ས་མཐའི་བསམ་གཞིགས།


སེམས་འདུན་ཞིག་གི་ཁ་ཕྱོགས་བསྙེགས་ཏེ  
ཕ་ཡུལ་ནས་ལམ་ལ་ཆས་ནས་བཟུང་
ཁེར་རྐྱང་གི་འགྲུལ་བཞུད་རིང་མོའི་ལམ་སྣེར་འཇུས་ཏེ
ཡུལ་མཐར་འཁྱམ་དགོས་བྱུང་

རི་སྤྱང་བཞིན་ཕ་ཡུལ་བརྒལ་ཏེ
རླངས་འཁོར་ལས
ལེ་དབར་ཁྲི་ཕྲག་གིས་ཆོད་པའི་གྲོང་ཁྱེར་འདིའི་ལྟེ་བར་འཛུལ  

ཕྱིར་ཕ་ཡུལ་ལ་རྒྱང་ལྟ་བྱས་ཀྱང་
གྲོང་ཁྱེར་འདི་དུད་སྨུག་གིས་བཏུམས་པའི་མི་ཚོགས་ཀྱི་བཙོན་ར་རེད
འདི་ནས་ང་རང་གང་ལའང་འགྲོ་མ་ཐུབ
གཞན་གྱིས་བཤད་ན་གྲོང་ཁྱེར་ན་རྐུན་ཇག་མང་ཟེར

གྲོང་ཁྱེར་འདིའི་ཟུར་སྣེ་ཞིག་ནས་འགྲེང་སྟེ
འགྱེལ་བར་དོགས་པའི་ཁང་བརྩེགས་ཀྱི་བང་རིམ་ལ་ཧད་ཅིང་
འབུ་གྲོག་ལྟར་བྲེལ་བའི་མི་ཚོགས་ལ་ཅེར་ནས
ཡུན་རིང་ལུས

གལ་ཏེ
བང་རིམ་མཐོན་པའི་ཁང་བརྩེགས་གྱི་ངམ་ཁ་ནས
བློ་གཤོག་གི་རྩལ་ཤུགས་མེད་ན
གལ་ཏེ
ཁ་ཕྱོགས་མི་གསལ་བའི་མི་ཚོགས་ཀྱི་བགྲོད་ལམ་ནས
རང་ལ་དབང་བའི་ལམ་ཕྲན་ཞིག་མ་རྙེད་ན
གྲོང་ཁྱེར------བཙོན་ར
འདི་ནས་ནམ་ཞིག་ལ་ཐར་ཐུབ་བམ།

                                         ༢༠༡༠.༡༠.༣
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་མཐའི་བསམ་གཞིགས།

2011-06-27 སྙིང་གསོན་པོ། ཀློག་གྲངས། མཆན ཡོད།


སེམས་འདུན་ཞིག་གི་ཁ་ཕྱོགས་བསྙེགས་ཏེ  
ཕ་ཡུལ་ནས་ལམ་ལ་ཆས་ནས་བཟུང་
ཁེར་རྐྱང་གི་འགྲུལ་བཞུད་རིང་མོའི་ལམ་སྣེར་འཇུས་ཏེ
ཡུལ་མཐར་འཁྱམ་དགོས་བྱུང་

རི་སྤྱང་བཞིན་ཕ་ཡུལ་བརྒལ་ཏེ
རླངས་འཁོར་ལས
ལེ་དབར་ཁྲི་ཕྲག་གིས་ཆོད་པའི་གྲོང་ཁྱེར་འདིའི་ལྟེ་བར་འཛུལ  

ཕྱིར་ཕ་ཡུལ་ལ་རྒྱང་ལྟ་བྱས་ཀྱང་
གྲོང་ཁྱེར་འདི་དུད་སྨུག་གིས་བཏུམས་པའི་མི་ཚོགས་ཀྱི་བཙོན་ར་རེད
འདི་ནས་ང་རང་གང་ལའང་འགྲོ་མ་ཐུབ
གཞན་གྱིས་བཤད་ན་གྲོང་ཁྱེར་ན་རྐུན་ཇག་མང་ཟེར

གྲོང་ཁྱེར་འདིའི་ཟུར་སྣེ་ཞིག་ནས་འགྲེང་སྟེ
འགྱེལ་བར་དོགས་པའི་ཁང་བརྩེགས་ཀྱི་བང་རིམ་ལ་ཧད་ཅིང་
འབུ་གྲོག་ལྟར་བྲེལ་བའི་མི་ཚོགས་ལ་ཅེར་ནས
ཡུན་རིང་ལུས

གལ་ཏེ
བང་རིམ་མཐོན་པའི་ཁང་བརྩེགས་གྱི་ངམ་ཁ་ནས
བློ་གཤོག་གི་རྩལ་ཤུགས་མེད་ན
གལ་ཏེ
ཁ་ཕྱོགས་མི་གསལ་བའི་མི་ཚོགས་ཀྱི་བགྲོད་ལམ་ནས
རང་ལ་དབང་བའི་ལམ་ཕྲན་ཞིག་མ་རྙེད་ན
གྲོང་ཁྱེར------བཙོན་ར
འདི་ནས་ནམ་ཞིག་ལ་ཐར་ཐུབ་བམ།

                                         ༢༠༡༠.༡༠.༣
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།