བར་མཚམས་ཀྱི་ཆིག་ལབ།


མུན་པའི་ལྡེབས་སུ་འབྱར་བའི་ཁྲག་གི་མེ་ཏོག།
རླུང་དང་ཆུ་ཡིས་མ་དག་དབུགས་ཀྱིས་འཚོས་ཡོད།།
བདེ་མོའི་ཐང་ལ་མ་སྐྱེས་ཕྲ་ཕུང་ཚོགས་འདིས།།
ས་དང་རྡོ་བའི་བར་ནས་རྐང་ལག་བསྲིང་འདུག།

ཐོད་པ་ཡོབ་ཆེན་འདྲ་བོའི་གས་སྲུབ་ངོས་སུ།།
རྒྱུ་འབྲས་རྒྱ་ལམ་རིང་མོ་འཕྲེད་ཀྱིས་བྲིས་ཡོད།།
ཚེ་སྲོག་རྟ་རྔ་འཐེན་པའི་གདངས་དབྱངས་བར་ན།།
གྲག་འགུལ་རླུང་ལས་འཇམ་པའི་གསང་བརྡ་ཐེབ་སོང་།།

སྐྱེ་ཞིང་འཆི་བའི་སྟོན་རླུང་ཐོལ་གྱིས་ལྡང་ཞིང་།།
ཟད་ཅིང་ཐོར་བའི་ཤ་རུས་བསགས་པའི་ལོ་མས།།
རྒྱུས་མེད་རི་ལུང་གཡང་གཟར་གཏུབ་པའི་ཉིན་ནས།།
མི་མཐོང་སེམས་ཀྱི་མེ་ལོང་ཞེ་ལ་འཛེར་ཡོད།།

མིག་ལ་མིག་གི་འོད་ཟེར་སྒྲོན་ཚོད་སྔ་རུང་།།
སེམས་ལ་སེམས་ཀྱི་ཐག་པ་མཐུད་ཚོད་ཕྱི་བས།།
འདུས་ཤིང་འབྲལ་བ་སྤྲིན་གྱི་བཀྲག་མདངས་དྲན་ཚེ།།
རང་ཤག་སྟོང་བ་འདི་ཡང་འོད་ཅིག་མི་འདུག།

ལྷ་ཡུལ་དབུ་ཡི་གཙུག་སྐྱེས་ཕུད་དེ་མཆོད་ཀྱང་།།
མི་ཡུལ་ཟས་རིན་སྤྲད་པའི་ལག་པ་ཐུང་བས།།
ཡུན་རིང་རུས་པར་སྦས་པའི་གསེར་གྱི་ཁུ་ཞག།
ཚེ་སྲོག་གཟར་བུས་བཅུས་ཏེ་ལན་གཅིག་མཆོད་འདོད།།

ཀྲོག་ཀྲོག་རྣ་བའི་བུ་ག་རྒྱང་ལ་འཕངས་ཀྱང་།།
ཟིམ་ཟིམ་མིག་གི་རིལ་བུ་གཞན་ལ་གཏད་རུང་།།
ན་ཟུག་རུམ་ཁར་རྒྱུ་བའི་རྨི་ལམ་ལྗོངས་སུ།།
འཇིག་རྟེན་གསར་བ་ཞིག་ལ་ལག་སྔ་རྩོད་འདུག།

                              ༢༠༡༡    ༦  ༡༣
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་མཚམས་ཀྱི་ཆིག་ལབ།

2011-06-30 དུར་འཕག ཀློག་གྲངས། མཆན ཡོད།


མུན་པའི་ལྡེབས་སུ་འབྱར་བའི་ཁྲག་གི་མེ་ཏོག།
རླུང་དང་ཆུ་ཡིས་མ་དག་དབུགས་ཀྱིས་འཚོས་ཡོད།།
བདེ་མོའི་ཐང་ལ་མ་སྐྱེས་ཕྲ་ཕུང་ཚོགས་འདིས།།
ས་དང་རྡོ་བའི་བར་ནས་རྐང་ལག་བསྲིང་འདུག།

ཐོད་པ་ཡོབ་ཆེན་འདྲ་བོའི་གས་སྲུབ་ངོས་སུ།།
རྒྱུ་འབྲས་རྒྱ་ལམ་རིང་མོ་འཕྲེད་ཀྱིས་བྲིས་ཡོད།།
ཚེ་སྲོག་རྟ་རྔ་འཐེན་པའི་གདངས་དབྱངས་བར་ན།།
གྲག་འགུལ་རླུང་ལས་འཇམ་པའི་གསང་བརྡ་ཐེབ་སོང་།།

སྐྱེ་ཞིང་འཆི་བའི་སྟོན་རླུང་ཐོལ་གྱིས་ལྡང་ཞིང་།།
ཟད་ཅིང་ཐོར་བའི་ཤ་རུས་བསགས་པའི་ལོ་མས།།
རྒྱུས་མེད་རི་ལུང་གཡང་གཟར་གཏུབ་པའི་ཉིན་ནས།།
མི་མཐོང་སེམས་ཀྱི་མེ་ལོང་ཞེ་ལ་འཛེར་ཡོད།།

མིག་ལ་མིག་གི་འོད་ཟེར་སྒྲོན་ཚོད་སྔ་རུང་།།
སེམས་ལ་སེམས་ཀྱི་ཐག་པ་མཐུད་ཚོད་ཕྱི་བས།།
འདུས་ཤིང་འབྲལ་བ་སྤྲིན་གྱི་བཀྲག་མདངས་དྲན་ཚེ།།
རང་ཤག་སྟོང་བ་འདི་ཡང་འོད་ཅིག་མི་འདུག།

ལྷ་ཡུལ་དབུ་ཡི་གཙུག་སྐྱེས་ཕུད་དེ་མཆོད་ཀྱང་།།
མི་ཡུལ་ཟས་རིན་སྤྲད་པའི་ལག་པ་ཐུང་བས།།
ཡུན་རིང་རུས་པར་སྦས་པའི་གསེར་གྱི་ཁུ་ཞག།
ཚེ་སྲོག་གཟར་བུས་བཅུས་ཏེ་ལན་གཅིག་མཆོད་འདོད།།

ཀྲོག་ཀྲོག་རྣ་བའི་བུ་ག་རྒྱང་ལ་འཕངས་ཀྱང་།།
ཟིམ་ཟིམ་མིག་གི་རིལ་བུ་གཞན་ལ་གཏད་རུང་།།
ན་ཟུག་རུམ་ཁར་རྒྱུ་བའི་རྨི་ལམ་ལྗོངས་སུ།།
འཇིག་རྟེན་གསར་བ་ཞིག་ལ་ལག་སྔ་རྩོད་འདུག།

                              ༢༠༡༡    ༦  ༡༣
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།