ཆུང་མའི་རུམ་ནས་རྙེད་སོང་བ་མཐའ་དག


དོ་ནུབ་ང་གཞི་རིམ་འདི་ནས་ཆུང་མ་དང་མཉམ་དུ་ཉལ་ཡོད
ལོ་འདིའི་ལོ་མཇུག་གི་ཉི་མ་གཅིག་སྐར་མ་རེ་རེ་བྱས་ནས
བྱིས་པ་ཆུང་ཆུང་དག་གི་དགའ་ཚོར་དང་ལྷན་དུ་ཕར་དེད་རྗེས
ཁོ་མོའི་རུམ་ནས་རྨི་ལམ་ཞིག་རྙེད་ཡོད
རྨི་ལམ་གྱི་ཁ་དོག་དང་དེའི་ངོ་བོ་རྙེད་ཡོད
ཡང་ན་རྨི་ལམ་དེའི་འགྲེལ་བ་དང་ནང་སྙིང་རྙེད་ཡོད
 
རྨི་ལམ་གྱི་ཁ་དོག་ནི་ལྗོན་ཤིང་གི་ལོ་མ་དང་འདྲ་བར
ལོ་མཇུག་གི་རླུང་བུར་འགྲོགས་ནས་གཞས་ཆུང་ལེན་གྱིན
ཨ་མའི་པང་གི་ལོ་ཟླ་དེར་ཕྱིར་དྲན་ཡིད་ཚིམས་པ་རེ་བྱེད
 རྨི་ལམ་གྱི་ངོ་བོ་ནི་ཧ་ཅང་གསལ་ལ་དྭངས་གཙང་ཞིག་རེད
གདོད་མའི་རྩྭ་ཐང་སྟེང་གི་མེ་ཏོག་སེར་ཆེན་དང་འདྲ་བར
བོངས་ཆེ་ལ་གཟི་འོད་ཀྱང་རྣམ་པར་བཀྲ

རྨི་ལམ་གྱི་འགྲེལ་བ་ནི་ཨ་ཕས་ལོ་ཟླ་ལ་བྲིས་པའི་ངའི་འཇིག་རྟེན་འདི་དང
གངས་རིའི་ཉེ་འགྲམ་གྱི་འཁོར་ལོ་སྐོར་གྱིན་པའི་ཨ་མའི་རྐང་རྗེས
ད་དུང་དེ་ཡི་ནང་སྙིང་གི་གསེབ་དུ་རྟེན་འབྲེལ་གྱིས་བཀང་ནས
མཚན་མོའི་ཟླ་བ་དང་སྐར་ཚོགས་ཀྱི་ཁྲོད་དུ་རང་དབང་ཁོ་ན་ལོངས་སུ་སྤྱད

                     སྤྱི་ལོ༢༠༡༡ལོའི་ཟླ༡བའི་ཚེས༣༡ཉིན་དཔྱི་ཁོག་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུང་མའི་རུམ་ནས་རྙེད་སོང་བ་མཐའ་དག

2011-07-04 དུག་ཞགས།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།


དོ་ནུབ་ང་གཞི་རིམ་འདི་ནས་ཆུང་མ་དང་མཉམ་དུ་ཉལ་ཡོད
ལོ་འདིའི་ལོ་མཇུག་གི་ཉི་མ་གཅིག་སྐར་མ་རེ་རེ་བྱས་ནས
བྱིས་པ་ཆུང་ཆུང་དག་གི་དགའ་ཚོར་དང་ལྷན་དུ་ཕར་དེད་རྗེས
ཁོ་མོའི་རུམ་ནས་རྨི་ལམ་ཞིག་རྙེད་ཡོད
རྨི་ལམ་གྱི་ཁ་དོག་དང་དེའི་ངོ་བོ་རྙེད་ཡོད
ཡང་ན་རྨི་ལམ་དེའི་འགྲེལ་བ་དང་ནང་སྙིང་རྙེད་ཡོད
 
རྨི་ལམ་གྱི་ཁ་དོག་ནི་ལྗོན་ཤིང་གི་ལོ་མ་དང་འདྲ་བར
ལོ་མཇུག་གི་རླུང་བུར་འགྲོགས་ནས་གཞས་ཆུང་ལེན་གྱིན
ཨ་མའི་པང་གི་ལོ་ཟླ་དེར་ཕྱིར་དྲན་ཡིད་ཚིམས་པ་རེ་བྱེད
 རྨི་ལམ་གྱི་ངོ་བོ་ནི་ཧ་ཅང་གསལ་ལ་དྭངས་གཙང་ཞིག་རེད
གདོད་མའི་རྩྭ་ཐང་སྟེང་གི་མེ་ཏོག་སེར་ཆེན་དང་འདྲ་བར
བོངས་ཆེ་ལ་གཟི་འོད་ཀྱང་རྣམ་པར་བཀྲ

རྨི་ལམ་གྱི་འགྲེལ་བ་ནི་ཨ་ཕས་ལོ་ཟླ་ལ་བྲིས་པའི་ངའི་འཇིག་རྟེན་འདི་དང
གངས་རིའི་ཉེ་འགྲམ་གྱི་འཁོར་ལོ་སྐོར་གྱིན་པའི་ཨ་མའི་རྐང་རྗེས
ད་དུང་དེ་ཡི་ནང་སྙིང་གི་གསེབ་དུ་རྟེན་འབྲེལ་གྱིས་བཀང་ནས
མཚན་མོའི་ཟླ་བ་དང་སྐར་ཚོགས་ཀྱི་ཁྲོད་དུ་རང་དབང་ཁོ་ན་ལོངས་སུ་སྤྱད

                     སྤྱི་ལོ༢༠༡༡ལོའི་ཟླ༡བའི་ཚེས༣༡ཉིན་དཔྱི་ཁོག་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།