རེ་སྨོན།

ཚེ་དབང་བསོད་ནམས།༼བྱང་ཤར་དགེ་ཐོ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-17


ང་ལ་རྒྱུན་པར་ཞོགས་པའི་སྐྱ་རེངས་མཐོང་བའི་བསྐལ་བ་རང་མེད་ཀྱང་།
ང་ལ་རང་སྙིང་མི་ལ་བསྟན་པའི་དཔའ་སྟོབས་རང་མེད་ཀྱང་།
ང་ལ་སྙན་ངག་སྨྱུག་རྩེ་ན་རྒྱུག་པའི་འདུན་པ་རང་མེད་ཀྱང་།
འོན་ཀྱང་།
ད་ནངས་གཉིད་ལས་སློངས་མཁན་དེ་ཕོའི་སྐད་སྙན་དབང་གི
གཏི་མུག་རྨོངས་མུན་གསལ་མཁན་བཤེས་གཉེན་བསླབ་བྱ་ཡི།
ཡབ་མེས་བཟང་པོའི་ཐུགས་གཤིས་བཟང་པོ་ཡི།
ཁོ་བོ།
སྨུག་མུན་་སེལ་བའི་སྐྱ་རེངས་མཐོང་གིན།
རང་གཏམ་གཞན་ལ་བརྗོད་ཀྱིན།
རེ་བའི་སྨོན་ལམ་བཏབ་པར་ཞུགས།
འོན་ཀྱང་།
དེ་ཕོ་ནི་ང་རྒྱལ་ཁེངས་རློམ་ཞིག་ཡིན་ཚུལ་དང་།
ལྷ་སྒྲུང་ནི་ཕ་མེས་ཀྱི་གནའ་བོའི་ལོ་རྒྱུས་རེ་རེ།
ཡུལ་ལྷ་གཞི་བདག་ལྷ་ཚོགས་ཡུལ་འདི་ནས་གཤེགས་ཟིན།
དེ་ནི།
དེ་ཕོའི་ཚོགས་ལ་ངར་ཤུགས་བསྟེར་མཁན་ཞིག་དང་།
ལྷ་སྒྲུང་ལ་བདེན་པ་དྭངས་མ་འཚོལ་མཁན་ཞིག
མགོན་སྐྱབས་སྐྱོང་བའི་རེ་སྨོན་ཞིག་མེད་པས།
ཀ་རིང་ཡར་ལ་བསྟེགས་ནུས་པའི།
ཁ་མདོག་སྐྱ་བོའི་མདངས་འཛིན་པའི།
ག་པུར་གཤིས་འཛིན་ཀ་རྡོ་ལགས།
ང་ལ་ཐུན་གཅིག་གསན་བར་གནང་།

ཅ་ཅོའི་འདུ་འཛིར་མི་དགའ་བ།
ཆ་ལུགས་རིགས་བཟང་ཕ་ལམ་རྒྱུད།
ཇ་ཆང་ལེགས་ཉེས་བླང་དོར་རྒྱས།
ཉ་ཉུ་བྲལ་བའི་གཤིས་བཟང་གནོངས།

ཏ་ཀུར་བསྟེན་པའི་རྒན་པོ་ལགས།
ཐ་ཐོར་མེས་པོའི་ལོ་རྒྱུས་རྣམས།
ད་ཕྲུག་ཇི་བཞིན་མ་བསྐྱུར་བར།
ན་ཚོ་གཞོན་པའི་ཕྲུ་གུར་གསུངས།

པ་ཏྲའི་མཛེས་རྒྱན་མེད་ན་རུང་།
ཕ་མེས་ལོ་རྒྱུས་སྦགས་མེད་པར།
བ་རྒྱའི་བར་ལ་མི་ཚུད་པར།
མ་བཟང་བུ་མོ་དོགས་གསལ་རོགས།

ཙ་རིའི་གནས་བཟང་སྐོར་ལ་སོང་།
ཚ་ཟེར་ཅན་ལ་རེ་སྨོན་གྱིས།
ཛ་ལང་སྤྱོད་པ་ཐ་ཤལ་དང་།
ཝ་མོའི་གཤིས་རྒྱུད་ཕར་བསྐྱུར་རོགས།

ཞ་སེར་ཞ་ནག་མི་དབྱེ་བར།
ཟ་ཚང་ལྟ་བུའི་དོན་གཉེར་གྱིས།
འ་ཅག་དམངས་བདེ་འབྱོར་ལྡན་ཆེད།
ཡ་རབས་སྤྱོད་བཟང་དང་དུ་ལེན།

ར་མ་ལུག་གི་སྐད་ཆ་དོར།
ལ་མོའི་རྩེ་ལ་དར་ལྕོག་ཚུགས།
ཤ་སྤངས་ཆོས་ལ་དམ་བཅས་ནས།
ས་བཟང་འདི་ལ་སླར་ལོག་ཤོག

ཧ་ལོའི་སྤྱོད་པ་སྤངས་འགྱུར་ན།
ཨ་ཁུའི་ཤུལ་འཛིན་བཟང་པོར་སྐྱེས།
ཧ་ཅང་ལེགས་པའི་ཤེས་ཡོན་སྦྱོངས།
ཨ་མེས་རྣམས་ཀྱི་དྲིན་མཇལ་དགོས།

ཇི་ལྟར་བདག་གི་རེ་སྨོན་འདི་དག་རྣམས།
ནམ་ཞིག་བསྒྲུབས་པའི་རེ་སྨོན་བསྐྱར་ཅིག་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་སྨོན།

2011-07-17 ཚེ་དབང་བསོད་ནམས།༼བྱང་ཤར་དགེ་ཐོ ཀློག་གྲངས། མཆན ཡོད།


ང་ལ་རྒྱུན་པར་ཞོགས་པའི་སྐྱ་རེངས་མཐོང་བའི་བསྐལ་བ་རང་མེད་ཀྱང་།
ང་ལ་རང་སྙིང་མི་ལ་བསྟན་པའི་དཔའ་སྟོབས་རང་མེད་ཀྱང་།
ང་ལ་སྙན་ངག་སྨྱུག་རྩེ་ན་རྒྱུག་པའི་འདུན་པ་རང་མེད་ཀྱང་།
འོན་ཀྱང་།
ད་ནངས་གཉིད་ལས་སློངས་མཁན་དེ་ཕོའི་སྐད་སྙན་དབང་གི
གཏི་མུག་རྨོངས་མུན་གསལ་མཁན་བཤེས་གཉེན་བསླབ་བྱ་ཡི།
ཡབ་མེས་བཟང་པོའི་ཐུགས་གཤིས་བཟང་པོ་ཡི།
ཁོ་བོ།
སྨུག་མུན་་སེལ་བའི་སྐྱ་རེངས་མཐོང་གིན།
རང་གཏམ་གཞན་ལ་བརྗོད་ཀྱིན།
རེ་བའི་སྨོན་ལམ་བཏབ་པར་ཞུགས།
འོན་ཀྱང་།
དེ་ཕོ་ནི་ང་རྒྱལ་ཁེངས་རློམ་ཞིག་ཡིན་ཚུལ་དང་།
ལྷ་སྒྲུང་ནི་ཕ་མེས་ཀྱི་གནའ་བོའི་ལོ་རྒྱུས་རེ་རེ།
ཡུལ་ལྷ་གཞི་བདག་ལྷ་ཚོགས་ཡུལ་འདི་ནས་གཤེགས་ཟིན།
དེ་ནི།
དེ་ཕོའི་ཚོགས་ལ་ངར་ཤུགས་བསྟེར་མཁན་ཞིག་དང་།
ལྷ་སྒྲུང་ལ་བདེན་པ་དྭངས་མ་འཚོལ་མཁན་ཞིག
མགོན་སྐྱབས་སྐྱོང་བའི་རེ་སྨོན་ཞིག་མེད་པས།
ཀ་རིང་ཡར་ལ་བསྟེགས་ནུས་པའི།
ཁ་མདོག་སྐྱ་བོའི་མདངས་འཛིན་པའི།
ག་པུར་གཤིས་འཛིན་ཀ་རྡོ་ལགས།
ང་ལ་ཐུན་གཅིག་གསན་བར་གནང་།

ཅ་ཅོའི་འདུ་འཛིར་མི་དགའ་བ།
ཆ་ལུགས་རིགས་བཟང་ཕ་ལམ་རྒྱུད།
ཇ་ཆང་ལེགས་ཉེས་བླང་དོར་རྒྱས།
ཉ་ཉུ་བྲལ་བའི་གཤིས་བཟང་གནོངས།

ཏ་ཀུར་བསྟེན་པའི་རྒན་པོ་ལགས།
ཐ་ཐོར་མེས་པོའི་ལོ་རྒྱུས་རྣམས།
ད་ཕྲུག་ཇི་བཞིན་མ་བསྐྱུར་བར།
ན་ཚོ་གཞོན་པའི་ཕྲུ་གུར་གསུངས།

པ་ཏྲའི་མཛེས་རྒྱན་མེད་ན་རུང་།
ཕ་མེས་ལོ་རྒྱུས་སྦགས་མེད་པར།
བ་རྒྱའི་བར་ལ་མི་ཚུད་པར།
མ་བཟང་བུ་མོ་དོགས་གསལ་རོགས།

ཙ་རིའི་གནས་བཟང་སྐོར་ལ་སོང་།
ཚ་ཟེར་ཅན་ལ་རེ་སྨོན་གྱིས།
ཛ་ལང་སྤྱོད་པ་ཐ་ཤལ་དང་།
ཝ་མོའི་གཤིས་རྒྱུད་ཕར་བསྐྱུར་རོགས།

ཞ་སེར་ཞ་ནག་མི་དབྱེ་བར།
ཟ་ཚང་ལྟ་བུའི་དོན་གཉེར་གྱིས།
འ་ཅག་དམངས་བདེ་འབྱོར་ལྡན་ཆེད།
ཡ་རབས་སྤྱོད་བཟང་དང་དུ་ལེན།

ར་མ་ལུག་གི་སྐད་ཆ་དོར།
ལ་མོའི་རྩེ་ལ་དར་ལྕོག་ཚུགས།
ཤ་སྤངས་ཆོས་ལ་དམ་བཅས་ནས།
ས་བཟང་འདི་ལ་སླར་ལོག་ཤོག

ཧ་ལོའི་སྤྱོད་པ་སྤངས་འགྱུར་ན།
ཨ་ཁུའི་ཤུལ་འཛིན་བཟང་པོར་སྐྱེས།
ཧ་ཅང་ལེགས་པའི་ཤེས་ཡོན་སྦྱོངས།
ཨ་མེས་རྣམས་ཀྱི་དྲིན་མཇལ་དགོས།

ཇི་ལྟར་བདག་གི་རེ་སྨོན་འདི་དག་རྣམས།
ནམ་ཞིག་བསྒྲུབས་པའི་རེ་སྨོན་བསྐྱར་ཅིག་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།