དད་འདུན་གྱིས་བཞེངས་པའི་གོས་སྐུ་བརྗིད་པོ།

                 __ ཞོ་སྟོན་དུས་ཆེན་ལ་ཕུལ་བ།
སྟོན་པ་རང་ཉིད་ཀྱི་ཁྲི་ལ་བཞུགས་ཏེ།
རྒྱུགས་བཞིན་པའི་སྐྱིད་ཆུ་ལ་ཕྱི་མིག་འཕེན་ཞོར།
བཞུར་ཐོན་པའི་མི་ཚོགས་ལ་ལག་བརྡ་བཏང་།
མི་ཚོགས་ཀྱང་གཡས་ནས་གཡོན་དུ་བཞུར་གྱིན་འདུག

ཁྲི་གདུགས་ཉི་མས་འོད་སྣང་ཡོད་ཚད་དེ་རིང་གི་དུས་འདི་ལ་ཕུལ་དུས།
མང་པོ་ཞིག་གིས་མིག་འཁྲུལ་ཞིག་གི་རྩེད་འཇོ་རུ་སེམས་ཤིང་།
རྒྱ་ཡན་གྱི་མགྲོན་པོ་བག་མར་བསུས།

བྲག་ངོས་སུ་འགྲེང་པའི་སྟོན་པ།
ཡིད་ཆེས་ཀྱི་དད་འདུན་དྲག་པོ་དེས།
ཇེ་མཐོ་ནས་ཇེ་མཐོར་ཕྱིན་ཞིང་།
མི་ཚོགས་ཀྱི་བཞུར་རྒྱུན་ཇེ་རིང་ནས་ཇེ་རིང་དུ་ཕྱིན་འགྲོ་ཨང་།

འོད་ཀྱི་ཟེགས་མ་སྔར་བཞིན་གོས་སྐུ་སྟེང་ལ་ལྷུང་།
མི་ཚོགས་སྔར་བཞིན་གཡས་ནས་གཡོན་དུ་བཞུར།
ཡིད་ཆེས་ཀྱི་དད་འདུན་སྔར་བཞིན་སྲ་ཞིང་འཁྲེགས།
སྟོན་པས་སྔར་བཞིན་འཛུམ་གྱིས་བསུས།
                       ༢༠༡༡ ༨ ༢༩ཉིན་ལྷ་ལྡན་དུ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དད་འདུན་གྱིས་བཞེངས་པའི་གོས་སྐུ་བརྗིད་པོ།

2011-09-11 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།

                 __ ཞོ་སྟོན་དུས་ཆེན་ལ་ཕུལ་བ།
སྟོན་པ་རང་ཉིད་ཀྱི་ཁྲི་ལ་བཞུགས་ཏེ།
རྒྱུགས་བཞིན་པའི་སྐྱིད་ཆུ་ལ་ཕྱི་མིག་འཕེན་ཞོར།
བཞུར་ཐོན་པའི་མི་ཚོགས་ལ་ལག་བརྡ་བཏང་།
མི་ཚོགས་ཀྱང་གཡས་ནས་གཡོན་དུ་བཞུར་གྱིན་འདུག

ཁྲི་གདུགས་ཉི་མས་འོད་སྣང་ཡོད་ཚད་དེ་རིང་གི་དུས་འདི་ལ་ཕུལ་དུས།
མང་པོ་ཞིག་གིས་མིག་འཁྲུལ་ཞིག་གི་རྩེད་འཇོ་རུ་སེམས་ཤིང་།
རྒྱ་ཡན་གྱི་མགྲོན་པོ་བག་མར་བསུས།

བྲག་ངོས་སུ་འགྲེང་པའི་སྟོན་པ།
ཡིད་ཆེས་ཀྱི་དད་འདུན་དྲག་པོ་དེས།
ཇེ་མཐོ་ནས་ཇེ་མཐོར་ཕྱིན་ཞིང་།
མི་ཚོགས་ཀྱི་བཞུར་རྒྱུན་ཇེ་རིང་ནས་ཇེ་རིང་དུ་ཕྱིན་འགྲོ་ཨང་།

འོད་ཀྱི་ཟེགས་མ་སྔར་བཞིན་གོས་སྐུ་སྟེང་ལ་ལྷུང་།
མི་ཚོགས་སྔར་བཞིན་གཡས་ནས་གཡོན་དུ་བཞུར།
ཡིད་ཆེས་ཀྱི་དད་འདུན་སྔར་བཞིན་སྲ་ཞིང་འཁྲེགས།
སྟོན་པས་སྔར་བཞིན་འཛུམ་གྱིས་བསུས།
                       ༢༠༡༡ ༨ ༢༩ཉིན་ལྷ་ལྡན་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།