རོ་ལ་བརྡུངས་པའི་རྔ་དབྱངས།

                   ༡
རླུང་ནང་ན་འབར་གྱིན་པའི་མར་མེ་དེ་ཁྱེད་རང་ཡིན་ནམ།
མཚོ་ཀློང་ན་སྐྱོམས་ཀྱིན་པའི་གཡོར་གྲུ་དེ་ཁྱེད་རང་ཡིན་ནམ།
འཆི་ཁར་དགད་མོ་དགོད་མཁན་དེའང་ཁྱེད་རང་ཡིན་ནམ།

རྗེས་སུ་ལུས་རུང་རྗེས་ལུས་པ་མིན་པའི་ང་ཚོ།
སྔོན་དུ་ཐོན་རུང་སྔོན་ཐོན་པ་མིན་པའི་ང་ཚོ།
ང་ཚོས་ང་ཚོ་སྐྱོབས་མི་ཐུབ་རུང་ང་ཚོས་སུ་ཞིག་སྐྱོབ་པར་འདོད་པའི་ང་ཚོ།
ངའི་སྙིང་ནས་གཅེས་པའི་རིགས་ཞེན་གྱི་སྤུན་ཟླ་ལགས།
                 ༢
དོན་དངོས་ལྷ་སྒྲུང་ལས་འདས་པའི་ཡུལ་ཞིག་ཏུ།
ཆོས་དཔེ་ནམ་མཁའ་ནས་ཟགས་པའི་དུས་དེ་ནས།
ང་ཚོ་ཅི་ཞིག་ལས་ཆེས་ཆེར་འགལ་བའི་སྔོན་ཐོན་པ་ཞིག་ཡིན་སྲིད་ལ།
ང་ཚོ་གང་ཞིག་ལས་མཐའ་མར་ལུས་པའི་རྗེས་ལུས་པ་ཞིག་ཀྱང་ཡིན་སྲིད།

སྲོང་བཙན་གྱི་གཟི་བྱིན་གོ་ལ་རུ་ཁྱབས་ཅིང།
ཁྲི་སྲོང་གི་སྟོབས་ཤུགས་འཛམ་གླིང་ལ་བསྐྱེད་པའི་དུས་དེ་ནས།
ང་ཚོ་འཛམ་གླིང་དབུ་རྩེའི་དཔའ་བོའི་མི་རིགས་འདི།
ཅི་འདྲའི་མགོ་བོ་བཀྱགས་ཆོག་ཆོག་ཞིག་རེད་ཨང།

རྩེད་ཐང་གི་གོང་པོ་རི་སྤྲེའུ་རྩེད་རྭ་རུ་གྱུར་པའི་དུས་དེ་ནས།
སྐྱེས་ས་ཡོད་པའི་མི་རིགས་ཞིག་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད།
ཅི་འདྲའི་འཛུམ་ཆོག་ཆོག་ཞིག་རེད་ཨང།
                    ༣
གཅན་གཟན་བྱ་རིགས་མཆེ་གཙེགས་སྡེར་མོ་འགྲད།
བྲག་རི་གཡང་གཟར་ནམ་མཁའི་སྙིང་འབིགས།
ཁ་བའི་གྲང་རེག་ས་ཆེན་བླ་འདར།
གཙང་པོའི་རྦ་རླབས་རི་བོའི་ཐོང་གཤགས།
ཡུལ་འདི་ནི་ཅི་འདྲའི་རྔམ་ཞིང་བརྗིད་པ་ཞིག་རེད་ཨང།

བཙག་རླུང་རྡུལ་གསུམ་འཐིབས་པའི་མཐོ་སྒང་གི་རི་སུལ་སྐྱ་མོ་དེ།
གངས་འཁྱགས་སེར་གསུམ་གྱིས་སྤུ་གྲི་འཁྱེར་བའི་མཐོ་སྒང་གི་སྦྲ་སྣག་སྨུག་ཆུང་དེ།
མེས་པོའི་ཤ་ཁྲག་གི་རིན་ཐང་འབེབས་སའི་འཐབ་རྭ་དམར་པོ་དེ་ཡིན།

གནམ་སྔོན་མོ་སྤྲིན་དཀར་རྒྱན་གྱིས་སྤུད།
ཆུ་དྭངས་མོས་སྙན་པོའི་ཅ་ཅོ་སྒྲོག།
སྤང་བདེ་མོར་རི་དྭགས་བག་བདེར་རྒྱུ།
རྩྭ་རྩི་ཤིང་སྨན་སྣའི་དྲི་ཞིམ་འཐུལ།
གནས་འདི་ནི་ཅི་འདྲའི་མཛེས་ཤིང་སྡུག་པ་ཞིག་རེད་ཨང།

གཡག་གུ་རོག་པོ་རྭ་རྩེ་འདར་སའི་གངས་རི་དཀར་པོ་དེ།
གྱི་ལིང་རྟ་མཆོག་ལྷང་ལྷང་འཚེར་སའི་ན་སྤང་ལེབ་མོ་དེ།
ཨ་མྱེས་སྒེག་མོའི་བྱིས་དུས་ཀྱི་ལ་གླུ་ལེན་སའི་རྩེད་རྭ་གྲུ་བཞི་དེ་ཡིན།

གཅིག་བྱས་ན་འཇིག་ཤིང་རྔམ་པ་དེས་སུ་ཞིག་གིས་འདོད་པ་ཡིད་བཞིན་བསྒྲུབ་མེད་པའང་ཡིན་སྲིད་ལ།
མཛེས་ཤིང་སྡུག་པ་དེས་གང་ཞིག་གིས་འགྲམ་ཆུ་འདི་ཕྱོགས་ལ་ལྡང་དང་ལྡང་བཞིན་ཡོད་ཨང།                 
 མི་འབོར་གྲོག་ཚང་བརྡོལ་བ་བཞིན་འབར་གས་ཀྱི་དུས་འདི་ལ།
རྡོ་སོལ་གྱི་ཁ་དབུགས་ན་བུན་བཞིན་གཙེས་པའི་ཡུལ་དེ་ནས།
སུ་ཞིག་གིས་འཆར་གཞི་སུ་ཞིག་གི་མགོ་ཐོག་ཏུ་འབྲི་བཞིན་ཡོད་པ་སུས་ཀྱང་ཤེས།
               ༤
ཐོན་མིའི་རྔུལ་ཆུ་མཐའ་ཡས་བྱེ་ཐང་དུ་འཐོར་ཞིང།
ཐོན་མིའི་ཞབས་རྗེས་རྒྱ་གར་གྱི་ལུང་གཞུང་གང་སར་བཞག་པའི་དུས་དེ་ནས།
ཀ་མད་སུམ་ཅུའི་ཡིག་ཕྲེང་ཐགས་སུ་བཏགས་པའི་ལོ་རྒྱུས་ཤིག།
བཅུ་ཕྲག་རིག་པའི་སྡེབ་ཁ་མཚོ་ལྟར་ཟབ་པའི་དེབ་ཐེར་ཤིག།
ས་ཆེན་འདིའི་ཕང་བ་ན་ལྗིད་ཏིག་གེར་བཞག་སོང།

ཕྲག་དང་རྔུལ་ཆུས་བཞེང་པའི་བཙན་པོའི་ཕ་མཁར།
ཀ་མད་ཚགས་སུ་བསྟར་བའི་ཡིག་མཛོད་རེ་རེ་ལས་ཕྱི་རུ་མངོན།
འོན་ཏེ་སྲིད་པའི་ཁམས་སུ་ཕབ་པའི་དམག་རྟའི་རྨིག་རྗེས་ཀྱི་ཤུལ་ལམ་རིང་མོ།
གསེར་གྱི་རི་བོ་འདྲ་བའི་སྐྱེས་ཆེན་ཚོའི་དཔའ་མཛངས་རྟུལ་ཕོད།
དུས་ད་ལྟ་ཉི་ནུབ་ཀྱི་རྡུལ་ཟེགས་བཞིན་མུན་པའི་རྔམ་ལ་འཐིམས།
གཉའ་ཁྲི་བཙན་པོ་ནས་དར་མ་འུ་དུམ།
ལུང་ཤར་ཚེ་རྒྱལ་ནས་དམ་པ་དགེ་ཆོས།
འབྲོང་གཡག་བཤར་ཤུལ་གྱི་ཁ་བའི་འོབས་སུ།
ནམ་ཡང་སྦ་རྒྱུ་ཡིན་ནམ།

གཡོ་སྒྱུ་མ་བཤད་ན་དབང་མེད་པའི་དེ་རིང།
ཧམ་པ་མ་བཤད་ན་འཚོ་མི་ཐུབ་པའི་དེ་རིང།
བཀའ་བསྟན་གྱི་གླེགས་བམ་བར་ནས་བཙན་པོའི་སྙིང་སྟོབས་བོར་ཞིང།
ཁྲ་ཁྲ་བཟིར་བཟིར་གྱི་ཁྲོད་ནས་རྒྱུ་འབྲས་རླུང་དུ་བསྐུར་རྒྱུ་ཡིན་ནམ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོ་ལ་བརྡུངས་པའི་རྔ་དབྱངས།

2011-07-26 མང་མཁར་བློ་ཕུན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།