ཕ་ཡུལ་ནས་ཕ་ཡུལ་འབྲི་དུས།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-13


ཕ་ཡུལ་ལ་ལོག་སྟེ
མགོ་བོ་ཕ་ཡུལ་ལ་བསྙེས་ཏེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ཡུན་རིང་ལ་མ་འཕྲད་པའི་རོགས་མཐུན་ཟུང་དང་འདྲ་བར
རྣ་བས་ཁྱོད་ལ་ཉན་ཞིང་ཁྱོད་ལ་གསན་དུས
དགའ་སྤྲོ་འདི་དང་སྐྱོ་ངལ་དེ་སུ་ལ་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
བྲང་གཞུང་ཕ་ཡུལ་ལ་གཏད་དེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ཡུན་རིང་ལ་ཉལ་མ་མྱོང་བའི་ཨ་མའི་ཕང་བ་བཞིན
ལུས་པོ་ཁྱོད་ལ་འཐམས་ཤིང་ཁྱོད་ལ་འཁྱུད་དུས
སྙིང་གཏམ་འདི་དང་སེམས་གཏམ་དེ་སུ་ལ་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
གོམ་ཁ་ཕ་ཡུལ་ལ་བསྒྱུར་ཏེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ཕ་ཁྱིམ་དྲོན་མོའི་བརྩེ་བ་འཐུང་ཞིང་རོལ་བཞིན
སེམས་པ་ཁྱོད་ལ་དུངས་ཤིང་ཁྱོད་ལ་ཞེན་པས
ཕྱི་ཡི་ཁང་བརྩེགས་དང་ལྟད་མོ་དག་སུ་ལ་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
སེམས་པ་ཕ་ཡུལ་ལ་གླན་ཏེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
བཙོང་ཚར་བའི་སྒོ་ཟོག་གི་ལྷས་ར་བཞིན
སྟོང་སང་ངེར་ལུས་པའི་ཆུང་དུས་ཀྱི་རྩེད་ར་དེར
ཕྱིར་དྲན་དང་དགོད་སྒྲ་དེ་ཇི་ལྟར་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
མིག་ཟུང་ཕ་ཡུལ་ལ་སྙེག་སྟེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ན་ཟླ་ཚོས་བྱིས་པ་དག་གཡས་ཁྲིད་གཡོན་སྐྱོར་བྱས་ཤིང
ཁ་སྤུ་དང་གཉེར་མས་བཟུང་བའི་ངོ་གདོང་དེ་མཐོང་བས
དྲན་གདུང་འདི་དང་འཁྲེང་སེམས་དེ་སུ་ལ་བཤད་ཨང
                                                                                    ༢༠༡༡ ༧ ༣༡  ཕ་ཡུལ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ནས་ཕ་ཡུལ་འབྲི་དུས།

2011-09-13 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ཕ་ཡུལ་ལ་ལོག་སྟེ
མགོ་བོ་ཕ་ཡུལ་ལ་བསྙེས་ཏེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ཡུན་རིང་ལ་མ་འཕྲད་པའི་རོགས་མཐུན་ཟུང་དང་འདྲ་བར
རྣ་བས་ཁྱོད་ལ་ཉན་ཞིང་ཁྱོད་ལ་གསན་དུས
དགའ་སྤྲོ་འདི་དང་སྐྱོ་ངལ་དེ་སུ་ལ་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
བྲང་གཞུང་ཕ་ཡུལ་ལ་གཏད་དེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ཡུན་རིང་ལ་ཉལ་མ་མྱོང་བའི་ཨ་མའི་ཕང་བ་བཞིན
ལུས་པོ་ཁྱོད་ལ་འཐམས་ཤིང་ཁྱོད་ལ་འཁྱུད་དུས
སྙིང་གཏམ་འདི་དང་སེམས་གཏམ་དེ་སུ་ལ་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
གོམ་ཁ་ཕ་ཡུལ་ལ་བསྒྱུར་ཏེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ཕ་ཁྱིམ་དྲོན་མོའི་བརྩེ་བ་འཐུང་ཞིང་རོལ་བཞིན
སེམས་པ་ཁྱོད་ལ་དུངས་ཤིང་ཁྱོད་ལ་ཞེན་པས
ཕྱི་ཡི་ཁང་བརྩེགས་དང་ལྟད་མོ་དག་སུ་ལ་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
སེམས་པ་ཕ་ཡུལ་ལ་གླན་ཏེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
བཙོང་ཚར་བའི་སྒོ་ཟོག་གི་ལྷས་ར་བཞིན
སྟོང་སང་ངེར་ལུས་པའི་ཆུང་དུས་ཀྱི་རྩེད་ར་དེར
ཕྱིར་དྲན་དང་དགོད་སྒྲ་དེ་ཇི་ལྟར་བཤད་ཨང
 
ཕ་ཡུལ་ལ་ལོག་སྟེ
མིག་ཟུང་ཕ་ཡུལ་ལ་སྙེག་སྟེ
ཕ་ཡུལ་ནས་ཕ་ཡུལ་འབྲི་དུས
ན་ཟླ་ཚོས་བྱིས་པ་དག་གཡས་ཁྲིད་གཡོན་སྐྱོར་བྱས་ཤིང
ཁ་སྤུ་དང་གཉེར་མས་བཟུང་བའི་ངོ་གདོང་དེ་མཐོང་བས
དྲན་གདུང་འདི་དང་འཁྲེང་སེམས་དེ་སུ་ལ་བཤད་ཨང
                                                                                    ༢༠༡༡ ༧ ༣༡  ཕ་ཡུལ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།