ཁྱོད་དང་ང་།


ང་ནི་རས་ཆད་ཁུད་ཀྱི་གཅེས་མི་རུང་བའི་གོ་རེ་རྡོག་བཙོས་མ་དེ་ཡིན་ཙང་།
ཁྱོད་ཀྱིས་རྒྱ་སྲང་གི་ལྗོན་པའི་ཕག་ནས་ང་ལ་མིག་ཟུར་ཙམ་ཡང་མ་བལྟས་ལ།
ངའི་གྲོགས་པོས་བདག་ལ་རྒྱུན་དུ། ད་ནི་རེ་ཐག་ཆོད་ཅིག་ཅེས་ཁ་ཏ་སློབ་གསོ་བྱེད།

ཡིན་ཡང་།  བདག་གིས།   བདག་གིས།
ད་དུང་སྐྱོན་མེད།  ང་ཡི་རེ་ཐག་རྟ་རྔ་ཙམ་པོ་མ་ཆད་བར་དུ་ངས་སྒུག་ཐུབ་ཅེས།
སེམས་གཏིང་ལ་དབུགས་ཞིག་བཏང་ཡང་།
དོན་ངོ་མར། དབུགས་དེ་དབུགས་ལྒང་གི་དབུགས་ཞུ་བ་བཞིན།
ནང་དགོང་གི་ཇ་ཐུན་རེའི་བར་གླགས་ནས་ཤོར་འགྲོ།

ཨ་ཙི།  ཁྱོད་ཨང་།  འབྱུང་བ་ལྔ་ཡི་གཅེས་ཕྲུག
ངས་རེག་ན་འདོད་པའི་རེག་བྱ།  ཕ་གི་ནས།
ངའི་གདོང་བ་བཙོག་པོ་མཐོང་དུས་འཛུམ་དམུལ་ལེར་བུད་འགྲོ་ལ།
ཚུ་རུ་ནས།  ད་གཟོད།  ཕྱིར་འཁོར་ནས་ང་ལ་རྒྱང་ལྟ་ཐུང་ཐུང་བྱེད།

ཡིན་ཡང་།  ཡིན་ཡང་།
ང་རང་ཁང་མིག་དོག་པོ་ཞིག་གི་སྦུབས་ལ་འཛུལ་ནས།
ཞུམ་གྱིན་མེད་ལ།  དབུགས་རིང་ཀྱང་ཤོར་གྱིན་མེད།

ངས་སྙན་ངག་འབྲི་བཞིན་ཡོད།  སྙན་ངག་འབྲི་བཞིན་ཡོད།

 
 

རྩོམ་ཁུངས། དགའ་དགའི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་དང་ང་།

2011-07-01 དགའ་དགའ། ཀློག་གྲངས། མཆན ཡོད།


ང་ནི་རས་ཆད་ཁུད་ཀྱི་གཅེས་མི་རུང་བའི་གོ་རེ་རྡོག་བཙོས་མ་དེ་ཡིན་ཙང་།
ཁྱོད་ཀྱིས་རྒྱ་སྲང་གི་ལྗོན་པའི་ཕག་ནས་ང་ལ་མིག་ཟུར་ཙམ་ཡང་མ་བལྟས་ལ།
ངའི་གྲོགས་པོས་བདག་ལ་རྒྱུན་དུ། ད་ནི་རེ་ཐག་ཆོད་ཅིག་ཅེས་ཁ་ཏ་སློབ་གསོ་བྱེད།

ཡིན་ཡང་།  བདག་གིས།   བདག་གིས།
ད་དུང་སྐྱོན་མེད།  ང་ཡི་རེ་ཐག་རྟ་རྔ་ཙམ་པོ་མ་ཆད་བར་དུ་ངས་སྒུག་ཐུབ་ཅེས།
སེམས་གཏིང་ལ་དབུགས་ཞིག་བཏང་ཡང་།
དོན་ངོ་མར། དབུགས་དེ་དབུགས་ལྒང་གི་དབུགས་ཞུ་བ་བཞིན།
ནང་དགོང་གི་ཇ་ཐུན་རེའི་བར་གླགས་ནས་ཤོར་འགྲོ།

ཨ་ཙི།  ཁྱོད་ཨང་།  འབྱུང་བ་ལྔ་ཡི་གཅེས་ཕྲུག
ངས་རེག་ན་འདོད་པའི་རེག་བྱ།  ཕ་གི་ནས།
ངའི་གདོང་བ་བཙོག་པོ་མཐོང་དུས་འཛུམ་དམུལ་ལེར་བུད་འགྲོ་ལ།
ཚུ་རུ་ནས།  ད་གཟོད།  ཕྱིར་འཁོར་ནས་ང་ལ་རྒྱང་ལྟ་ཐུང་ཐུང་བྱེད།

ཡིན་ཡང་།  ཡིན་ཡང་།
ང་རང་ཁང་མིག་དོག་པོ་ཞིག་གི་སྦུབས་ལ་འཛུལ་ནས།
ཞུམ་གྱིན་མེད་ལ།  དབུགས་རིང་ཀྱང་ཤོར་གྱིན་མེད།

ངས་སྙན་ངག་འབྲི་བཞིན་ཡོད།  སྙན་ངག་འབྲི་བཞིན་ཡོད།

 
 

རྩོམ་ཁུངས། དགའ་དགའི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།