དེ་རིང་གི་ཀ་ཁ་དྲན་པ།

                ༡
ཡར་ཀླུང་ཁོག་ཏུ་འཛུམ་མདངས་ཀྱིས་བཞད་མྱོང་བའི་ལོ་མ་དེ།
ཟུངས་ཁྲག་བཞིན་གངས་རིའི་སྙིང་ཀར་སིམ་མོད།
ལོ་ཟླའི་གཙང་པོ་བཞུར་ཤུལ་གྱི་དེ་རིང་།
མིག་ཆུ་ཤམ་ཤམ་གྱིས་ངའི་སྙིང་ལ་སེར་འབྲད་བྱས་བྱུང་།
                 ༢
ལོ་མ་དེ་ནི།
བཙན་པོའི་རྨིག་རྟ་ཁྲི་ཁྲག་གི་རྡུལ་རླུང་ལས་འཚུབ་ཀྱང་འཐོར་བའི།
ཐོན་མིའི་བློ་རིག་གི་གསེར་རྡོ་བཞུ་སྦྱངས་བྱས་པ་ལས་ཐོན་པའི།
མུ་ཏིག་གི་རི་བོ་ཆེན་པོ་ཞིག་གི་ལྟོ་བ་ནས་འབུས་དུས།
ཉི་ཟླ་སྐར་གསུམ་གྱི་འོད་སྣང་མག་མོག་དེ་ཡང་།
ནད་པ་ལྟ་བུའི་འཁོར་བ་དེའི་གཏིང་མཐར་སྤྱུགས་མོད།
འགྱུར་ཁུགས་མ་རྫོགས་པའི་དབྱངས་རྟ་ལྡོམ་པོ་དེ་ནི།
ངའི་སྙིང་གི་ངལ་དུབ་མིན་པར་ནམ་ཡང་ཚོར་མ་བྱུང་།
                   ༣
ཁྱོད་དང་།  ངའི་ཨ་མྱེས་ཀྱི་ཁ་ཆེམས་དེ་ནི།
སྔོ་ལྗང་ལྗང་གི་ལོ་མ་དེ་དང་།
ཐོར་བཤིག་ཏུ་སོང་བའི་ཁང་སྐྱ་ལེབ་མོ་ཞིག་གི་གཏིང་སར་འཚུབ་མོད།
དབྱར་ལྗོངས་ཨང་། ཁྲ་ལྡེམ་ལྡེམ་གྱི་མེ་ཏོག་དག་མེ་ལ་སྒྲོན་མཁན་སུ་རེད།
འཛུམ་ཤིག་ཤིག་གི་ལུག་ཁྱུའི་རྔ་མ་གཅོད་མཁན་དེ་སུ་རེད།
དེ་ལྟར།  ཕྱིར་འོང་མེད་པའི་སྟོན་ཟླ་རིང་མོ་དེའི་ཕྱི་ནང་བསློག་དུས།
སྙིང་ལ་གཟན་པའི   རླངས་འཁོར་གྱི་ངུ་སྐད་དང་།
གོ་བརྡ་མི་འཕྲོད་པའི་ཡུལ་མི་ཚོའི་ཁ་དབུགས་དག་གིས།
ནག་པོ་ནག་རྐྱང་གི་འགྲེལ་བཤད་རེ་རྒྱག་བཞིན་འདུག་ཨང་།
                  ༤
རླུང་དང་རྣམ་ཤེས་ཀྱི་གཙུབ་བརྡར་བར་ནས།
ཐ་ན་ཕ་བོང་དག་གི་ཟུངས་ཁྲག་ཀྱང་དབྱིངས་སུ་གཏོར་བས།
སྨུག་སྤྲིན་གྱི་གསེབ་ཏུ་བསྐུངས་པའི་ཆར་བའི་གོམ་སྟབས་ཡང་།
ཡོམ་ཡོམ་དུ་འདར་བའི་ཡིག་ཚགས་ཞིག་གི་ལྟོ་བར།
བོར་སྟོར་བྱུང་བའི་ང་ཡི་འཛུམ་མདངས་ལ།
གདུག་རྩུབ་དང་དམར་ནག་གི་ཚོན་རྩི་བསྒོས་བྱུང་།
                    ༥
ཀ་ཁ་ག་ང་། ཀ་ཁ་ག་ང་། ཀ་ཁ་ག་ང་།
དོན་དངོས་སུ། ཁྱོད་ནི་ཆབ་སྲིད་པ་སུ་ཞིག་གི་མགྲིན་པར་ལུས་པའི།
ཕྲེང་བ་ཐོགས་པའི་བླ་རྒན་གང་ཞིག་གི་གླེགས་བམ་དུ་གཅུད་པའི།
ཚེ་དཔག་མེད་ཀྱི་བུམ་པར་འཁྱིལ་བའི་དྭངས་བསིལ་བསིལ་གྱི་ཆུ་ཐིགས་དེ་ཡིན་ཆོག་མོད།
དུས་ད་ལྟ། རབ་རིབ་མག་མོག་གི་སེམས་པའི་ཀློང་ནས།
ཁྱོད་ལ་ངུ་སྐད་སློང་མཁན་དེ་ནི་ང་ཁོ་ནའི་ག་ལ་ཚད་ཨང་།
                                  ༦
གོ་ཐོས་ལ། ལྷ་ས་ནི་ཁ་དོག་སྣ་ལྔའི་སྤྲས་པའི་ཞིང་ཁམས་སུ་སྤྲུལ་ཏེ།
ཤོ་རྒྱག་དང། གྲྭ་ལོག་དང་། ཆང་འཐུང་དང་།
སྨད་འཚོང་མ་སོགས་ཚོང་ལམ་མི་གཅིག་པ་དག་གི་བཙན་ས་རུ་གྱུར་ཡོད་སྐད།
དེ་ལྟ་མོད།  རྡོ་བའི་ནད་ཡམས་ལས་འཕྱུར་བའི་དྲི་མ་རྫོབ་པོ་དག
ཡར་ཀླུང་གཙང་པོས་བཀྲུ་མི་ནུས་ལ།
ལྷ་མོ་བླ་མཚོས་མ་མཐོང་བའི་གྲིབ་མ་དེ་ནི།
སུས་ཀྱང་བསྒྱུར་ཆོག་ཆོག་གི་གཏམ་རྒྱུད་ཚ་བོ་དེ་ཅི་ལ་མིན།
                       ༧
སྟག་ཤར་སུམ་བཅུའི་ལུས་ལ་འོད་དུ་འཚེར་བའི།
ཉི་དགའ་མེ་ཏོག་གི་ཚུལ་དུ་ཅུང་ཙམ་དུད་པའི་གཙུག་ཏོར་དེ།
ཉ་མོ་བཞིན་རྩལ་གྱིས་འཁྱུག་པའི་འོག་གི་རྡོ་རྩིག་དེ།
མི་ཡུལ་ནས་ལྷ་ཡུལ་དུ་འདྲེན་བྱེད་ཀྱི་ཟམ་པ་ལྟ་བུའི་དབྱིངས་ཀྱི་ཟོར་བ་དེ།
ད་དུང་། སུ་ཞིག་གིས་གླལ་བསྒྱིངས་བྱེད་པ་ལྟ་བུའི་གླག་རྒོད་དེ།
ཨ་ཡིག་མངར་མོ་དེའི་སྒྲོམ་ལ་བཅུག་ནས།
དུ་བ་མེད་པའི་མེ་ལྕེ་ཞིག་གི་སྐེ་ལ་དམ་འཁྱུད་བྱེད་པ་དེ་ཡང་།
ཁྭ་ཏའི་ཚོགས་ཀྱིས་ཨག་སྒྲ་དང་བཅས་འདོན་ཞིང་།
དར་ལྕོག་རལ་བོ་དག་གིས་སྣང་མེད་དུ་གྱེར་བའི་ཚིགས་མལ་ཏེ།
བྱིའུ་ཆུང་གང་ཞིག་གིས་རྒུན་འབུ་འཚོར་ཞོར་དུ་རྙེད་པའི་དབྱངས་རྟ་ཡིན་མོད།
ཚོད་ཚོད་ལ་རྨིས་པའི་རྨི་ལམ་ལྗང་ཁུ་དེ་ནི།
བཀོད་འདོམས་པ་དག་གི་མགྲིན་པར་གཏེར་དུ་སྦས་དགོས་བྱུང་ཨང་།
                             ༨
ཨ་ཨ་་་་་་་་་ང་ཡི་ཟུངས་ཁྲག་བཞིན་ཟགས་པའི་ཚེ་སྲོག་དེ།
འཚིག་ལ་ཉེ་བའི་དེ་རིང་གི་དབྱངས་གསལ་དེ།
ཞིབ་ཏུ་བསམ་ན། འདི་དག་ཡོད་ཚད་ནི་འུ་ཅག་གི་ལག་མཐིལ་ན་སྤོ་ལོ་བཞིན་འཁོར་བའི།
སྨྲ་ར་ལྡན་པའི་བྱིས་པ་དག་གི་རྩེད་ཆས་སུ་འགྱུར་བཞིན་འདུག་ཨང་།
 
                  ༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས་༧་ཉིན་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང་གི་ཀ་ཁ་དྲན་པ།

2011-07-14 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།