཡོད།


ཨ་མ   ཁྱེད་ཀྱིས་སྦྲ་སྒོ་ཁྱོགས་དང
ངས་རང་གིས་ཐེག་ཚོད་ཅིག་ཁུར་ནས་ཕྱིར་རང་ཁྱིམ་ལ་ལོགས་ཡོད
སྦྲ་སྒོ་དེ་ནམ་རྒྱུན་དང་མི་འདྲ་བར་མཐོན་པོར་མ་བཀྱག་ན
ངས་རིག་པའི་གཤོག་ཟུང་སྤྲད་ནས་ཡོད
ངས་སྤོབས་པའི་མེ་ལྕེ་ཁྱེར་ནས་ཡོད
 
 ཨ་མ   དེ་རིང་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད
གཏམ་རྒྱུད་འདི《མི་རོ་རྩེ་སྒྲུང》མིན་ལ
《མདོ་མཛངས་བླུན》ཡང་མིན
གཏམ་རྒྱུད་འདིའི་ཁ་བྱང་ལ་སྙན་ངག་ཟེར་ལ
སྙན་ངག་ཀྱང་དེ་རིང་བྱུང་བ་ཞིག་ག་ལ་ཡིན 
 
ཁྱེད་ཀྱིས་ཡི་གེ་མི་ཤེསཔའི་རྐྱེན་གྱིས
སྙན་ངག་ཟེར་དུས་ཐག་རིང་ཞིག་ཏུ་འདོད་མོད
ཁྱེད་ཀྱིས་སྙན་ངག་ནི་སྐད་ཆ་ཞིག་ཏུ་ངེས་བཟུང་ན་ཆོག
སྐད་ཆ་དེ་ཡང་རྫུན་གྱིས་མ་སླད་པའི་སྐད་ཆ་ཞིག
 
 
ཁྱེད་ཀྱིས་སྙན་ངག་མ་ཤེས་ཀྱང་འགྱོད་པ་སྐྱེས་མི་དགོས
ངས་ཁྱེད་དང་མིང་སྲིང་ཚོའི་ཆེད་དུ་སྙན་ངག་འབྲི་གྱིན་ཡོད
ངས་རང་གི་ལྟོ་མདུན་དོར་ནས་སྙན་ངག་འབྲི་གྱིན་ཡོད
ངས་རང་གི་ཁེ་གྲགས་བོར་ནས་སྙན་ངག་འབྲི་གྱིན་ཡོད
 
 ནམ་ཞིག་ང་ལ་ཁྱེད་ཀྱིས་དང་ལེན་བྱེད་མི་ཐུབ་པའི་སེམས་གཤིས་ཤིག་ཆགས་སྲིད
ནམ་ཞིག་ང་ལ་ཁྱེད་ཀྱི་ཡིད་ལ་འགོངས་པའི་སྤོབས་པ་ཞིག་སྐྱེས་སྲིད
འདི་ནི་གཏམ་རྒྱུད་ལ་ཁ་དོག་འཛོམས་པའི་ཉིན་མོ་ཡིན
འདི་ནི་གཏམ་རྒྱུད་ལ་བླ་སྲོག་ཐོགས་པའི་ཉིན་མོ་ཡིན
 
ངས་རང་གི་མགོ་ལུས་བྱེ་མར་བརྡུངས་ནས་རླུང་ལ་བསྐུར་བསམ་དུས
ཁྱེད་ཀྱིས་ང་ལ་སེམས་ཁྲལ་མ་བྱེད
ངས་སྤྱོད་པ་མི་དང་མི་མཐུན་པའི་ཟློས་གར་རེ་འཁྲབ་དུས
ཁྱེད་ལ་རྣམ་རྟོག་མ་སྐྱེས
འདི་ནི་སྙན་ངག་ཅིག་ཡིན     འདི་ནི་ཚོར་བ་ཞིག་ཡིན
 
 ཨ་མ དེ་རིང་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད
གཏམ་རྒྱུད་འདིའི་ཁ་བྱང་ལ་སྙན་ངག་ཟེར
                                       2010.5.4ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།