ཟླ་བའི་གླིང་ཀ

མཚན་མོའི་གསེབ་དུ་ལག་པ་མང་བོ་ཞིག་སྦས་ཡོད་པ་བཞིན
བུ་མོ་ཞིག་གིས་རང་ཉིད་ཀྱི་ལུས་པོ་དེར་རེག་ཙམ
རྨི་ལམ་གྱི་ཁམས་སུ་མཆུ་དང་མཆུ་སྦྱར་བ་རྨིས་རྗེས
སང་ཉིན་སྔར་བཞིན་རང་གི་ཁྱོ་གའི་སྐྲ་ལོའི་ནང་ནས་སྲོ་མ་ཞིག་འཚོལ་ངེས
འོན་ཀྱང་མདང་དགོང་ནི་གསང་བ་ཆུན་པོ་རེ་གནམ་ནས་བབས་པ་བདེན་ནམ

ལམ་འདི་ནི་ཁེར་རྐྱང་གི་ལམ་ཞིག་སྟེ
འུག་པ་ཁོ་ནས་གཤོག་རླབས་རེ་བྱས་ནས་འཇིག་རྟེན་རྙེད་པ་ཙམ
ཡིན་ཡང་གློག་སྒྲོན་འོག་གི་འཁྲབ་སྟོན་པ་དེའི་ངོ་གདོང་ནི
དུར་སའི་ཁྲོད་ཀྱི་ཀེང་རུས་ལ་བརྐུས་ཡོང་བའི་ཅི་ཞིག
རྒྱུ་མཚན་ནི་ལྟད་མོ་ཚང་མ་སྐྲག་སྣང་གིས་ར་རོར་གྱུར

ད་ལྟ་ཁྱོད་ཀྱིས་དྲན་སྲིད་པ་ནི
འཆི་བདག་གི་མདུན་དུ་ཡོད་པའི་ཇེ་ཁུའུ་ཞོན་ཟེར་བའི་གླུ་བ་ཞིག་སྟེ
ཁོ་བོའི་མི་ཡུལ་གྱི་གླིང་ཕྲན་གང་དུ་སེམས་པ་གླན་མྱོང་བ་བཞིན
ཚེ་སྲོག་ཟེར་བའི་ཕྱེ་མ་ལེབ་རེ་ད་དུང་ཁོའི་བེམ་པོའི་ལོགས་སུ་བསྐྱར་བསྐོར་རྒྱག
དེའི་ཕྱིར་ཁྱོད་ཀྱིས་ཀྱང་བོད་ཡུལ་ནས་འདི་འདྲའི་གླུ་བ་ཞིག་འཁྲུངས་སྲིད་པའི་ཆེད་དུ་ཡིན་འདུག

ཁོ་ཚོ་རྒས་སོང་བས་ད་གཟོད་ལོ་རྒྱུས་ཞེས་པའི་ངག་རྒྱུན་དང
ཡི་གེའི་ངོས་སུ་བྲིས་ཡོད་པའི་བདེན་རྫུན་འདྲེས་མ་ཞིག་ཆགས་པ་ན
ངས་ཀྱང་གདོད་མའི་ནགས་ཚལ་ནང་མིག་ཟུང་གཅེར་ནས་གློགབརྙན་ལ་ལྟ་བཞིན
རང་ཉིད་ཀྱི་དུས་ཚོད་འཁོར་ལོ་དེར་འགྲམ་ལྕགས་བཞུས་པ་ན
གནའ་བོའི་བེམ་པོ་ཁ་ཤས་ཀྱིས་བདག་གི་གམ་དུ་མཁུན་སྒྲ་སྒྲོག་པ་ཡང་ཐོས

ཟླ་བ་མཚན་ཐུན་རེ་རེའི་ནང་ཇེ་ཆུང་དུ་འགྲོ་བ་ན
བུ་མོ་མཛེས་མ་ཞིག་མི་ཡུལ་གྱི་ཆག་གས་ཤོར་ཡོད་པའི་མེ་ལོང་ནང
གཏན་དུ་སད་མི་སྲིད་པའི་ཞིང་ཁམས་དེ་རུ་ཞབས་བྲོ་ལྡང་བར་སོང
ཝུ་ཆང་གིས་བཟི་རོགས    ཝུ་ཆང་ད་དུང་བཞེས་རོགས

ཟླ་བ་མཚན་ཐུན་རེ་རེར་ཇེ་ཆེར་འགྲོ་དུས
སྐར་མས་རང་གི་མཁའ་དབྱིངས་ལ་གཤོག་པ་རེ་གཡར་ནས
མུན་པའི་གསེབ་དུ་སྐར་མདའ་གྲངས་མེད་པ་གཏོང
གཞས་ཤིག་ལེན་རོགས     ཁྱོད་ཀྱིས་གཞས་ཤིག་ལེན་རོགས
                    ༢༠༡༡ལོའི་ཟླ༥བའི་ཚེས་༡༡ཉིན་དཔྱི་ཁོག་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་བའི་གླིང་ཀ

2011-07-25 དུག་ཞགས།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།