ཚེ་རིང་སྒྲོལ་མར་བྲིས་པ།

འབྲོག་བུ།༼རྨ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-09


མགོ་ཡི་སྤྲིན་འདི་དར་དཀར་གྱི་བསིལ་གདུགས། །
གུད་ཀྱི་མཚོ་འདི་རང་བྱུང་གི་མེ་ལོང་། །
ལས་ཀྱི་བྱམས་པ་མི་ཚེ་ཡི་སྐྱོ་རོགས། །
མི་མཐུན་མ་གསུངས་ཡ་ཆུང་གི་སྡུག་རེད། །

སྐྱེ་རབས་ཕྲེང་བ་དྲན་སྣང་གི་དོགས་གཞི། །
རྗེས་སོར་འཕྲད་པ་མི་ཐུབ་ཀྱི་དམ་ཚིག།
བདག་གི་སེམས་འདུན་མེ་རི་ཡི་འགུལ་ཤུགས། །
ཞི་ཐབས་མེད་པ་ཚེ་སྲོག་གི་གཡབ་མོ། །

མི་ཚེ་མི་ཁོམ་གླ་བ་ཡི་ལས་འདི། །
སྐྱིད་དོ་སྙམ་པའི་སྣང་བ་ཞིག་མེད་ཀྱང་། །
ན་ཆུང་བུ་མོའི་རྨི་ལམ་གྱི་འཇིག་རྟེན། །
བདེ་འོ་འདོད་པའི་སེམས་ཚོར་གྱིས་མྱོས་བྱུང་། །

ཁྱོད་ཀྱི་རྣམ་ཤེས་སྨིག་རྒྱུ་ཡི་ཆུ་ཟིལ། །
བདག་གི་སེམས་པ་བྱང་ཐང་གི་རི་དྭགས། །
ལོ་ཟླ་མང་བོར་ཨུ་ཚུགས་ཀྱིས་བདའ་ཡང་། །
ཟིན་ཐབས་མེད་པ་གནོང་འགྱོད་ཀྱི་གཞི་མ། །

དུས་ཀྱི་ཆ་ནས་འདི་ཕྱི་ནི་མ་རེད། །
ཡུལ་གྱི་ངོས་ནས་རྒྱང་ཐག་ཀྱང་མི་རིང་། །
བདག་གི་རྣམ་རྟོག་སྒྱུ་མ་ཡི་ཀློང་ན། །
འུ་གཉིས་རྣམ་ཀུན་ཉེ་ཉེ་ཞིག་འདུག་གོ། །

ཁྱོད་ལ་བསྲིངས་པའི་གཟུགས་ཅན་གྱི་ལག་པ། །
ཁྱོད་ལ་ཐོགས་པའི་གཟུགས་མེད་ཀྱི་སེམས་པ། །
སྣང་སྲིད་བ་མོས་བཙན་ཐབས་ཀྱིས་བཅོམ་ཡང་། །
ཕྱིར་བཟློག་མེད་པ་ལས་དབང་གི་བསྐོས་ཐང་། །

ཐོབ་ཤོར་ངེས་མེད་མཚོ་རླབས་ལྟར་གཡོ་བའི། །
སྐྱིད་སྡུག་མི་རྟག་ཆུ་སྤྲིན་བཞིན་འཐབ་པའི། །
ཐུང་ཐུང་མི་ཚེ་ཞག་གཅིག་གི་རྨི་ལམ། །
དར་ཅིག་མི་སྡོད་འཆི་བ་ལ་ཕྱོགས་འགྲོ། །
                                            2011-6-20
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་སྒྲོལ་མར་བྲིས་པ།

2011-07-09 འབྲོག་བུ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།


མགོ་ཡི་སྤྲིན་འདི་དར་དཀར་གྱི་བསིལ་གདུགས། །
གུད་ཀྱི་མཚོ་འདི་རང་བྱུང་གི་མེ་ལོང་། །
ལས་ཀྱི་བྱམས་པ་མི་ཚེ་ཡི་སྐྱོ་རོགས། །
མི་མཐུན་མ་གསུངས་ཡ་ཆུང་གི་སྡུག་རེད། །

སྐྱེ་རབས་ཕྲེང་བ་དྲན་སྣང་གི་དོགས་གཞི། །
རྗེས་སོར་འཕྲད་པ་མི་ཐུབ་ཀྱི་དམ་ཚིག།
བདག་གི་སེམས་འདུན་མེ་རི་ཡི་འགུལ་ཤུགས། །
ཞི་ཐབས་མེད་པ་ཚེ་སྲོག་གི་གཡབ་མོ། །

མི་ཚེ་མི་ཁོམ་གླ་བ་ཡི་ལས་འདི། །
སྐྱིད་དོ་སྙམ་པའི་སྣང་བ་ཞིག་མེད་ཀྱང་། །
ན་ཆུང་བུ་མོའི་རྨི་ལམ་གྱི་འཇིག་རྟེན། །
བདེ་འོ་འདོད་པའི་སེམས་ཚོར་གྱིས་མྱོས་བྱུང་། །

ཁྱོད་ཀྱི་རྣམ་ཤེས་སྨིག་རྒྱུ་ཡི་ཆུ་ཟིལ། །
བདག་གི་སེམས་པ་བྱང་ཐང་གི་རི་དྭགས། །
ལོ་ཟླ་མང་བོར་ཨུ་ཚུགས་ཀྱིས་བདའ་ཡང་། །
ཟིན་ཐབས་མེད་པ་གནོང་འགྱོད་ཀྱི་གཞི་མ། །

དུས་ཀྱི་ཆ་ནས་འདི་ཕྱི་ནི་མ་རེད། །
ཡུལ་གྱི་ངོས་ནས་རྒྱང་ཐག་ཀྱང་མི་རིང་། །
བདག་གི་རྣམ་རྟོག་སྒྱུ་མ་ཡི་ཀློང་ན། །
འུ་གཉིས་རྣམ་ཀུན་ཉེ་ཉེ་ཞིག་འདུག་གོ། །

ཁྱོད་ལ་བསྲིངས་པའི་གཟུགས་ཅན་གྱི་ལག་པ། །
ཁྱོད་ལ་ཐོགས་པའི་གཟུགས་མེད་ཀྱི་སེམས་པ། །
སྣང་སྲིད་བ་མོས་བཙན་ཐབས་ཀྱིས་བཅོམ་ཡང་། །
ཕྱིར་བཟློག་མེད་པ་ལས་དབང་གི་བསྐོས་ཐང་། །

ཐོབ་ཤོར་ངེས་མེད་མཚོ་རླབས་ལྟར་གཡོ་བའི། །
སྐྱིད་སྡུག་མི་རྟག་ཆུ་སྤྲིན་བཞིན་འཐབ་པའི། །
ཐུང་ཐུང་མི་ཚེ་ཞག་གཅིག་གི་རྨི་ལམ། །
དར་ཅིག་མི་སྡོད་འཆི་བ་ལ་ཕྱོགས་འགྲོ། །
                                            2011-6-20
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།