ཕ་ཡུལ་དང་ཁ་གྱེས་པ།

ཨ་ཕའི་བློ་རྩ་ལྟ་བུའི་རྔམ་ཟིལ་གྱི་རི་བོའི་ཚོགས
ཇི་འདྲའི་བརྟན་ཞིང་བརླིང་ཨང
ཨ་མའི་བརྩེ་སེམས་ལྟ་བུའི་ཞིམ་མངར་གྱི་ཆུ་མོའི་ཚོགས
ཇི་འདྲའི་ཞི་ཞིང་དུལ་ཨང
 
སུ་ཞིག་གི་དྲོད་ཁོལ་མ་ཡལ་བའི་སྐྱ་ཧྲུལ་ཧྲུལ་གྱི་སློག་སྣེ་ལྟ་བུའི
མང་རའི་བྱེ་འགྲམ་གྱི་གཤོང་ཁུག་དེ་ནས
འབྲོང་གཡག་དར་མའི་ངུར་དབྱངས་འཐེན་འདྲའི་རླངས་འཁོར་གྱི་དུང་སྒྲ་རིང་
མོ་ལས
སྙིང་ཉེ་བའི་ཕ་ཡུལ་དང་གྱེས་འགོ་བརྩམས་དགོས་བྱུང་ཨང
མིག་ཟུང་ལྐོག་ལ་ལྷུང་བཞིན་པའི་གཉེན་ཉེ
སྨུག་པའི་དྲ་བར་ཚུད་བཞིན་པའི་གངས་རི
བློ་གཤོགས་ཀྱི་རྩ་རྐང་བསྐུམས་བཞིན་པའི་རྩྭ་ཐང
གད་སྙིགས་ཀྱི་ནད་འབུས་མནར་བའི་མང་ཆུ་སྔོན་མོ
。。。。。。。。
མདོར་ན  ངའི་མིག་ལ་སྣང་ཞིང་ཞེ་ལ་ཐོགས་པའི
ངའི་ཕ་ཡུལ་གྱི་སྣོད་བཅུད་མཐའ་དག་ཨང
 
དྲ་མ་ལས་མཐོང་བའི་གནས་འདིའི་ཡོད་ཚད་ཀྱི་ཡོད་ཚད
ཤྭ་འོད་ལྟ་བུའི་ཁྲོམ་སྲང་གི་མི་ཚོགས་དང་ལྷན་དུ
རླངས་འཁོར་གྱི་རྒྱབ་ཕྱོགས་སུ་བྲེལ་འཚུབ་འཚུབ་སྒོས་བཞུར་བཞིན་གདའ
མ་ཡུམ་སུ་ཞིག་གིས་ཕངས་སེམས་ངང་བསྐྱུར་བའི་མར་ལོ་དེ་དང་ཇི་འདྲའི་
མཚུངས་ཨང
སུ་ཞིག་གི་དམེ་གྲིས་བཏོད་པའི་རྨ་ཁ་དེ་དང་འདྲ་བའི་ཉག་ག་དག་བརྒྱུད་ནས
སུ་ཞིག་ལ་མྱ་ངན་ཞུ་འདྲའི་དར་ལྕོག་གི་སྐྱོ་དབྱངས་ཁྲོད་ནས
དམའ་ནས་དམའ་རུ་ཕྱིན་དུས
ལྟོང་མདའ་ཤོར་འདྲའི་རྟ་མཆོག་གང་དེའི་མགོ་བོ་དལ་གྱིས་སྨད་པ་ཇི་བཞིན
ནམ་འཕང་གཅོད་པའི་རྒོད་པོ་གང་དེའི་གཤོག་རྩ་ངང་གིས་ལྷོད་པ་ཇི་བཞིན
སུ་ཞིག་གི་ལྕགས་ཀྱི་མིད་ཐག་སྦོམ་པོ་དེའི་ནང་དུ་བཞུར་བ་དང་མཚུངས་ཨང
ངའི་མཐོང་སྣང་གི་ཡོད་ཚད་ཀྱི་ཡོད་ཚད་ཨང

མང་རྫོང  འཇག་རི་སུམ་མདོ  མདོ་རྩེ  བདེ་སྐྱིད་གཞུང
。。。。。。
ས་ཁི་སིའི་རོལ་དབྱངས་འཁྱིལ་འདྲའི་ངའི་དགོང་ཁའི་མཚམས་སྤྲིན་གྱི་མཛེས་
ངོགས་ནས་འཚོས་པའི
དཀར་བོང་བོང་གི་གངས་རི     ལྗང་ནེམ་ནེམ་གྱི་རྩྭ་ཐང
སྔོ་ཆིལ་ཆིལ་གྱི་ཆུ་བོ        དྲོད་ལམ་ལམ་གྱི་སྦྲ་ནག
སྨུག་འཛུམ་འཛུམ་གྱི་ངོ་གདོང    རྔམ་ཟིལ་ཟིལ་གྱི་འབྲོག་ཁྱི         
。。。。。。。。。
མདོར་ན    ངའི་ཕ་ས་མ་མོའི་བྲང་མགོ་ལྟ་བུའི་ཡོད་ཚད་ཀྱི་ཡོད་ཚད
ངའི་མདང་དགོང་གི་རྨི་ལམ་ཇི་བཞིན
ངའི་ཨ་མྱེས་ཀྱི་ཁ་ཆེམས་ཇི་བཞིན
ངའི་མི་ལོ་ཉི་ཤུའི་ཡར་སྔོན་གྱི་འདྲ་པར་རྙིང་བ་དེ་དང་ཇི་འདྲའི་མཚུངས་ཨང
དྲན་ཚད་ལ་སྐྱོ་ཉམས་ཤིག་སྐྱེ་མི་འོས་ཨང
མཐོང་ཚད་ལ་རྒས་ཉམས་ཤིག་མངོན་མི་འོས་ཨང
 
ལྕགས་ནག་གི་གཟེར་རྒྱ་བཏབ་པའི་རླངས་འཁོར་ནི་མདུན་ནས་མདུན་དུ་རྒྱུགས་
རུང
མདང་དགོང་གི་གཉིད་ཐུན་མ་ལོན་པའི་ང་ནི་རྒྱབ་ནས་རྒྱབ་ཏུ་རྒྱུགས་བཞིན་
གདའ
ཤྭ་བོ་མདའ་ཕོག་འདྲ་བའི་འདས་ཟིན་གྱི་ལོ་ཟླའི་རི་སུལ་དག་ཏུ་འགྲིམས་བཞིན་
ཡོད
འགྲིམས་ནས་ཀྱང་ཨ་ཐང་ཆད་མ་བྱུང
ནམ་ཡང་ལུས་སེམས་ཨ་ཐང་ཆད་བྱུང་མི་འོས་ཨང
 
ང་ནི་སྙིང་ཉེ་མ་སུ་ཞིག་གི་རུམ་ཁ་དང་བྲལ་མ་ཕོད་པའི་མཛའ་བོ་དེ་དང་ཇི་
འདྲའི་མཚུངས་ཨང
ང་ནི་ཨ་མྱེས་སུ་ཞིག་གིས་བོར་བའི་གསེར་ནག་གི་སྒྲོག་གུ་དེ་འཚོལ་བའི་བྱིས་པ་དེ་དང་ཇི་འདྲའི་མཚུངས་ཨང
 
ཕ་ཡུལ་ཡ་ཕ་ཡུལ
ངའི་བསམ་ཚད་ནས་ཁྱེད་རང་དྲན་ཆོག་ཆོག་ཡིན་འོས་ལ
ངའི་མཐོང་ཚད་ནས་ཁྱེད་རང་བསྐྲུན་ཆོག་ཆོག་ཡང་ཡིན་འོས
ཡིན་ཡང    ངས་ཁྱེད་རང་དྲན་པའི་གདུང་བ་ལ་སུས་ཀྱང་འགྲེལ་བཤད་རྒྱག་ཁག་པོ་འདུག
ང་གཉིས་ཀྱི་དྲན་གདུང་ནི་ནམ་ཡང་འཕྱུག་མི་སྲིད་པའི་བརྩེ་དུང་གི་མདུད་རྒྱ་
ལྗིད་ཏིག་ཏིག་ཞིག་རེད་ཨང
 
     2010.3.6མང་རྫོང་ནས་ལན་གྲུ་ལ་ལོག་པའི་ལམ་བར་དུ་བྲིས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་དང་ཁ་གྱེས་པ།

2011-07-25 མར་ལོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།